རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མིང་ཆ་ཚང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཟེར་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཚུལ་སྡེ་ཁག་ཅིག་ཡིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པའི་འགན་ཁུར་ཡོད་པ་དང་མི་རིགས་གཞུང་ལུགས་ཞིབ་འཇུག་དང་མི་རིགས་བྱ་བ་དང་མི་རིགས་སློབ་གསོ་སྤེལ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱེད་པར་ལྟ་སྐུལ་དང་ལག་བསྟར་བྱེད་པ། གྲངས་ཉུང་མི་རིགས་ཁེ་ཕན་སྲུང་སྐྱོང་གི་བྱ་བཞག་ཐམས་ཅད་ལ་ལྟ་སྐུལ་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家民族事务委员会
ཕྱི་ཡིག་གི་མིང་།
State Ethnic Affairs Commission
ཕྱི་ཡིག་གི་བསྡུས་མིང་།
SEAC
1 ​ངོ་སྤྲོད།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མིང་ཆ་ཚང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཟེར་ཞིང་།  དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཚུལ་སྡེ་ཁག་ཅིག་ཡིན།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པའི་འགན་ཁུར་ཡོད་པ་དང་མི་རིགས་གཞུང་ལུགས་ཞིབ་འཇུག་དང་མི་རིགས་བྱ་བ་དང་མི་རིགས་སློབ་གསོ་སྤེལ་བ།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱེད་པར་ལྟ་སྐུལ་དང་ལག་བསྟར་བྱེད་པ།  གྲངས་ཉུང་མི་རིགས་ཁེ་ཕན་སྲུང་སྐྱོང་གི་བྱ་བཞག་ཐམས་ཅད་ལ་ལྟ་སྐུལ་བྱེད་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་ཐོག་མར་གསར་འཛུགས་བྱས་པའི་སྡེ་ཁག་ཅིག་ཡིན།  སྤྱི་ལོ1949ལོའི་ཟླ10བའི་ཚེས22ཉིན།  ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱས།  སྤྱི་ལོ1954ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཁྲོད།  ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དུ་བསྒྱུར་བཅོས་བྱས།  སྤྱི་ལོ1970ལོའི་ཟླ6པའི་ཚེས22ཉིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་མེད་པར་བཟོས།  སྤྱི་ལོ1978ལོར།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བའི་གྲོས་ཚོགས་ཐེངས་དང་པོའི་ཐོག་སླར་ཡང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སླར་གསོ་བྱས་པ་ཡིན། 

3 འགན་ནུས།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པར་འགན་ཁུར་ཡོད་ཅིང་།  ཧུར་བརྩོན་གྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད།  སློབ་གསོ།  རིག་གནས།  ཚན་རྩལ་སོགས་ཀྱི་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།  འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོང་བྱེད་པ།  མི་རིགས་སོ་སོ་ཐུན་མོང་གིས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་འོས་འགན་གལ་ཆེན་ཡོད།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་ཁྲིམས་ལྟར།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལ་གཤམ་གྱི་འགན་ནུས་འདི་དག་ལྡན་དགོས།

གཅིག   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཀྱི་མི་རིགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱ་བ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མི་རིགས་བྱ་བའི་ཐད་ནས་ཇུས་འདོན་ལག་རོགས་བྱ་དགོས།

གཉིས།   འབྲེལ་ཡོད་ཀྱི་མི་རིགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས།   འཕེལ་རྒྱས་ཐབས་ཇུས་འདོན་པ་དང་ཞིབ་འཇུག་བྱ་བ་དང་།   རྒྱལ་ཁབ་མི་རིགས་དོན་གཅོད་དོ་དམ་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་སྒྲིག་ཁྲིམས་གཏན་ལ་འབེབས་པ།

གསུམ།   མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས།   མི་རིགས་གནད་དོན་སོགས་འགངས་ཆེའི་གནད་དོན་གྱི་བརྟག་དཔྱད་ཞིབ་འཇུག་རྩ་འཛུགས་བྱས་ནས་སྤེལ་བ་དང་།   མི་རིགས་སྲིད་ཇུས་དང་སྒྲིག་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་ལ་ལྟ་སྐུལ་དང་ལག་ལེན་མཐར་ཕྱིན་བྱ་བ།

