རིག་གཞུང་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་གཞུང་ཨུ་ཡོན་ལྷན་ཁང་།
རིག་གཞུང་ཨུ་ཡོན་ལྷན་ཁང་ནི་རང་རྒྱལ་དུ་མཐོ་རིམ་སློབ་གྲྭ་དང་ཆེད་ལས་ཚན་རིག་ཞིབ་འཇུག་སྡེ་ཁག་དང་ཁེ་ལས། ལས་དོན་ལས་ཁུངས་སུ་གཏོགས་པའི་ཚན་རིག་ཞིབ་འཇུག་སྡེ་ཁག་ཁྲོད་གསར་འཛུགས་བྱས་པའི་རིག་གཞུང་དཔྱད་བསྡུར་དང་ཞིབ་བཤེར་ལས་ཁུངས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学术委员会
ཕྱི་ཡིག་གི་མིང་།
academic board
འགན་ནུས་གཙོ་བོ།
མཐར་ཕྱིན་མིན་དང་བསླབ་གནས་གནང་བའི་ཐད་ལ་བསམ་འཆར་འདོན་པ།
སྡེ་ཁག་བཀོད་སྒྲིག
སློབ་གྲྭ་དང་སྡེ་ཁག་དབྱེ་བ།
1 ངོ་སྤྲོད།

རིག་གཞུང་ཨུ་ཡོན་ལྷན་ཁང་ནི་རང་རྒྱལ་དུ་མཐོ་རིམ་སློབ་གྲྭ་དང་ཆེད་ལས་ཚན་རིག་ཞིབ་འཇུག་སྡེ་ཁག་དང་ཁེ་ལས།  ལས་དོན་ལས་ཁུངས་སུ་གཏོགས་པའི་ཚན་རིག་ཞིབ་འཇུག་སྡེ་ཁག་ཁྲོད་གསར་འཛུགས་བྱས་པའི་རིག་གཞུང་དཔྱད་བསྡུར་དང་ཞིབ་བཤེར་ལས་ཁུངས་ལ་གོ་བ་ཡིན།

2 འགན་ནུས་གཙོ་བོ།

རང་ལས་ཁུངས་ཀྱི་ཚན་རིག་ཞིབ་འཇུག་གི་རྒྱང་རིང་འཆར་འགོད་དང་འཆར་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱེད་པ་དང་།  རིག་གཞུང་བྱེད་སྒོ་ཅུང་ཆེ་བར་བསམ་འཆར་འདོན་པ།  སློབ་གྲྭ་ནང་ཁུལ་དང་རིམ་པ་ཁག་གི་རིག་གཞུང་སྡེ་ཁག་གིས་སྐུལ་འདེད་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་བརྗེ་རེས་དང་ཚན་རྩལ་མཉམ་ལས་ལག་བསྟར་བྱེད་དུ་འཇུག་པ།  ཚན་རྩལ་མི་སྣའི་རིག་གཞུང་ཆུ་ཚད་དང་གྲུབ་འབྲས་ལ་གྲོས་ཞིབ་བྱེད་པ། ཞིབ་འཇུག་སློབ་མ་བསྡུ་བ་དང་གསོ་སྐྱོང་བྱེད་པ།  མཐར་ཕྱིན་མིན་དང་བསླབ་གནས་གནང་བའི་ཐད་ལ་བསམ་འཆར་འདོན་པ་སོགས་ཡིན།

3 སྡེ་ཁག་བཀོད་སྒྲིག

རིག་གཞུང་ཨུ་ཡོན་ལྷན་ཁང་སྤྱིར་བཏང་དུ་དབྱེ་ན་སློབ་གྲྭ་དང་སྡེ་ཁག་བཅས་རིམ་པ་གཉིས་ཡོད།  སྡེ་ཁག་སོ་སོའི་རིག་གཞུང་ཨུ་ཡོན་ལྷན་ཁང་ནི་དགེ་རྒན་ཆེན་མོ་གཞོན་པ་ཡན་ཆད་ཀྱི་མི་སྣས་གྲུབ་པ་ཡིན་ཞིང་།  ཀྲུན་རིན་དང་ཀྲུན་རིན་གཞོན་པ་ནི་རིག་གཞུང་ཐོག་ཤེས་བྱའི་རྫོང་མཐུག་པ་དང་དྲང་བདེན་སྐྱོང་བའི་ཆེད་མཁས་མི་སྣས་འགན་ཁུར་དགོས་པ་ཡིན།  གཞི་རིམ་རིག་གཞུང་ཨུ་ཡོན་ལྷན་ཁང་གི་འོས་མི་ནི་འཆད་ཁྲིད་དགེ་རྒན་དང་ལས་རོགས་ཞིབ་འཇུག་པ།   བཟོ་སྐྲུན་མཁས་པ་ཡན་ཆད་ཀྱི་ཚན་རྩལ་མི་སྣས་འདེམས་བསྐོ་བྱས་ནས་བྱུང་བ་ཡིན།  རིག་གཞུང་ཨུ་ཡོན་ལྷན་ཁང་ནི་རང་ལས་ཁུངས་ཀྱི་ཏང་སྲིད་སྡེ་ཁག་གི་འགོ་ཁྲིད་འོག་བྱ་བ་བསྒྲུབ་པ་ཡིན་མོད། འོན་ཀྱང་རིག་གཞུང་གནད་དོན་ཁྲོད་བལྟོས་བཅོས་ཀྱིས་རང་ཚུགས་ཀྱི་གོ་གནས་ལྡན་པ་ཡིན། 

4 གཏན་འབེབས་གཙོ་བོ།

སྤྱི་ལོ2014ལོའི་ཟླ3པའི་ཚེས11ཉིན།  སློབ་གསོ་པུའུ་ཡིས་དངོས་སུ《མཐོ་རིམ་སློབ་གྲྭའི་རིག་གཞུང་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས》ཁྱབ་བསྒྲགས་བྱས་པ་དང་།  སྒྲིག་ཁྲིམས་ཀྱི་ནང་དུ་བཀོད་པ་ལྟར་ན་རིག་གཞུང་ཨུ་ཡོན་ལྷན་ཁང་སློབ་གྲྭའི་ནང་ཁུལ་གྱི་ཆེས་མཐོའི་རིག་གཞུང་སྡེ་ཁག་ཅིག་ཡིན་པའི་ཆ་ནས།  རིག་གཞུང་དང་འབྲེལ་བ་ཡོད་པའི་འགན་དབང་གཅིག་གྱུར་གྱིས་སྤྱོད་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།