ཡིག་ཚགས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིག་ཚགས་ཁང་།
ཡིག་ཚགས་ཁང་ནི་ཡིག་ཚགས་འཚོལ་སྡུད་དང་ཉར་ཚགས་དོ་དམ་བྱེད་པའི་སྡེ་ཁག་ཅིག་ཡིན་ཞིང་། ཡིག་ཚགས་བསྡུ་ལེན་དང་འཚོལ་སྡུད། ཉར་ཚགས་དོ་དམ་དང་ཡིག་ཚགས་བཀོལ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ་སོགས་ལ་འགན་འཁུར་དགོས་པ་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་དབྱང་ནས་ས་གནས་ཁག་ཏུ་ཡིག་ཚགས་ཁང་གསར་འཛུགས་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
档案馆
ཕྱི་ཡིག་གི་མིང་།
archives
བསྡུ་ལེན།
ཡིག་ཚགས་བསྡུ་ལེན་དང་འཚོལ་སྡུད། ཉར་ཚགས་དོ་དམ་དང་ཡིག་ཚགས་བཀོལ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ་སོགས།
དུས་ཚོད།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས།
1 ངོ་སྤྲོད།

ཡིག་ཚགས་ཁང་ནི་ཡིག་ཚགས་འཚོལ་སྡུད་དང་ཉར་ཚགས་དོ་དམ་བྱེད་པའི་སྡེ་ཁག་ཅིག་ཡིན་ཞིང་། ཡིག་ཚགས་བསྡུ་ལེན་དང་འཚོལ་སྡུད།  ཉར་ཚགས་དོ་དམ་དང་ཡིག་ཚགས་བཀོལ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ་སོགས་ལ་འགན་འཁུར་དགོས་པ་ཡིན།  ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་དབྱང་ནས་ས་གནས་ཁག་ཏུ་ཡིག་ཚགས་ཁང་གསར་འཛུགས་བྱས་ཡོད།

མིག་སྔར་རང་རྒྱལ་ལ་རིམ་པ་སྣ་ཚོགས་ཀྱི་ཡིག་ཚགས་ཁང3816ཡོད་པ་དང་།   དེའི་ནང་རྒྱལ་ཁབ་ཕྱོགས་བསྡུས་ཡིག་ཚགས་ཁང3046དང་།   རྒྱལ་ཁབ་ཆེད་དམིགས་ཡིག་ཚགས་ཁང225   སྡེ་ཁག་ཡིག་ཚགས་ཁང142  ཁེ་ལས་ཡིག་ཚགས་ཁང304  རིག་གནས་ལས་དོན་ལས་ཁུངས་ཡིག་ཚགས་ཁང40   ཚན་རྩལ་ལས་དོན་ལས་ཁུངས་ཡིག་ཚགས་ཁང59བཅས་ཡོད།

2 ངོ་བོ།

《ཡིག་ཚགས་སྒྲིག་ཁྲིམས》དང་འབྲེལ་ཡོད་ཀྱི་ཡིག་ཆའི་ཐག་བཅད་པ་ལྟར་ན།  ཡིག་ཚགས་ཁང་ནི་ཏང་དང་རྒྱལ་ཁབ་ཀྱི་ཚན་རིག་རིག་གནས་ལས་དོན་སྡེ་ཁག་གི་ཁོངས་སུ་གཏོགས་པ་དང་།  ཡུན་རིང་ཡིག་ཚགས་ཉར་ཚགས་དོ་དམ་བྱེད་པའི་གནས་གཞི་ཡིན་པ་དང་ཚན་རིག་ཞིབ་འཇུག་དང་ཕྱོགས་སོ་སོའི་བྱ་བར་བཀོལ་སྤྱོད་བྱེད་པའི་ཡིག་ཚགས་ལོ་རྒྱུས་ཀྱི་ལྟེ་གནས་ཡིན།  རང་རྒྱལ་གྱི་ཡིག་ཚགས་ཁང་མང་ཆེ་བ་ནི་གཅིག་གྱུར་གྱིས་ཏང་དང་སྲིད་གཞུང་གི་ཡིག་ཚགས་ཉར་ཚགས་དོ་དམ་བྱེད་པའི་སྡེ་ཁག་ཅིག་ཡིན། དེ་བས་དེ་ནི་ཏང་གི་སྡེ་ཁག་ཡིན་པ་མ་ཟད་རྒྱལ་ཁབ་ཀྱི་སྡེ་ཁག་ཀྱང་ཡིན་ནོ། །ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་ཡིག་ཚགས་ལ་ལ་ནི་གསང་བའི་རང་བཞིན་ཡིན་པས།  ཡིག་ཚགས་ཁང་ལ་ད་དུང་གསང་གནད་རང་བཞིན་ལྡན་པ་ཡིན།

