ཀྲུང་གོ་ས་གཤིས་སློབ་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་ས་གཤིས་སློབ་ཚོགས།
ཀྲུང་གོ་ས་གཤིས་སློབ་ཚོགས་ནི་ཀྲུང་གོ་ས་གཤིས་ཚན་རྩལ་གྱི་ལས་ཀ་གཉེར་མཁན་གྱིས་གྲུབ་པའི་སློབ་ཚོགས་རང་བཞིན་གྱི་མང་ཚོགས་ཚོགས་པ་ཞིག་ཡིན། དེའི་གཙོ་གཉེར་ལས་ཁུངས་ནི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཡིན་ཞིང་། ཟུར་རྟེན་སྡེ་ཁག་ནི་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡིན་པ་དང་ཀྲུང་གོ་ས་གཤིས་ཚན་རིག་གླིང་དུ་གསར་འཛུགས་བྱས་ཡོད། ཀྲུང་གོ་ས་གཤིས་སློབ་ཚོགས་ནི་སྤྱི་ལོ1922ལོའི་ཟླ2པའི་ཚེས3ཉིན་པེ་ཅིང་དུ་གསར་འཛུགས་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国地质学会
ཕྱི་ཡིག་གི་མིང་།
Geological Society of China
གསར་འཛུགས་དུས་ཚོད།
སྤྱི་ལོ1922ལོའི་ཟླ2པའི་ཚེས3ཉིན།
སྤྱི་ཁྱབ་པུའུ།
པེ་ཅིང་།
ངོ་བོ།
སློབ་ཚོགས་རང་བཞིན་གྱི་མང་ཚོགས་ཚོགས་པ།
གཙོ་གཉེར་ལས་ཁུངས།
ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས།
1 ངོ་སྤྲོད།

ཀྲུང་གོ་ས་གཤིས་སློབ་ཚོགས་ནི་ཀྲུང་གོ་ས་གཤིས་ཚན་རྩལ་གྱི་ལས་ཀ་གཉེར་མཁན་གྱིས་གྲུབ་པའི་སློབ་ཚོགས་རང་བཞིན་གྱི་མང་ཚོགས་ཚོགས་པ་ཞིག་ཡིན།  དེའི་གཙོ་གཉེར་ལས་ཁུངས་ནི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཡིན་ཞིང་།  ཟུར་རྟེན་སྡེ་ཁག་ནི་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡིན་པ་དང་ཀྲུང་གོ་ས་གཤིས་ཚན་རིག་གླིང་དུ་གསར་འཛུགས་བྱས་ཡོད།   ཀྲུང་གོ་ས་གཤིས་སློབ་ཚོགས་ནི་སྤྱི་ལོ1922ལོའི་ཟླ2པའི་ཚེས3ཉིན་པེ་ཅིང་དུ་གསར་འཛུགས་བྱས་པ་ཡིན།

2 ལས་སྒོའི་ཁྱབ་ཁོངས།

གཅིག  རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རས་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་ས་གཤིས་ཚན་རྩལ་མཐུན་ཚོགས་དང་ས་གཤིས་རིག་པ་རྣམས་ཀྱི་འབྲེལ་བ་ཤུགས་སྣོན་བྱེད་དགོས། 

གཉིས།  རང་སློབ་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་ས་གཤིས་ཚན་རྩལ་དུས་དེབ་རྩོམ་སྒྲིག་དང་པར་སྐྲུན། འགྲེམ་སྤེལ་བྱེད་དགོས། 

གསུམ།  སྤྱི་ཚོགས་ཡོངས་ལ་ས་གཤིས་ཚན་རིག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་པ། 

བཞི།  གསོ་སྦྱོང་འཛིན་གྲྭ་བཙུགས་ནས་སྔོན་ཐོན་གྱི་ས་གཤིས་གཞུང་ལུགས་དང་ལག་རྩལ་སློབ་སྦྱོང་བྱེད་པ། 

ལྔ།  གཙོ་གཉེར་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པའི་བྱ་བ་དང་ལེན་བྱས་ཏེ་འོས་འགན་འགྲུབ་པར་བྱེད་དགོས། 

དྲུག  ས་གཤིས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་ཕུལ་བྱུང་ཅན་གྱི་མི་སྣར་གཟེངས་བསྟོད་བྱེད་པ། 

བདུན།  ཏང་དང་སྲིད་གཞུང་། འབྲེལ་ཡོད་ཀྱི་ལས་ཁུངས་ལ་ས་གཤིས་ཚན་རྩལ་གྱི་བྱ་བ་གཉེར་མཁན་གྱི་བསམ་འཆར་གོང་རིམ་ལ་སྙན་ཞུ་བྱེད་པ་དང་དེ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་བཅས་ཡིན། 

3 ཚོགས་མིའི་དབང་ཆ།

གཅིག  འདེམས་བྱེད་དབང་ཆ་དང་གདམ་བྱའི་དབང་ཆ།  བརྡས་ཐག་གཅོད་དབང་ཡོད་པ། 

གཉིས།  རང་སློབ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་དང་ཚན་རིག་རྟོག་ཞིབ།  ཚན་རྩལ་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་དབང་ཆ་ཡོད། 

གསུམ། རང་སློབ་ཚོགས་དང་འབྲེལ་ཡོད་ཀྱི་ཡིག་ཆ་སྔོན་ལ་ཐོབ་པའི་དབང་ཆ་ཡོད། 

བཞི།  རང་སློབ་ཚོགས་ཀྱི་བྱ་བར་བསམ་འཆར་འདོན་པ་དང་ལྟ་སྐུལ་གནང་བའི་དབང་ཆ་ཡོད།

ལྔ།  རང་སློབ་ཚོགས་དང་འབྲེལ་ཡོད་ཀྱི་བྱ་དགའ་ལེན་པར་རེ་འདུན་ཞུ་བའི་དབང་ཆ་ཡོད་པ། 

དྲུག  སློབ་ཚོགས་ལ་ཞུགས་པར་རང་འཐད་ཡིན་པ་དང་སློབ་ཚོགས་ལས་འབུད་པར་རང་དབང་ཡིན། 

4 ཚོགས་མིའི་འོས་འགན།

གཅིག སློབ་ཚོགས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་རང་སློབ་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པ། 

གཉིས།  རང་སློབ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།

གསུམ།  རང་སློབ་ཚོགས་ཀྱིས་བགོས་པའི་འོས་འགན་འགྲུབ་དགོས་པ། 

བཞི།  སྒྲིག་ལམ་ལྟར་ཚོགས་ཡོན་སྤྲོད་པ་བཅས་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།