རྒྱལ་སྲིད་སྤྱི་ཁྱབ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་ལས་འཛིན་ལས་ཁུངས་ཡིན་པ་དང་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཙུང་ལི་དང་ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱིས་གྲུབ་པ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་སོ་སོས་པུའུ་ཀྲང་དང་ཀྲུའུ་རིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院
ཕྱི་ཡིག་གི་མིང་།
the Sate Council
1 ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་ལས་འཛིན་ལས་ཁུངས་ཡིན་པ་དང་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཙུང་ལི་དང་ཙུང་ལི་གཞོན་པ།  རྒྱལ་དོན་ཨུ་ཡོན།  པུའུ་ཁག་གི་པུའུ་ཀྲང་།  ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་རྩིས་བཤེར་འགོ་འཛིན།  དྲུང་ཡིག་ཆེན་མོ་བཅས་ཀྱིས་གྲུབ་པ་ཡིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་།  པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་སོ་སོས་པུའུ་ཀྲང་དང་ཀྲུའུ་རིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་རེད།

2 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོག་མའི་མིང་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་ཡིན་ལ་དེ་ནི་སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་གསར་འཛུགས་བྱས་པ་ཡིན།  སྤྱི་ལོ1954ལོའི་ཟླ9པར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་།  ཐེངས་འདིའི་གྲོས་ཚོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འཛུགས་བྱས་པ་མ་ཟད།  ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ཀྱི་ཁྲིམས་སྲོལ》སོགས་གྲོས་འཆམ་བྱུང་། 《རྩ་ཁྲིམས》ཀྱི་གཏན་འབེབས་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབང་འཛིན་ལས་ཁུངས་ཡིན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ལས་འཛིན་ལས་ཁུངས་ཡིན། 

3 འགན་དབང་།

གཅིག རྩ་ཁྲིམས་དང་ཁྲིམས་ལུགས་ལྟར།  སྲིད་འཛིན་ཐབས་ཤེས་གཏན་ལ་འབེབས་པ་དང་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་བྱེད་པ།  ཆོད་དོན་དང་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པ།  

གཉིས།   རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་པ། 

གསུམ། པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་སོ་སོའི་འོས་འགན་དང་འགན་འཁྲི་གཏན་འབེབས་བྱེད་པ་དང་པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བ་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ། 

བཞི།  རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་བྱ་བ་གཅིག་གྱུར་གྱིས་འགོ་ཁྲིད་མཛད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་དབྱེ་བ་འབྱེད་པར་གཏན་འབེབས་བྱེད་པ། 

ལྔ།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།  རྒྱལ་ཁབ་ཀྱི་སྔོན་རྩིས་སོགས་བཟོ་འགོད་དང་ལག་བསྟར་བྱེད་པ། 

དྲུག   དཔལ་འབྱོར་བྱ་བ་དང་གྲོང་སྡེ་འཛུགས་སྐྲུན་ལ་དོ་དམ་དང་འགོ་ཁྲིད་མཛད་པ། 

བདུན།   སློབ་གསོ་དང་ཚན་རིག   རིག་གནས། འཕྲོད་བསྟེན།  ལུས་རྩལ་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བ་སོགས་ལ་དོ་དམ་དང་འགོ་ཁྲིད་མཛད་པ།

བརྒྱད། དམངས་སྲིད་དང་སྤྱི་བདེ།  ཁྲིམས་འཛིན་གྱི་སྲིད་འཛིན་དང་ཞིབ་བཤེར་སོགས་ཀྱི་བྱ་བར་དོ་དམ་དང་འགོ་ཁྲིད་མཛད་པ། 

དགུ།  ཕྱི་འབྲེལ་དོན་གཅོད་དང་ཕྱིའི་རྒྱལ་ཁབ་བར་ཆིངས་ཡིག་དང་ཆོད་དོན་འཇོག་པར་དོ་དམ་བྱེད་པ།

བཅུ།   རྒྱལ་སྲུང་འཛུགས་སྐྲུན་ལས་དོན་ལ་དོ་དམ་དང་འགོ་ཁྲིད་མཛད་པ།

བཅུ་གཅིག   མི་རིགས་ཀྱི་བྱ་བར་དོ་དམ་དང་འགོ་ཁྲིད་མཛད་ནས་གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་གྱི་དབང་ཆ་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ཁེ་དབང་ལ་འགན་སྲུང་བྱེད་པ།