3 འོས་འགན།
3_1 སྤྱིར་བཏང་གི་འོས་འགན།

གཅིག་བསྡུས་གཅིག་གྱུར་གྱིས་ཏང་དང་རྒྱལ་ཁབ་ཀྱིས་ཡུན་རིང་ཉར་ཚགས་བྱེད་དགོས་པའི་ཡིག་ཚགས་རྣམས་དོ་དམ་བྱེད་པ་དང་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་སྲུང་སྐྱོང་བྱེད་པ། དངོས་ཡོད་ཀྱི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ལོ་རྒྱུས་ཀྱི་ཕུགས་ཡུན་གྱི་རེ་འདུན་ལ་ཞབས་ཞུ་སྒྲུབ་དགོས་པ་ཡིན། 

3_2 དངོས་ཡོད་འོས་འགན།

ཡིག་ཚགས་ཁང་གི་འོས་འགན་དངོས་ལ་ཕྱོགས་གསུམ་ཡོད་དེ།  གཅིག  ལས་ཁུངས་དང་ཚོགས་པའི་ཡུན་རིང་དང་ཉར་ཚགས་རིན་ཐང་ཡོད་པའི་ཡིག་ཚགས་དང་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་བསྡུ་ལེན་དང་འཚོལ་བསྡུ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཉར་ཚགས་དོ་དམ་བྱེད་པ།  གཉིས།  བྱེད་ཐབས་སྣ་ཚོགས་སྤྱད་དེ།  ཡིག་ཚགས་དཔྱད་གཞིའི་བཀོལ་སྤྱོད་བྱ་བར་ཧུར་ཐག་གིས་ཁྱབ་སྤེལ་གཏོང་བ།   གསུམ།  ལོ་རྒྱུས་ཀྱི་རྩོམ་སྒྲིག་བྱ་བར་ཞུགས་པ་བཅས་ཡིན། 

4 དོན་སྙིང་།

ས་གནས་ཀྱི་ལོ་རྒྱུས་དང་ཚན་རིག་འཕེལ་རྒྱས།  ས་ཁམས་འཕོ་འགྱུར་སོགས་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་དེ་བས་ཀྱང་གལ་ཆེན་ཡིན་པ་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་འབྱུང་ཁུངས་ནི་ས་གནས་ལོ་རྒྱུས་ཡིན་པས།  སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་དམངས་ཁྲོད་དུ་ཡོད་པའི་ལོ་རྒྱུས་ཡིག་ཚགས་རྣམས་བསྡུ་ལེན་དང་འཚོལ་བསྡུ་བྱེད་པ་ནི་ཧ་ཅང་གལ་ཆེའོ། །དེ་ལས་གཞན་ས་གནས་རང་བཞིན་གྱི་ཡིག་ཚགས་ཁང་ཡང་འཛུགས་སྐྲུན་བྱེད་དགོས་ཤིང་།   ས་གནས་རང་བཞིན་གྱི་ཡིག་ཚགས་ཁང་འཛུགས་སྐྲུན་བྱེད་པ་ནི་རྒྱལ་ཁབ་ལོ་རྒྱུས་ཡིག་ཚགས་ཁང་གི་རྒྱུ་ཆ་འཚོལ་བསྡུའི་གཞི་རྩའི་དམིགས་ཡུལ་ས་གནས་ཡིན་པ་དང་།  ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། ཡིག་ཚགས་ཁང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།