བཞི།   མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་འཛུགས་སྐྲུན་ལྟ་སྐུལ་ལག་བསྟར་དང་ཇེ་ལེགས་སུ་གཏོང་བ།

ལྔ།   མི་རིགས་འབྲེལ་བ་སྙོམ་སྒྲིག་གི་གཞི་རྩའི་ཐབས་ལམ་ལ་ཞིབ་འཇུག་དང་འཆར་འགོད་གཏན་འབེབས་བྱ་བ།

དྲུག   རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མིའི་ཐོབ་ཐང་གནས་ཚུལ་དང་བུད་མེད་བྱིས་པའི་གནས་ཚུལ།   ཐར་ཐོར་དུ་སྡོད་པའི་གྲངས་ཉུང་མི་རིགས་ཀྱི་གནས་ཚུལ་གྱི་བརྟག་དཔྱད་ཞིབ་འཇུག་ལ་རྩ་འཛུགས་བྱས་ཏེ།   འབྲེལ་ཡོད་ལས་ཁུངས་དང་གཞོགས་འདེགས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བསྐུར་བའི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མིའི་ཐོབ་ཐང་སྐོར་གྱི་སྤྱི་གན་སྙན་ཞུ་སོགས་འཆར་འགོད་གཏན་འབེབས་བྱ་བ།

བདུན།   མི་རིགས་ས་ཁུལ་གྱི་དཔལ་འབྱོར་གནས་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་ལ་དབྱེ་ཞིབ་བྱས་ཏེ།  མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་སྲིད་ཇུས་དང་བྱེད་ཕྱོགས་འདོན་པ་དང་ཞིབ་འཇུག་བྱ་བ།

བརྒྱད།   རྒྱལ་ཁབ་ཀྱི་འབྲེལ་ཡོད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་མཛུབ་སྟོན་འོག   གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ།   འཕྲོད་བསྟེན།  རྩལ་སྦྱངས།   གསར་འགྱུར་དཔེ་སྐྲུན་སོགས་ཀྱི་ཐུན་མོང་མ་ཡིན་པའི་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་།   བསམ་འཆར་འདོན་པ།

དགུ།   གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་བྱ་བར་དོ་དམ་དང་།  གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ལོ་ཙཱ་དང་དཔེ་སྐྲུན།   མི་རིགས་གནའ་གཞུང་གི་འཚོལ་བསྡུ་དང་ལེགས་སྒྲིག   པར་སྐྲུན་བྱ་བར་མཛུབ་སྟོན་བྱ་བ།

བཅུ།   རྒྱལ་ཁབ་སློབ་གསོ་གཙོ་གཉེར་སྡེ་ཁག་གི་སྤྱིའི་འཆར་འགོད་མཛུབ་སྟོན་འོག   མི་རིགས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་གནད་དོན་ཞིབ་འཇུག་བྱ་བ་དང་བསམ་འཆར་དང་གནད་དོན་འདོན་པ།

བཅུ་གཅིག   སྲིད་གཞུང་མ་ལག་མི་རིགས་བྱ་བར་ལས་སྒོའི་མཛུབ་སྟོན་བྱ་བ་དང་།  མི་རིགས་འདྲ་བའི་རང་སྐྱོང་ས་ཁུལ་གྱི་འབྲེལ་བར་ཤུགས་སྣོན་པ།

བཅུ་གཉིས།   གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣར་འབྲེལ་བ་བྱས་ཏེ།   འབྲེལ་ཡོད་ལས་ཁུངས་ལ་རོགས་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣའི་གསོ་སྦྱོང་དང་སློབ་གསོ།   བཀོལ་སྤྱོད་སོགས་ཀྱི་བྱ་བར་ཤུགས་སྣོན་པ།

བཅུ་གསུམ།   མི་རིགས་བྱ་བའི་ཁྱབ་ཁོངས་ཕྱི་འབྲེལ་དང་མཉམ་ལས་སྐོར་ལ་རྩ་འཛུགས་སྙོམ་སྒྲིག་བྱ་བ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།