ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སློབ་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སློབ་ཚོགས།
ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སློབ་ཚོགས་ནི་སྤྱི་ལོ1981ལོའི་ཟླ་བདུན་པར་པེ་ཅིང་ནས་གསར་འཛུགས་བྱས་ཤིང་། དེ་ནི་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་གསར་འཛུགས་བྱས་པའི་ཐོག་དང་པོའི་སྤྱི་ཚོགས་ཁྲིམས་མིའི་གོ་གནས་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་སྤྱིའི་ཉོ་ཚོང་རིག་གཞུང་ཚོགས་པ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་ཡི་ཐད་ཀར་དབུ་ཁྲིད་འོག སྲིད་གཞུང་དང་རིག་གཞུང་སློབ་ཚོགས། ཁེ་ལས་སོགས་ཕྱོགས་སོ་སོའི་ཆེད་མཁས་པ་དག་གིས་གྲུབ་པའི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ཞིབ་འཇུག་དང་སྤེལ་རེས་ཀྱི་དབང་གྲགས་ལྡན་པའི་རིག་གཞུང་རྩ་འཛུགས་ཀྱི་བྱ་བ་གཉེར་བའི་རྩ་འཛུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国国际贸易学会
ཕྱི་ཡིག་གི་མིང་།
China Association of International Trade
གསར་འཛུགས་དུས་ཚོད།
སྤྱི་ལོ1981ལོའི་ཟླ7པ།
ས་གནས།
པེ་ཅིང་།
ཁོངས་གཏོགས།
ཚོང་དོན་པུའུ།
རྣམ་པ།
རྒྱལ་ཡོངས་རང་བཞིན་གྱི་རྒྱལ་སྤྱིའི་ཉོ་ཚོང་རིག་གཞུང་ཚོགས་པ།
1 ངོ་སྤྲོད།

ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སློབ་ཚོགས་ནི་སྤྱི་ལོ1981ལོའི་ཟླ་བདུན་པར་པེ་ཅིང་ནས་གསར་འཛུགས་བྱས་ཤིང་།  དེ་ནི་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་གསར་འཛུགས་བྱས་པའི་ཐོག་དང་པོའི་སྤྱི་ཚོགས་ཁྲིམས་མིའི་གོ་གནས་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་སྤྱིའི་ཉོ་ཚོང་རིག་གཞུང་ཚོགས་པ་ཞིག་ཡིན་པར་མ་ཟད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་ཡི་ཐད་ཀར་དབུ་ཁྲིད་འོག  སྲིད་གཞུང་དང་རིག་གཞུང་སློབ་ཚོགས།  ཁེ་ལས་སོགས་ཕྱོགས་སོ་སོའི་ཆེད་མཁས་པ་དག་གིས་གྲུབ་པའི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ཞིབ་འཇུག་དང་སྤེལ་རེས་ཀྱི་དབང་གྲགས་ལྡན་པའི་རིག་གཞུང་རྩ་འཛུགས་ཀྱི་བྱ་བ་གཉེར་བའི་རྩ་འཛུགས་ཤིག་ཡིན།

2 དགོངས་དོན།

མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་བསམ་བློ། ཏིང་ཞའོ་ཕེན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་བསམ་བློ། ཚན་རིག་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་ཞིང་།  བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་ལག་ལེན་བྱེད་པ།  དོན་དངོས་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་གྱི་སློབ་སྲོལ་དར་སྤེལ་བྱེད་པ།  རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་དང་རིག་པའི་གཞུང་ལུགས་ཀྱི་བྱ་བ་གཉེར་མཁན་ལ་མཐུན་སྒྲིལ་དང་རྩ་འཛུགས་བྱེད་པ།  རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལས་དོན་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཞབས་ཞུ་སྒྲུབ་པ་དང་བྱེད་སྒོ་སྣ་ཚོགས་ཁྲོད་རང་རྒྱལ་གྱི་རྩ་ཁྲིམས་དང་སྲིད་ཇུས་ལ་བརྩི་སྲུང་བྱེད་དགོས་བཅས་ཡིན།

3 འོས་འགན་དང་ལས་སྒོའི་ཁྱབ་ཁོངས།

གཅིག  རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གཞུང་ལུགས་དང་ལག་ལེན་གནད་དོན་གྱི་བརྟག་དཔྱད་ཞིབ་འཇུག་ལ་རྩ་འཛུགས་དང་སྐུལ་འདེད་གཏོང་བ།

གཉིས།  རང་རྒྱལ་གྱི་འཕེལ་རྒྱས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ཞིབ་འཇུག་དང་སྤྱི་བསྡོམས་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འོག་གི་འཕེལ་རྒྱས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ཆོས་ཉིད་འཚོལ་ཞིབ་བྱེད་པ།

གསུམ།  འབྲེལ་ཡོད་ལས་ཁུངས་ཀྱི་མངགས་བཅོལ་བྱས་པའི་ཆེད་དོན་ཞིབ་འཇུག་འོས་འགན་སྒྲུབ་འགན་ཁས་ལེན་བྱེད་པ། 

བཞི།  རིག་གཞུང་བགྲོ་གླེང་སོགས་ཀྱི་བྱེད་སྒོ་སྤེལ་བ།

ལྔ།  སྤུན་ཟླའི་སློབ་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྤེལ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་རིག་གཞུང་བྱ་འགུལ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་བ།

དྲུག   ཕྱི་རྒྱལ་གྱི་འབྲེལ་ཡོད་རིག་གཞུང་ཚོགས་པ་དང་རྒྱལ་སྤྱིའི་རྩ་འཛུགས།   མཁས་པ།   ཆེད་མཁས་མི་སྣར་འབྲེལ་བ་དང་མཉམ་འབྲེལ་བྱ་བར་ཤུགས་སྣོན་པ།

བདུན།   བློ་འདྲིའི་ཞབས་འདེགས་དང་གསོ་སྦྱོང་རྩ་འཛུགས་ཀྱི་བྱ་བ་སྤེལ་བ།

བརྒྱད།   ཚོགས་པའི་དུས་དེབ་དང་འབྲེལ་ཡོད་དཔེ་ཆ་རྒྱུ་ཆ་སོགས་རྩོམ་སྒྲིག་དཔེ་སྐྲུན་བྱེད་པ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།