འབའ་སམ་སྨན་མར་ཁ་ཚར་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་བོད་ཀྱི་གསོ་རིག་ལས་སྟོབས་སྐྱེད་སྨན་རིགས་ཤིག་ཡིན་ཏེ། ར་མཉེ། ཉེ་ཤིང། ལྕ་བ། བ་སྤྲུ། གཟེ་མ། ཨ་རུ་ར། བ་རུ། སྐྱུ་རུ་ར་སོགས་ཀྱིས་གྲུབ་པ་དང་། ལུས་སྟོབས་སྐྱེད་པར་བྱེད་ཅིང་རྒས་དཀའ་སྲ་བ་དང། མཁལ་ནུས་གསོ་ཞིང་ཁུ་བ་འཕེལ་བར་བྱེད། བློ་གྲོས་འཕེལ་བ། མེ་དྲོད་གསོ་ཞིང་ལུས་ཟུངས་ཀྱི་དྭངས་མ་འཕེལ་བ་སོགས་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྣམ་པ།
རིལ་བུ།
ཚད་གཞི།
རིལ་བུ་རེར་ལྗིད་ཚད་ཁེ9ཡོད།
1 སྨན་སྦྱོར།

ར་མཉེ། ཉེ་ཤིང། ལྕ་བ། བ་སྤྲུ། གཟེ་མ། ཨ་རུ་ར། བ་རུ། སྐྱུ་རུ་ར། དབྱར་རྩྭ་དགུན་འབུ། དབང་པོ་ལག་པ། སྔོ་རྟག་ངུ། མར། འོ་མ། སྦྲང་རྩི་སོགས་ལས་གྲུབ་པ་ཡིན།

2 ཕན་ནུས།

ལུས་སྟོབས་སྐྱེད་པར་བྱེད་ཅིང་རྒས་དཀའ་སྲ་བ་དང། མཁལ་ནུས་གསོ་ཞིང་ཁུ་བ་འཕེལ་བར་བྱེད། བློ་གྲོས་འཕེལ་བ། མེ་དྲོད་གསོ་ཞིང་ལུས་ཟུངས་ཀྱི་དྭངས་མ་འཕེལ་བ། གཞན་བད་རླུང་སོགས་རླུང་ནད་ཀུན་དང་། མཁལ་རྐེད་ཆུ་སེར་སོགས་གྲང་ནད་ཀུན་ལ་ཕན་པ་ཡིན།

3 ངོ་བོ།

སྨན་སྦྱོར་འདི་ཁ་དོག་དཀར་སེར་དང་དྲི་ཞིམ་ཞིང་རོ་མངར་བ། རིལ་ཆེན་ནུས་པ་དྲོད་ལ་བཟི་མེད་པ་ཞིག་ཡིན།

4 བསྟེན་ཐབས།

ཐོ་རེངས་ལྟོ་སྟོང་གི་དུས་སུ་རིལ་བུ་རེ་གཏོང་དགོས།

5 ཉར་ཐབས།

སྣོད་ཀྱི་ཁ་བཀབ་ནས་བརླན་མེད་པའི་བསིལ་སར་འཇོག་དགོས།

6 ཚད་གཞི།

རིལ་བུ་རེར་ལྗིད་ཚད་ཁེ9ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།