བཅུ་གཉིས།   ཕྱིར་སྡོད་ཀྲུང་གོ་བའི་ལུགས་མཐུན་གྱི་དབང་ཆ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་ཕྱི་རྒྱལ་ནས་ལོག་པ་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་དབང་ཆ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ།

བཅུ་གསུམ།   པུའུ་སོ་སོའམ་ཨུ་ཡོན་ལྷན་ཁང་སོ་སོས་ཁྱབ་བསྒྲགས་བྱས་པའི་ལུགས་མཐུན་མིན་པའི་བཀའ་རྒྱ་དང་མཛུབ་སྟོན།   སྒྲིག་ཁྲིམས་སོགས་བསྒྱུར་བཅོས་དང་ཕྱིར་འཐེན་བྱེད་པ།

བཅུ་བཞི།   ས་གནས་སོ་སོའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ལུགས་མཐུན་མིན་པའི་ཐག་གཅོད་དང་བཀའ་རྒྱ་བསྒྱུར་བཅོས་དང་ཕྱིར་འཐེན་བྱེད་པ།  

བཅོ་ལྔ།   ཞིང་ཆེན་དང་རང་སྐྱོང་ས་ཁུལ།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ས་ཁུལ་དབྱེ་འབྱེད་ལ་ཆོག་མཆན་འགོད་པ་དང་།   རང་སྐྱོང་ཁུལ་དང་རྫོང་།  རང་སྐྱོང་རྫོང་།   གྲོང་ཁྱེར་བཅས་ཀྱི་འཛུགས་པ་དང་ས་ཁུལ་དབྱེ་འབྱེད་ལ་ཆོག་མཆན་འགོད་པ།

བཅུ་དྲུག   ཁྲིམས་ལུགས་སྒྲིག་ཁྲིམས་གཞིར་བཟུང་ནས་ཞིང་ཆེན་དང་རང་སྐྱོང་ཁུལ།   ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཁྱབ་ཁོངས་ནང་ཁུལ་གྱི་ས་ཁུལ་ཁ་ཤས་གནས་ཚུལ་ཛ་དྲག་ཅན་དུ་འགྲོ་བར་ཐག་གཅོད་བྱེད་པ།

བཅུ་བདུན།   ཁྲིམས་ལུགས་གཞིར་བཟུང་ནས་སྲིད་འཛིན་མི་སྣའི་བསྐོ་འཐེན་དང་གསོ་སྦྱོང་།   དཔྱད་ཞིབ།  བྱ་དགའ་དང་ཆད་པ་སོགས་གཏན་ཁེལ་བྱེད་པ།

བཅོ་བརྒྱད།   རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནང་བའི་འགན་དབང་གཞན་པ་སྒྲུབ་འགན་ཁས་ལེན་བྱེད་པ་བཅས་ཡིན།

4 སྒྲིག་ལམ།

ཙུང་ལིས་ཕྱོགས་ཡོངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བ་འགོ་ཁྲིད་མཛད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྒྱལ་ཡོངས་དམངས་འཐུས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་དགོས།  ཙུང་ལི་གཞོན་པ་དང་རྒྱལ་དོན་ཨུ་ཡོན་གྱིས་ཙུང་ལིའི་བྱ་བར་རོགས་སྐྱོར་བྱེད་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཁྲོད་ཀྱི་དོན་དག་གཙོ་བོ་རྣམས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས། 

5 རིམ་བསྐོས་ཙུང་ལི།

ཀྲོའུ་ཨེན་ལའེ་ཡིས་སྤྱི་ལོ1954ལོའི་ཟླ9པ་ནས་སྤྱི་ལོ1976ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་པ་ཡིན།

ཧྭ་ཀུའོ་ཧྥེང་གིས་སྤྱི་ལོ1976ལོའི་ཟླ2པ་ནས་སྤྱི་ལོ1980ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས།

ཀྲའོ་ཙི་དབྱང་གིས་སྤྱི་ལོ1980ལོའི་ཟླ9པ་ནས་སྤྱི་ལོ1987ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས།

ལི་ཕེང་གིས་སྤྱི་ལོ1987ལོའི་ཟླ11པ་ནས་སྤྱི་ལོ1998ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས།

ཀྲུའུ་རུང་ཅི་ཡིས་སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2003ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས།

ཝུན་ཅ་པའོ་ཡིས་སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2013ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས།

ལི་ཁོ་ཆང་གིས་སྤྱི་ལོ2013ལོའི་ཟླ3པ་ནས་ད་རག་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཞེས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།