རྒྱལ་ཁབ་གསར་སྤེལ་དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་སྤྱི་ལོ1994ལོའི་ཟླ་གསུམ་པར་གསར་འཛུགས་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན། མིག་སྔར་རྒྱལ་ཡོངས་སུ་ཡན་ལག་དངུལ་ཁང32དང་འཐུས་ཚབ་ཁང་བཞི་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་འཛུགས་བྱས་པ་ནས་བཟུང་། མགོ་མཇུག་བར་གསུམ་དུ་རྒྱལ་ཁབ་ཀྱི་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁོག་སྙོམ་སྒྲིག་གི་འགན་འཁྲི་འདོན་སྤེལ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་གྲུབ་ཚུལ་ཐབས་ཇུས་རང་བཞིན་གྱི་སྙོམ་སྒྲིག་ལ་རྒྱབ་སྐྱོར། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་རྨང་གཞི་ལ་དུས་ཡུན་རིང་བོར་མ་དངུལ་འཇོག་པའི་ཁྱབ་ཁོངས་ཁྲོད་གཙོ་ཤུགས་དངུལ་ཁང་གི་ནུས་པ་ཐོན་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས་གསར་འཛུགས་བྱས་པའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家开发银行
ཕྱི་ཡིག་གི་མིང་།
China Development Bank
སྤྱི་ཁྱབ་པུའུ་ཡི་ས་གནས།
པེ་ཅིང་།
གསར་འཛུགས་དུས་ཚོད།
སྤྱི་ལོ1994ལོའི་ཟླ3པ།
གཉེར་སྐྱོང་གི་ཁྱབ་ཁོངས།
དངུལ་རྩའི་ཞབས་ཞུ།
ངོ་བོ།
རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག
ལས་ཐོག་ཏུང་ཧྲི་ཀྲང་།
ཧུའུ་ཧུའེ་པང་།
ལས་ཐོག་འགོ་གཙོ།
ཀྲེང་ཀྲི་ཅེ།
གཞུང་ཕྱོགས་དྲ་བ།
http://www.cdb.com.cn/
1 ངོ་སྤྲོད།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་སྤྱི་ལོ1994ལོའི་ཟླ་གསུམ་པར་གསར་འཛུགས་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན།  མིག་སྔར་རྒྱལ་ཡོངས་སུ་ཡན་ལག་དངུལ་ཁང32དང་འཐུས་ཚབ་ཁང་བཞི་ཡོད།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་འཛུགས་བྱས་པ་ནས་བཟུང་།  མགོ་མཇུག་བར་གསུམ་དུ་རྒྱལ་ཁབ་ཀྱི་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁོག་སྙོམ་སྒྲིག་གི་འགན་འཁྲི་འདོན་སྤེལ་བྱས་པ་དང་།  དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་གྲུབ་ཚུལ་ཐབས་ཇུས་རང་བཞིན་གྱི་སྙོམ་སྒྲིག་ལ་རྒྱབ་སྐྱོར།  རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་རྨང་གཞི་ལ་དུས་ཡུན་རིང་བོར་མ་དངུལ་འཇོག་པའི་ཁྱབ་ཁོངས་ཁྲོད་གཙོ་ཤུགས་དངུལ་ཁང་གི་ནུས་པ་ཐོན་ཡོད།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས་གསར་འཛུགས་བྱས་པའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྡེ་ཁག་ཅིག་ཡིན།

2 ལས་འགན།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ལས་འགན་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་དམངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དེ་ཡིན།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ནན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་མ་དངུལ་གྲབས་གསོག་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཁ་ལོ་བསྒྱུར་བ་དང་།  ཚན་རིག་འཕེལ་རྒྱས་དང་འཆམ་མཐུན་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཡིན། 

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཧུར་བརྩོན་གྱིས་རྒྱལ་སྤྱིའི་སྔོན་ཐོན་གྱི་ཚོང་རའི་ལས་སྒོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་།  ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་འོས་འགན་མངོན་འགྱུར་བྱེད་པ་ཡིན། 

3 མཚོན་རྟགས།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མཚོན་རྟགས་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དངུལ་ཁང་དང་དངུལ་རྩའི་སྡེ་ཁག་གི་མཚོན་རྟགས་ཇུས་འགོད་གཞིར་བཟུང་ནས།  མིག་སྔར་ཀྲུང་གོའི་དངུལ་ཁང་གཞན་དག་གི་མཚོན་རྟགས་ལས་བརྒལ་བའི་གསར་གཏོད་ཀྱི་བསམ་བློ་ཡོད།  དེས་སྤྱི་མཚན་གྱི་འདྲ་རིས་ཀྱིས་བཅོས་བསྒྱུར་དང་སྒོ་འབྱེད་པའི་སྒེའུ་ཁུང་མཚོན་པ་དང་།  རྒྱལ་ཁབ་ཀྱི་ཁེ་ཕན་ལྟེ་བར་བཟུང་བ་དང་འདྲ་མཉམ་གོང་སྤེལ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ངོ་བོ་དང་འོས་འགན་མཚོན་ཡོད།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།