རྒྱུད་འབྲེལ་ཚོང་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུད་འབྲེལ་ཚོང་ཁང་།
རྒྱུད་འབྲེལ་ཚོང་ཁང་ནི་གཞི་ཁྱོན་ཆུང་བ་དང་ཐར་ཐོར་ཡིན་པ། རིགས་གཅིག་པའི་ཚོང་ཟོག་གཉེར་སྐྱོང་བྱེད་པའི་སིལ་འཚོང་ཁང་ཡིན་ཞིང་། སྤྱི་ཁྱབ་པུའུ་ཡི་རྩ་འཛུགས་འགོ་ཁྲིད་འོག གཅིག་གྱུར་གྱི་གཉེར་སྐྱོང་བྱེད་ཕྱོགས་དང་གཅིག་གྱུར་གྱི་གཉེར་སྐྱོང་བྱེད་སྒོ། གཅིག་བསྡུས་ཀྱི་ཉོ་སྒྲུབ་དང་ཐར་ཐོར་གྱི་ཕྱིར་འཚོང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལག་བསྟར་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
连锁店
ཕྱི་ཡིག་གི་མིང་།
multiple shop or chain store
བྱ་ཡུལ།
འཛད་སྤྱོད་པ།
རྩ་འཛུགས།
མནའ་ཞུགས།
1 ངོ་སྤྲོད།

རྒྱུད་འབྲེལ་ཚོང་ཁང་ནི་གཞི་ཁྱོན་ཆུང་བ་དང་ཐར་ཐོར་ཡིན་པ། རིགས་གཅིག་པའི་ཚོང་ཟོག་གཉེར་སྐྱོང་བྱེད་པའི་སིལ་འཚོང་ཁང་ཡིན་ཞིང་།  སྤྱི་ཁྱབ་པུའུ་ཡི་རྩ་འཛུགས་འགོ་ཁྲིད་འོག  གཅིག་གྱུར་གྱི་གཉེར་སྐྱོང་བྱེད་ཕྱོགས་དང་གཅིག་གྱུར་གྱི་གཉེར་སྐྱོང་བྱེད་སྒོ། གཅིག་བསྡུས་ཀྱི་ཉོ་སྒྲུབ་དང་ཐར་ཐོར་གྱི་ཕྱིར་འཚོང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལག་བསྟར་བྱེད་པ་ཡིན།  རྒྱུད་འབྲེལ་ཚོང་ཁང་དེ་ཐད་གཉེར་རྒྱུད་འབྲེལ་ཚོང་ཁང་དང་དམིགས་བསལ་མནའ་ཞུགས་རྒྱུད་འབྲེལ་ཚོང་ཁང་བཅས་རིགས་གཉིས་སུ་དབྱེ་ཞིང་།   རྗེས་མ་ནི་རྒྱུད་འབྲེལ་ཚོང་ཁང་གཉེར་བའི་མཐོ་རིམ་རྣམ་པ་ཡིན།   རྒྱུད་འབྲེལ་ཚོང་ཁང་གི་རྣམ་པར་སྡེབ་འཚོང་དང་སིལ་འཚོང་སོགས་ཀྱི་ལས་རིགས་འདུ་ཞིང་།   བཟའ་བཏུང་དང་ཞབས་ཞུའི་ལས་རིགས་སོགས་ཚང་མ་རྒྱུད་འབྲེལ་ཚོང་ཁང་གི་རྣམ་པའི་སྒོ་ནས་གཉེར་ཆོག་པ་ཡིན།

2 གཉེར་སྐྱོང་ཁྱད་ཆོས།

རྒྱུད་འབྲེལ་ཚོང་ཁང་ལ་གཉེར་སྐྱོང་གི་འདུ་ཤེས་དང་ཁེ་ལས་ཀྱི་དབྱེ་འབྱེད་མ་ལག གཉེར་སྐྱོང་ཚོང་རྟགས།  ཚོང་ཟོག་དང་ཞབས་ཞུ། གཉེར་སྐྱོང་དོ་དམ་བཅས་ཕྱོགས་བཞིའི་གཅིག་གྱུར་རང་བཞིན་ལྡན། 

