རིག་རྩལ་ཚོགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་རྩལ་ཚོགས་པ།
རིག་རྩལ་ཚོགས་པའི་མིང་ཆ་ཚང་ནི་རིག་རྩལ་གྱི་བྱ་བའི་ཚོགས་པ་ཟེར་ཞིང་། དེ་ནི་གླུ་ལེན་པ་དང་བྲོ་འཁྲབ་པ། ཟློས་གར་འཁྲབ་པ་སོགས་རྣམ་པ་མང་པོའི་སྒོ་ནས་བྱེད་སྒོ་དྲིལ་བསྒྲགས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་ཚོགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文工团
ཕྱི་ཡིག་གི་མིང་།
cultural troupe
མིང་གཞན།
རིག་རྩལ་གྱི་བྱ་བའི་ཚོགས་པ།
གསར་འཛུགས་དུས་ཚོད།
སྤྱི་ལོ1947ལོ།
གསར་འཛུགས་ས་གནས།
ཅི་ཞི་གྲོང་ཁྱེར།
ཕན་ནུས།
ངར་ཤུགས་མཐོར་འདེགས་སུ་གཏོང་བ་དང་སེམས་ཁམས་བག་ཕེབས་ཡོང་བར་བྱེད་ཐུབ།
1 ངོ་སྤྲོད།

རིག་རྩལ་ཚོགས་པའི་མིང་ཆ་ཚང་ནི་རིག་རྩལ་གྱི་བྱ་བའི་ཚོགས་པ་ཟེར་ཞིང་།  དེ་ནི་གླུ་ལེན་པ་དང་བྲོ་འཁྲབ་པ།  ཟློས་གར་འཁྲབ་པ་སོགས་རྣམ་པ་མང་པོའི་སྒོ་ནས་བྱེད་སྒོ་དྲིལ་བསྒྲགས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་ཚོགས་པ་ཞིག་ཡིན།

རིག་རྩལ་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག  ཀྲུང་གོ་བཟོ་ཞིང་དམར་དམག་དྲིག་བསྒྲགས་རུ་ཁག་གི་སྲོལ་རྒྱུན་རྒྱུད་འཛིན་བྱས་ཏེ་གླུ་དང་བྲོ།  ཟློས་གར་འཁྲབ་སྟོན་སོགས་རྣམ་པ་མང་པོའི་སྒོ་ནས་བྱེད་སྒོ་དྲིལ་བསྒྲགས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་ཚོགས་པ་ཞིག་ཡིན།

ཀྲུང་གོ་རྡོ་སོལ་གཏེར་ཁ་རིག་རྩལ་ཚོགས་པ་ནི་སྤྱི་ལོ1947ལོར་བྱང་ཤར་བཅིངས་འགྲོལ་ས་ཁུལ་གྱི་ཅི་ཞི་ཞེས་པའི་ས་ཆ་རུ་དབུ་བརྙེས།  ཀྲུང་གོ་རྡོ་སོལ་གཏེར་ཁ་རིག་རྩལ་ཚོགས་པ་གསར་འཛུགས་དང་འཕེལ་རྒྱས། རྒྱ་ཆེར་འགྲོ་བའི་བརྒྱུད་རིམ་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་རིམ་བསྐོས་འགོ་གཙོ་དག་གི་བྱམས་བརྩེའི་ཐུགས་ཁུར་དང་སྤྲོ་སེམས་ཀྱི་རྒྱབ་སྐྱོར་གང་མང་ཐོབ་པ་ཡིན། 

2 ཕན་ནུས།

རིག་རྩལ་ཚོགས་པས་གླུ་དང་བྲོ་སོགས་ཀྱི་རྣམ་པ་བརྒྱུད་དེ་དམག་མི་ལ་འཚམས་འདྲི་བྱས་ནས་དམག་མིའི་ངར་ཤུགས་མཐོར་འདེགས་སུ་གཏོང་བ་དང་དམག་མིའི་སེམས་ཁམས་བག་ཕེབས་ཡོང་བར་བྱེད་ཐུབ་པ་ཡིན།

3 དབྱེ་འབྱེད།

རང་རྒྱལ་གྱི་དམག་དཔུང་རིག་རྩལ་ཚོགས་པ་ལས་ཁུངས་ཁོངས་གཏོགས་ལྟར་དབྱེ་ན་རིམ་པ་གསུམ་དུ་དབྱེ་བ་ཡིན།

རིམ་པ་དང་པོ།   འདི་སྤྱི་ཁྱབ་ཆབ་སྲིད་པུའུ་རིག་རྩལ་ཚོགས་པ་རུ་གཏོགས་ཤིང་།   མིང་ལ་སྤྱི་ཁྱབ་ཆབ་སྲིད་པུའུ་རིག་རྩལ་ཚོགས་པ་ཟེར།

རིམ་པ་གཉིས་པ།   འདི་དཔུང་རིགས་དམག་དཔུང་གི་རིག་རྩལ་ཚོགས་པ་རུ་གཏོགས་ཤིང་།   དེའི་ཁོངས་སུ་མཁའ་དམག་ཆབ་སྲིད་པུའུ་རིག་རྩལ་ཚོགས་པ་དང་མཚོ་དམག་ཆབ་སྲིད་པུའུ་རིག་རྩལ་ཚོགས་པ།   སྒྱོགས་དམག་གཉིས་པའི་ཆབ་སྲིད་པུའུ་རིག་རྩལ་ཚོགས་པ།   ཉེན་རྟོག་དྲག་དཔུང་རིག་རྩལ་ཚོགས་པ་བཅས་ཡོད།

རིམ་པ་གསུམ་པ།   འདི་དམག་ཁུལ་སོ་སོ་རུ་གཏོགས་པའི་རིག་རྩལ་ཚོགས་པ་ཡིན་ཞིང་།   པེ་ཅིང་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་འཐབ་གྲོགས་རིག་རྩལ་ཚོགས་པ་དང་།  ཅི་ནན་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་གཡུལ་སའི་ཉེན་ཟོན་དཔུང་སྡེ་རིག་རྩལ་ཚོགས་པ།   ལང་ཇུ་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་འཐབ་འཛིང་རིག་རྩལ་ཚོགས་པ།  ཧྲེན་དབྱང་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་མདུན་བསྐྱོད་རིག་རྩལ་ཚོགས་པ།  ཁྲིན་ཏུའུ་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་དམག་དར་རིག་རྩལ་ཚོགས་པ།   ཀོང་ཀྲོའུ་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་དམག་མི་རིག་རྩལ་ཚོགས་པ།  ནན་ཅིང་དམག་ཁུལ་གྱི་རིག་རྩལ་ཚོགས་པ་ལ་གཡུལ་ས་རིག་རྩལ་ཚོགས་པ་ཞེས་ཟེར།

གཞན་རང་རྒྱལ་གྱི་རིག་རྩལ་ཚོགས་པ་གཙོ་བོ་ལ་ད་དུང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་རིག་རྩལ་ཚོགས་པ་དང་རྡོ་སོལ་གཏེར་ཁ་རིག་རྩལ་ཚོགས་པ།  རལ་གྲི་རྣོན་པོ་རིག་རྩལ་ཚོགས་པ།   ལྕགས་ལམ་རིག་རྩལ་ཚོགས་པ་བཅས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།