ལས་ཁུངས་ཀྱི་ཏང་ཨུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་ཁུངས་ཀྱི་ཏང་ཨུ།
ལས་ཁུངས་ཀྱི་ཏང་ཨུ་ནི་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཁྲོད་གསར་འཛུགས་བྱས་པའི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ཡིན། ལས་ཁུངས་ཀྱི་ཏང་ཨུ་ཡིས་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་དང་ཡང་ན་ཏང་གི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་བྱ་བ་བསྒྲུབ་པ་དང་དུས་མཚུངས་སུ་རང་སྡེ་ཁག་གི་ཏང་ཙུའུ་ཡི་མཛུབ་སྟོན་དང་ལེན་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机关党委
ཕྱི་ཡིག་གི་མིང་།
party committee of institution
གོང་རིམ་རྩ་འཛུགས།
ཆོག་མཆན་བཀོད་ནས་དེ་གསར་འཛུགས་བྱས་པའི་ཏང་རྩ་འཛུགས།
བྱེད་ནུས།
ལྟ་སྐུལ་ཁག་ཐེག་བྱ་བ།
འོས་འགན་གཙོ་བོ།
བསམ་བློ་དང་རྩ་འཛུགས། ཀུན་སྤྱོད་འཛུགས་སྐྲུན།
1 ངོ་སྤྲོད།

ལས་ཁུངས་ཀྱི་ཏང་ཨུ་ནི་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཁྲོད་གསར་འཛུགས་བྱས་པའི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ཡིན།  ལས་ཁུངས་ཀྱི་ཏང་ཨུ་ཡིས་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་དང་ཡང་ན་ཏང་གི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་བྱ་བ་བསྒྲུབ་པ་དང་དུས་མཚུངས་སུ་རང་སྡེ་ཁག་གི་ཏང་ཙུའུ་ཡི་མཛུབ་སྟོན་དང་ལེན་བྱེད་དགོས། 

ལས་ཁུངས་ཀྱི་ཏང་ཨུ་ནི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པ་དང་། དེས་ལྟ་སྐུལ་གྱི་ནུས་པ་ཐོན་པ་ཡིན་ཞིང་། རང་ལས་ཁུངས་ཀྱི་ལས་སྒོའི་བྱ་བ་ལ་འགོ་ཁྲིད་བྱེད་པ་མིན།  དེའི་འོས་འགན་གཙོ་བོ་ནི་ཏང་གི་བསམ་བློ་དང་རྩ་འཛུགས།  ཀུན་སྤྱོད་འཛུགས་སྤེལ་སོགས་ལ་དོ་དམ་བྱས་ནས་སྡེ་ཁག་གི་བྱ་བ་སོ་སོར་སྐུལ་འདེད་བྱེད་པ་དེ་ཡིན།

2 འོས་འགན་གཙོ་བོ།

གཅིག  ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ།  ཏང་ཀྲུང་དབྱང་དང་གོང་རིམ་གྱི་རྩ་འཛུགས།  རང་སྡེ་ཁག་གི་རྩ་འཛུགས་ཀྱི་གྲོས་དོན་ཆོད་ཡིག་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ།  སྲིད་འཛིན་འགན་ཁུར་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་རང་ལས་ཁུངས་ཀྱི་ཕྲག་ཏུ་འཁུར་ཡོད་པའི་འོས་འགན་འགྲུབ་པར་བྱེད་པ།

གཉིས།  ཏང་ཡོན་མི་སྣར་རྩ་འཛུགས་བྱས་ཏེ་ནན་གྱིས་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་དོན།  ཏེང་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་དང་ཏང་གི་ལམ་ཕྱོགས།  བྱེད་ཕྱོགས།  སྲིད་ཇུས་དང་གྲོས་ཆོད་སོགས་སློབ་སྦྱོང་བྱེད་པ།  ཚན་རིག་དང་རིག་གནས། 

ལས་སྒོའི་ཤེས་བྱ་སོགས་སློབ་སྦྱོང་བྱེད་པ། 

གསུམ།  ཏང་ཡོན་ལ་ནན་གྱིས་དོ་དམ་བྱེད་པ་དང་རང་ཉིད་ཀྱི་འོས་འགན་སྒྲུབ་པར་སྐུལ་འདེད་བྱེད་པ།  ཏང་ཡོན་གྱི་དབང་ཆར་བཙན་གནོད་མི་ཕོག་པར་འགན་ལེན་བྱེད་དགོས། 

