ཡར་ཀླུང་གཙང་པོའི་གྲོག་རོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡར་ཀླུང་གཙང་པོའི་གྲོག་རོང་།
བོད་ལྗོངས་ཀྱི་ཡར་ཀླུང་གཙང་བོའི་སྨད་རྒྱུད་དུ་མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་དག་ཞིང་ཞེས་གྲགས་པའི་གནས་ཤིག་ཡོད་དེ། དེ་ནི་ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་པོ་རེད། ཡར་ཀླུང་གཙང་བོ་གྲོག་རོང་ཆེན་པོ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད། འཕྲེད་རྒྱུག་རི་རྒྱུད་གསུམ་གྱི་འབྲེལ་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雅鲁藏布大峡谷
ཕྱི་ཡིག་གི་མིང་།
Yarlung Zangbo Grand Canyon
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
མཚོ་འཕགས།
སྨི2880
རིང་ཚད།
སྟོང་སྨི504.6
ཟབ་ཚད།
ཆེས་ཟབ་སར་སྨི6009
ཁོངས་གཏོགས་ས་དབྱིབས།
མཚོ་བོད་མཐོ་སྒང་།
གྲུབ་པའི་དུས་ཚོད།
དུས་རབས་བཞི་བ།
གནམ་གཤིས།
དྲོད་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
བོད་ལྗོངས་ཉིང་ཁྲི་ས་ཁུལ།
མཛེས་ལྗོངས་གྲགས་ཆེན།
གནམ་ལྕགས་འབར་བའི་གངས་རི་མཐོན་པོ། ཉང་ཆུ་ཡར་ཀླུང་གཙང་པོ།
ཁོངས་གཏོགས་གྲོང་ཁྱེར།
བོད་ལྗོངས་ཉིང་ཁྲི།
མཛེས་ལྗོངས་རིམ་ཚད།
རིམ་ཚད AAAA
གནས་སྐོར་དུས་ཚིགས།
ཟླ5ནས10
1 ངོ་སྤྲོད།

བོད་ལྗོངས་ཀྱི་ཡར་ཀླུང་གཙང་བོའི་སྨད་རྒྱུད་དུ་མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་དག་ཞིང་ཞེས་གྲགས་པའི་གནས་ཤིག་ཡོད་དེ།  དེ་ནི་ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་པོ་རེད།  ཡར་ཀླུང་གཙང་བོ་གྲོག་རོང་ཆེན་པོ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད།  འཕྲེད་རྒྱུག་རི་རྒྱུད་གསུམ་གྱི་འབྲེལ་མཚམས་སུ་ཡོད་པ་དང་།  འཛམ་གླིང་གི་ཆེས་ཟབ་པའི་གྲོག་རོང་ཡིན།  རིང་ཚད་ནི་ཨ་རི་ཡི་ཁོ་ལུའོ་ལ་ཏུའོ་གྲོག་རོང་ལས་བརྒལ་བ་དང་། ཟབ་ཚད་ཕེ་རུ་ཡི་ཁོ་ཨེར་ཁ་གྲོག་རོང་ལས་ཀྱང་གཏིང་ཟབ་པ་རེད། 

2 མཛེས་ལྗོངས།

ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་པོའི་རིང་ཚད་ལ་སྟོང་སྨི504ཡོད་པ་དང་།  ཟབ་ཚད་ལ་སྨི་སྟོང་ལྔ་དང་ཆེས་ཟབ་སར་སྨི་སྟོང་དྲུག་ལྷག་ཡོད་པས། འཛམ་གླིང་གི་ཆེས་ཆེ་བའི་གྲོག་རོང་ཡིན།  གྲོག་རོང་ཁུལ་དུ་འཁྱགས་ཀླུང་དང་དཀན་གཟར།  བྲག་གཟར།  འདམ་རྡོའི་བཞུར་རྒྱུན་སོགས་རྦ་རླབས་དྲག་ཏུ་འཕྱོ་བའི་ཆུ་བོ་དང་བསྣོལ་མར་ཡོད་པས།  མི་གཅིག་ཀྱང་དེ་རུ་བསླེབས་མ་མྱོང་།  གནས་འདི་རུ་ཧ་ཅང་མཐོང་དཀོན་པའི་སྐྱེ་དངོས་རིགས་མང་པོ་ཡོད་པར་མ་ཟད།  ད་དུང་འོ་འཐུང་སྲོག་ཆགས་ཀྱི་རིགས་དང་།  སྲིན་འབུ་དང་འབུ་ཕྲ་ཆེ་གྲས་སོགས་ཡོད་པས།  སྐྱེ་དངོས་ཐོན་ཁུངས་རྒྱུན་འཛིན་གྱི་གཞི་རྩའི་གཏེར་མཛོད་ཅེས་གྲགས་པ་རེད།    ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་པོ་ནི་མདོ་དབུས་མཐོ་སྒང་གི་ཆེས་ངོ་མཚར་ཆེ་བའི་གནས་ཡིན་པ་དང་།  ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་བས་ས་གནས་ཁ་ཤས་སུ་ཧ་ཅང་བགྲོད་དཀའ་བ་རེད།  སྤྱི་ལོ1994ལོར་ཀྲུང་གོའི་ཚན་རིག་པས་ཚན་རིག་རྟོག་ཞིབ་རུ་ཁག་རྩ་འཛུགས་བྱས་ཏེ་གནས་འདིར་རྟོག་ཞིབ་བྱས། ཀྲུང་གོའི་ཚན་རིག་པས་ལོ་བཅུ་ཕྲག་ཁ་ཤས་ལ་དཀའ་བསྐྱེད་འབད་བརྩོན་གྱིས་གྲོག་རོང་ཆེན་པོར་ཕྱོགས་བསྡུས་རྟོག་ཞིབ་བྱས་ཤིང་། རྩ་བའི་ཁྱད་ཆོས་སྤྱི་བསྡོམས་བྱས་ཏེ་མིང་ཚིག་བཅུ་ཡིས་འཐུས་པར་བྱས་ཡོད་དེ།  དེ་དག་ནི་མཐོ་བ་དང་བརྗིད་ཆགས་པ།  ཟབ་པ།  རླན་གཤེར་ཆེ་བ།  གནས་དབེན་པ།  རིང་བ་དང་བགྲོད་དཀའ་བ།  དམའ་བ།  ངོ་མཚར་བ།  མཛེས་པ་བཅས་ཡིན་ནོ། །  དུས་དེ་ནས་བཟུང་ཡར་ཀླུང་གཙང་བོའི་གསང་བ་ལྐོག་གྱུར་གྱི་ཡོལ་བ་དེ་ཚལ་བར་གཤགས་པར་མ་ཟད།  དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་གྲོག་རོང་ཆེན་པོ་ཡིན་པའང་ཤེས་རྟོགས་བྱུང་བ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།