ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་།
ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཡི་མིང་ཆ་ཚང་ནི་ཀྲུང་གུང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་ཞིང་། དེ་ནི་ཏང་གི་ཀྲུང་དབྱང་མངགས་གཏོང་ལས་ཁུངས་ཤིག་ཡིན་ལ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་བྱ་བར་འགོ་ཁྲིད་མཛད་པ་ཡིན། ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་སྣ་ནི་ཀྲུང་དབྱང་གིས་བསྐོ་བཞག་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机关工委
ཕྱི་ཡིག་གི་མིང་།
Work Committee for Offices
མིང་ཆ་ཚང་།
ཀྲུང་གུང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་།
འོས་འགན་གཙོ་བོ།
ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་གྱི་འཆར་འགོད་འདོན་པ།
1 ངོ་སྤྲོད།

ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཡི་མིང་ཆ་ཚང་ནི་ཀྲུང་གུང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་ཞིང་།  དེ་ནི་ཏང་གི་ཀྲུང་དབྱང་མངགས་གཏོང་ལས་ཁུངས་ཤིག་ཡིན་ལ།  ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་བྱ་བར་འགོ་ཁྲིད་མཛད་པ་ཡིན།   ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་སྣ་ནི་ཀྲུང་དབྱང་གིས་བསྐོ་བཞག་བྱེད་པ་ཡིན།

2 འགན་ཁུར་གཙོ་བོ།

ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་ནི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་འཆར་གཞི་འདོན་པ་དང་གཞི་རིམ་རྩ་འཛུགས་ལ་སློབ་སྟོན་བྱེད་པ།  ཏང་གི་བསམ་བློ་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན།  སྤྱོད་ཚུལ་འཛུགས་སྐྲུན་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་ཏང་ཡོན་མི་སྣའི་དོ་དམ་གྱི་བྱ་བ་སྒྲུབ་པ།  ལས་ཁུངས་སོ་སོས་འདེམས་བསྐོ་བྱས་པའི་ལས་ཁུངས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པར་ཞིབ་བཤེར་ཆོག་མཆན་བྱ་བའི་འགན་ཁུར་དགོས་པ།  ཏང་གི་སྒྲིག་ཁྲིམས་ལྟར།  ཏང་ཡོན་མི་སྣར་ལྟ་སྐུལ་བྱས་ནས་དུས་ལྟར་ཀྲུང་དབྱང་ལ་འགོ་ཁྲིད་རྣམས་ཀྱི་གནས་ཚུལ་ཡར་ཞུ་བྱེད་པ།  ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་གཞན་པའི་ལས་ཀ་ལག་བསྟར་བྱེད་པ་སོགས་ཡིན། 

3 འགན་འཁྲི་གཙོ་བོ།

གཅིག  རིམ་པ་སོ་སོའི་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་བར་འགོ་ཁྲིད་མཛད་པ།

གཉིས།  ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་འགན་ཁུར་བ།

གསུམ།  རིམ་པ་སོ་སོའི་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་འགན་ཁུར་བ།

བཞི།  གྲོང་ཁྱེར་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ནམ་ཏང་ཡོན་འགོ་གཙོའི་སློབ་གསོ་དང་དོ་དམ།  ལྟ་སྐུལ་ལག་བསྟར་ལ་འགན་ཁུར་བ་དང་།  ལས་ཁུངས་ཀྱི་བྱ་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ།

ལྔ།  རིམ་པ་སོ་སོའི་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཨུའི་ལས་བྱེད་མི་སྣའི་སློབ་གསོ་དང་ཏང་ཞུགས་མི་སྣའི་གསོ་སྦྱོང་བྱ་བར་འགན་ཁུར་བ།

དྲུག     ཀྲུང་གུང་རིམ་པ་སོ་སོའི་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་ལ་འགོ་ཁྲིད་མཛད་པ། 

བདུན།  རིམ་པ་སོ་སོའི་ལས་ཁུངས་ཀྱི་ཏང་ཨུ་དང་ལས་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ལས་སྒོའི་སློབ་སྟོན་གནང་བ། 

བརྒྱད།  གོང་རིམ་ཏང་ཨུ་ཡིས་བཀོད་སྒྲིག་བྱས་པའི་ལས་ཀ་གཞན་དག་སྒྲུབ་འགན་ཁས་ལེན་བྱེད་པ་བཅས་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།