བཞི།  ཏང་ཡོན་ལ་ལྟ་སྐུལ་བྱས་ནས་ནན་གྱིས་ཏང་གི་སྒྲིག་ལམ་ལག་བསྟར་བྱེད་པ་དང་ཏང་སྲོལ་སྲིད་གཙང་རྩ་འཛུགས་ལ་ཤུགས་སྣོན་བྱེད་པ། 

ལྔ།  སྡེ་ཁག་གི་ལས་བྱེད་མི་སྣ་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བ་ལེགས་པར་བསྒྲུབ་པ་དང་སྡེ་ཁག་གི་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།  མི་དམངས་ལ་རོགས་རམ་བྱས་ཏེ་དོན་དངོས་ཀྱི་དཀའ་ངལ་སེལ་བ། 

དྲུག  ཏང་ཞུགས་མི་སྣར་སློབ་གསོ་གཏོང་བ་དང་གསོ་སྐྱོང་བྱེད་པ།   

བདུན།   ཏང་ཙུའུ་ལ་རོགས་འདེགས་བྱས་ཏེ་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་མང་ཚོགས་རྩ་འཛུགས་ཀྱི་ལས་བྱེད་མི་སྣར་དོ་དམ་བྱེད་པ།   ལས་ཁུངས་སྲིད་འཛིན་མི་སྣའི་བསྐོ་བཞག་དང་སྐོང་འཐེན།   བྱ་དགའ་དང་ཆད་པ་སོགས་ཀྱི་བསམ་འཆར་དང་གྲོས་གཞི་འདོན་པ།

བརྒྱད།  ལས་ཁུངས་ཀྱི་བཟོ་ཚོགས་དང་གུང་གཞོན་ཚོགས་པ།   བུད་མེད་ཨུ་ཡོན་ལྷན་ཁང་སོགས་མང་ཚོགས་རྩ་འཛུགས་ལ་འགོ་ཁྲིད་དེ།   རྩ་འཛུགས་འདི་དག་གིས་རང་རང་གི་སྒྲིག་ཁྲིམས་ལྟར་ཁེར་རྐྱང་གིས་བྱ་བ་སྤེལ་བར་འགན་ཁུར་བ་ལ་རྒྱབ་སྐྱོར་བྱེད་པ། 

དགུ།  ཏང་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་འབྲེལ་བ་གཞིར་བཟུང་ནས།   ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་བར་འགོ་ཁྲིད་པ་བཅས་ཡིན།

3 ཏང་ཙུའུ་ཡི་འབྲེལ་བ།

ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཨུ་ནི་སློབ་སྟོན་གྱི་འབྲེལ་བ་ཡིན་པ་ལས་འགོ་ཁྲིད་ཀྱི་འབྲེལ་བ་མིན།  ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཨུ་གཉིས་ལ་རང་རང་གི་འོས་འགན་ཡོད།  ཏང་ཙུའུ་ཡི་འོས་འགན་ནི་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་རང་ལས་ཁུངས་སུ་མངོན་འགྱུར་བྱེད་དུ་འཇུག་པ་དང་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་བྱས་པའི་འོས་འགན་འགྲུབ་པར་བྱེད་པ།  རང་ལས་ཁུངས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ་སློབ་སྟོན་གནང་ནས་གནད་དོན་ཐག་གཅོད་བྱེད་པ་དེ་ཡིན།  ལས་ཁུངས་ཀྱི་ཏང་ཨུ་ནི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན།   སྤྱོད་ཚུལ་འཛུགས་སྐྲུན་སོགས་ལ་ཤུགས་སྣོན་བྱེད་པ།  བཟོ་ཚོགས་ལ་འགོ་ཁྲིད་དང་གུང་གཞོན་ཚོགས་པ་ལ་རྩ་འཛུགས་བྱས་ཏེ་མཉམ་པོར་སྲིད་འཛིན་འོས་འགན་འགྲུབ་པར་ཁག་ཐེག་དང་ལྟ་སྐུལ་བྱེད་པ་ཡིན།  ལས་ཁུངས་ཀྱི་ཏང་ཨུ་ཡིས་རང་འགུལ་སྒོས་ཏང་ཙུའུ་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་།  གནས་ཚུལ་ཡར་ཞུ།  རང་འགུལ་གྱིས་ཏང་ཙུའུ་ཡིས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་བྱ་བར་མཛུབ་སྟོན་བྱེད་པ་བརྩོན་ལེན་དང་དང་ལེན་བྱེད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།