ཡུལ་སྐོར་ལས་དོན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་སྐོར་ལས་དོན་ཁང་།
འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་མཚན་ཉིད་བཀོད་པའི་ཡུལ་སྐོར་ལས་དོན་ཁང་ནི་སིལ་འཚོང་ལས་ཚབ་སྡེ་ཁག་གིས་མི་དམངས་ལ་ཡུལ་སྐོར། ཞག་སྡོད་དང་འབྲེལ་ཡོད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་རིགས་སྡེ་ཁག་ཅིག་ཡིན། རང་རྒྱལ་གྱི《ཡུལ་སྐོར་ལས་དོན་ཁང་གི་དོ་དམ་སྒྲིག་ཁྲིམས》ལྟར་ན། ཡུལ་སྐོར་ལས་དོན་ཁང་ནི་ཁེ་བཟང་འཚོལ་བར་དམིགས་ནས་ཡུལ་སྐོར་ལས་རིགས་ཀྱི་བྱ་བ་གཉེར་བའི་ཁེ་ལས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旅行社
ཕྱི་ཡིག་གི་མིང་།
travel agency
ཞབས་ཞུའི་རྣམ་གྲངས།
རྒྱལ་མཚམས་ནས་ཕྱིར་འགྲོ་ནང་འཛུལ་བྱེད་པ་དང་འཐུས་མཆན་འགོད་པ།
1 ངོ་སྤྲོད།

འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་མཚན་ཉིད་བཀོད་པའི་ཡུལ་སྐོར་ལས་དོན་ཁང་ནི་སིལ་འཚོང་ལས་ཚབ་སྡེ་ཁག་གིས་མི་དམངས་ལ་ཡུལ་སྐོར།  ཞག་སྡོད་དང་འབྲེལ་ཡོད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་རིགས་སྡེ་ཁག་ཅིག་ཡིན།  རང་རྒྱལ་གྱི《ཡུལ་སྐོར་ལས་དོན་ཁང་གི་དོ་དམ་སྒྲིག་ཁྲིམས》ལྟར་ན།  ཡུལ་སྐོར་ལས་དོན་ཁང་ནི་ཁེ་བཟང་འཚོལ་བར་དམིགས་ནས་ཡུལ་སྐོར་ལས་རིགས་ཀྱི་བྱ་བ་གཉེར་བའི་ཁེ་ལས་ཤིག་ཡིན།

2 གསར་འཛུགས།

ཡུལ་སྐོར་ལས་དོན་ཁང་གསར་འཛུགས་བྱེད་པར་གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས།   

གཅིག  ངེས་གཏན་གྱི་གཉེར་སྐྱོང་ས་གནས་ཡོད་དགོས།  

གཉིས།  མཁོ་གལ་ཆེ་བའི་གཉེར་སྐྱོང་སྒྲིག་ཆས་ཡོད་དགོས། 

གསུམ།  མ་དངུལ་ཡོད་དགོས།  1.རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གསར་འཛུགས་བྱེད་པར་མ་དངུལ་ཁྲི150ཡོད་དགོས།  2.རྒྱལ་ནང་ཡུལ་སྐོར་ལས་དོན་ཁང་གསར་འཛུགས་བྱེད་པར་མ་དངུལ་ཁྲི30ཡན་ཡོད་དགོས། 

3 དབང་ཆ།

གཅིག  ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་བརྡ་ཁྱབ་དྲིལ་བསྒྲགས་དང་ཡུལ་སྐོར་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་པ་སྣེ་ལེན་བྱེད་པའི་དབང་ཆ་ཡོད་མོད།  འོན་ཀྱང་ཡུལ་སྐོར་ཆ་འཕྲིན་ངེས་པར་དུ་དྲང་བདེན་ཡིན་དགོས་ཤིང་།  མི་དམངས་ལ་མགོ་གཡོག་མགོ་སྐོར་གཏོང་མི་ཆོག  

གཉིས།  ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་ཚོགས་པ་དང་མི་སྒེར་སོགས་གང་ཡིན་རུང་ཡུལ་སྐོར་གྱི་གན་རྒྱ་འཇོག་པའི་དབང་ཆ་ཡོད།  ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་པ་གཉིས་ཀྱི་བར་དྲང་བདེན་དང་རང་འཐད།  ལུགས་མཐུན།  ཁྲིམས་མཐུན་གྱི་རྩ་དོན་གཞིར་བཟུང་ནས་ཕན་ཚུན་གྲོས་མོལ་བྱས་ནས་ཡུལ་སྐོར་གན་རྒྱ་འཇོག་དགོས།  

གསུམ།  ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་པར་བཏོན་པའི་ཁྲིམས་མཐུན་ལུགས་མཐུན་གྱི་ཚད་ལྡན་གྱི་ཞབས་ཞུའི་རིན་པ་ལེན་ཆོག་པའི་དབང་ཆ་ཡོད།

བཞི།  ཡུལ་སྐོར་ལས་དོན་ཁང་ལ་ཕན་ཚུན་གྱིས་ཡུལ་སྐོར་གྱི་གན་རྒྱ་བཞག་པ་ལྟར་ཡུལ་སྐོར་བྱེད་སྒོ་བཀོད་སྒྲིག་དང་ཡུལ་སྐོར་དུས་ཚོད་གཏན་འཁེལ།  ཡུལ་སྐོར་གྱི་ལམ་ཐིག་དང་སྤྲོ་གསེང་ལྟ་སྐོར་གྱི་བྱེད་ཐབས་སོགས་བཀོད་སྒྲིག་བྱེད་པའི་དབང་ཆ་ཡོད། 

ལྔ།  ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་གན་རྒྱ་ལྟར་ཡུལ་སྐོར་ལས་སྒོ་ལ་མ་ཞུགས་པའི་ཡུལ་སྐོར་པ་ལ་གལ་དོན་ལས་འགལ་བའི་དངུལ་ཆད་ལེན་པའི་དབང་ཆ་ཡོད། 

4 འོས་འགན།

གཅིག  ཡུལ་སྐོར་ལས་དོན་ཁང་གི་འོས་འགན་གཙོ་བོ་ནི་ཡུལ་སྐོར་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས། 

གཉིས།  ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་གན་རྒྱ་ལྟར་ཡུལ་སྐོར་ལ་བབ་བསྟུན་གྱི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པའི་འོས་འགན་ཡོད་ཅིང་།   འདོན་སྤྲོད་བྱེད་པའི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་རིན་གོང་དང་སྤུས་ཀ་ངེས་པར་དུ་གཅིག་མཚུངས་ཡིན་དགོས། 

གསུམ།  ཡུལ་སྐོར་ལས་དོན་ཁང་ལ་རང་ཉིད་ཀྱི་ནོར་འཁྲུལ་གྱིས་ཡུལ་སྐོར་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་པ་ལ་སྐྱིན་ཚབ་སྤྲོད་པའི་འོས་འགན་ཡོད། 

བཞི།  ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་བྱེད་སྒོ་སྤེལ་བའི་དུས་སུ་ཡུལ་སྐོར་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པའི་འོས་འགན་ཡོད། 

5 ཕན་ནུས།

གཅིག  ཡུལ་སྐོར་བྱེད་སྒོའི་རྩ་འཛུགས་པ་ཡིན། 

གཉིས།  ཡུལ་སྐོར་མཁོ་སྤྲོད་ལས་རིགས་ཀྱི་ཐོན་རྫས་འཚོང་ལམ་ཡིན།

གསུམ།   དམིགས་སའི་ཡུལ་སྐོར་ལས་རིགས་ཀྱི་གདོང་ལེན་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-09

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།