3 དབྱེ་འབྱེད་ཚད་གཞི།

རྒྱུད་འབྲེལ་ཚོང་ཁང་དང་ཐད་འཚོང་ཁང་གཉིས་ཀྱི་དབྱེ་འབྱེད་ཚད་གཞི་ནི་སོ་སོའི་བདག་དབང་དང་གཉེར་སྐྱོང་བྱེད་མཁན་བར་གྱི་ཁྲིམས་ལུགས་ཀྱི་འབྲེལ་བ་ལྟར་དབྱེ་བ་འབྱེད་པ་ཡིན།  མི་མཐུན་ས་གཙོ་བོ་ནི་ཐད་འཚོང་ཁང་ནི་བདག་དབང་ཀུང་ཟི་ལ་གཏོགས་པ་དང་ཀུང་ཟིའི་དོ་དམ་བྱེད་པ་ཡིན།  རྒྱུད་འབྲེལ་ཚོང་ཁང་ནི་ཀུང་ཟིས་རང་ཉིད་ཀྱི་ཁྲོམ་ར་ཇེ་ཆེར་གཏོང་ཆེད།  ཐད་འཚོང་ཁང་མང་པོ་ཞིག་གསར་འཛུགས་བྱས་པ་དེ་ལ་ཟེར།  རྒྱུད་འབྲེལ་ཚོང་ཁང་ངོ་བོའི་སྟེང་ནས་ཐད་འཚོང་ཁང་ཞིག་ཡིན་པ་དང་། ཐད་འཚོང་ཁང་མང་པོ་ནི་རྒྱུད་འབྲེལ་ཚོང་ཁང་ཡིན།  སྤྱིར་བཤད་ན་རྒྱུད་འབྲེལ་ཚོང་ཁང་ལ་གཅིག་གྱུར་གྱིCIཡོད།

4 རྣམ་པ།

གཅིག  ཡན་ལག་ཚོང་ཁང་གི་ས་ཁུལ་ཁྱབ་ཚུལ་ལྟར་དབྱེ་ན་ས་གནས་རང་བཞིན་གྱི་རྒྱུད་འབྲེལ་དང་རྒྱལ་ཡོངས་རང་བཞིན་གྱི་རྒྱུད་འབྲེལ། རྒྱལ་སྤྱིའི་རང་བཞིན་གྱི་རྒྱུད་འབྲེལ་བཅས་རྣམ་པ་གསུམ་ཡོད།   ས་གནས་རང་བཞིན་གྱི་རྒྱུད་འབྲེལ་ཚོང་ཁང་ནི་སྤྱི་ཁྱབ་ཚོང་ཁང་དང་ཡན་ལག་ཚོང་ཁང་ཐམས་ཅད་གྲོང་ཁྱེར་གཅིག་གམ་ས་གནས་གཅིག་ཏུ་ཡོད་པ་དེ་ལ་ཟེར།  གལ་ཏེ་གྲོང་ཁྱེར་གཞན་པ་རུ་ཡན་ལག་ཚོང་ཁང་ཡོད་ཚེ་དེ་ནི་རྒྱལ་ཡོངས་རང་བཞིན་གྱི་རྒྱུད་འབྲེལ་ཚོང་ཁང་ཟེར།  གལ་ཏེ་རྒྱལ་མཚམས་བརྒལ་པ་ན་རྒྱལ་སྤྱིའི་རང་བཞིན་གྱི་རྒྱུད་འབྲེལ་ཚོང་ཁང་ཟེར། 

གཉིས།  སྤྱི་ཁྱབ་ཚོང་ཁང་ཡོད་སའི་ས་གནས་ལྟར་དབྱེ་ན་ས་གནས་རྒྱུད་འབྲེལ་དང་ཀྲུང་དབྱང་རྒྱུད་འབྲེལ་གཉིས་ཡོད།  ས་གནས་རྒྱུད་འབྲེལ་ནི་རྒྱུད་འབྲེལ་ཚོང་ཁང་གི་སྤྱི་ཁྱབ་པུའུ་ས་གནས་གྲོང་ཁྱེར་དུ་ཡོད་པ་དེ་ལ་ཟེར།  ཀྲུང་དབྱང་རྒྱུད་འབྲེལ་ནི་རྒྱུད་འབྲེལ་ཚོང་ཁང་གི་སྤྱི་ཁྱབ་པུའུ་རྒྱལ་ས་པེ་ཅིང་དུ་ཡོད་པ་དང་ཡན་ལག་ཚོང་ཁང་རྒྱལ་ཡོངས་ཀྱི་ས་གནས་དང་ཕྱིའི་རྒྱལ་ཁབ་སོ་སོ་རུ་ཡོད་པ་དེ་ལ་ཟེར། 

གསུམ།  གཉེར་སྐྱོང་རྣམ་པའི་ཐད་ནས་དབྱེ་ན་ཚད་ལྡན་གྱི་རྒྱུད་འབྲེལ་ཚོང་ཁང་དང་དམིགས་བསལ་གྱི་རྒྱུད་འབྲེལ་ཚོང་ཁང་།  རང་དབང་གི་རྒྱུད་འབྲེལ་ཚོང་ཁང་བཅས་གསུམ་ཡོད།  དེ་ནི་རྒྱུད་འབྲེལ་ཚོང་ཁང་གི་ཆེས་སྤྱིར་བཏང་གི་རིགས་དབྱེ་ཐབས་ཤིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།