ཡན་ལག་དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡན་ལག་དངུལ་ཁང་།
ཡན་ལག་དངུལ་ཁང་ནི་དངུལ་ཁང་གི་ཡན་ལག་སྡེ་ཁག་ཅིག་ཡིན་ཞིང་། དེ་ནི་ས་གནས་དངུལ་ཁང་གི་གཙོ་གཉེར་སྡེ་ཁག་ཡིན། དེས་དངུལ་གསོག་ཁང་དང་ཡན་ལག་དངུལ་གཉེར་ཁང་གཉིས་དོ་དམ་བྱེད་ཐུབ། དངུལ་ཁང་ལ་སྤྱིའི་དངུལ་ཁང་དང་ཡན་ལག་དངུལ་ཁང་། ཡན་ལག་དངུལ་གཉེར་ཁང་དང་དངུལ་གསོག་ཁང་སོགས་ཀྱི་རིམ་པ་གསར་འཛུགས་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
支行
ཕྱི་ཡིག་གི་མིང་།
Subbranch
རྣམ་པ།
དངུལ་ཁང་གི་ཡན་ལག་སྡེ་ཁག
1 ངོ་སྤྲོད།

ཡན་ལག་དངུལ་ཁང་ནི་དངུལ་ཁང་གི་ཡན་ལག་སྡེ་ཁག་ཅིག་ཡིན་ཞིང་།  དེ་ནི་ས་གནས་དངུལ་ཁང་གི་གཙོ་གཉེར་སྡེ་ཁག་ཡིན།  དེས་དངུལ་གསོག་ཁང་དང་ཡན་ལག་དངུལ་གཉེར་ཁང་གཉིས་དོ་དམ་བྱེད་ཐུབ།  དངུལ་ཁང་ལ་སྤྱིའི་དངུལ་ཁང་དང་ཡན་ལག་དངུལ་ཁང་།  ཡན་ལག་དངུལ་གཉེར་ཁང་དང་དངུལ་གསོག་ཁང་སོགས་ཀྱི་རིམ་པ་གསར་འཛུགས་བྱས་ཡོད།

2 རིམ་པ་དབྱེ་བ།

སྤྱིར་བཤད་ན་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ནི་རིམ་པ་དང་པོའི་ཡན་ལག་དངུལ་ཁང་ཡིན་པ་དང་གྲོང་ཁྱེར་རིམ་པའི་ཡན་ལག་དངུལ་ཁང་ནི་རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་ཡིན།  གྲོང་ཁྱེར་མན་གྱི་རྫོང་རིམ་པའི་སྡེ་ཁག་ལ་ཡན་ལག་དངུལ་ཁང་ཟེར།  ཡན་ལག་དངུལ་ཁང་རེ་རེ་ལ་གཉེར་སྐྱོང་ཁང་རེ་རེ་ཡོད་ལ།  ད་དུང་ཡན་ལག་དངུལ་གཉེར་ཁང་དང་དངུལ་གསོག་ཁང་འགའ་རེའང་ཡོད།  

3 འོས་འགན།  

གཅིག  གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་ས་ཁུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། 

གཉིས།   དབང་བཅོལ་ལ་གཞིགས་ནས་ཕྱི་རྒྱལ་དངུལ་བརྗེས་དོ་དམ་གྱི་བྱ་བ་ཁྱབ་སྤེལ་བྱ་བ་དང་།   ཁོངས་གཏོགས་ས་ཁུལ་གྱི་ཕྱི་རྒྱལ་དངུལ་ལོར་གྱི་སྒྲིག་ལམ་གཏན་འཇགས་སྲུང་སྐྱོང་བྱེད་པ།

གསུམ།   འགྲེམས་གཏོང་མཛོད་ཁང་ལ་དོ་དམ་བྱེད་པ། 

བཞི།  མ་དངུལ་གཏོང་སྤྲོད་དང་ཞིབ་རྩིས་མ་ལག་གི་རྒྱུན་ལྡན་འཁོར་སྐྱོད་ལ་སྲུང་སྐྱོང་བྱེད་པ།  

ལྔ།  རྒྱལ་མཛོད་བདག་གཉེར་དོ་དམ་བྱེད་པ། 

དྲུག   དངུལ་རྩའི་བསྡོམས་རྩིས་སྤེལ་བ་དང་།  དངུལ་རྩའི་དཔལ་འབྱོར་བསྡོམས་རྩིས་བརྟག་དཔྱད་རྩ་འཛུགས་བྱེད་པ།  

བདུན།   དངུལ་རྩའི་ལས་རིགས་ཀྱི་སྒོར་མོ་ཡོངས་ཁུངས་གཙང་མ་ཡིན་པའི་བྱ་བ་བཀོད་སྒྲིག་ལ་མཛུབ་སྟོན་བྱེད་པ་དང་།  སྒོར་མོ་ཡོངས་ཁུངས་གཙང་མ་ཡིན་པའི་མ་དངུལ་གྱི་ལྟ་ཞིབ་ཚད་ལེན་ལ་འགན་ཁུར་བ།

བརྒྱད།   ཡིད་རྟོན་འཕྲིན་བསྡུའི་ལས་རིགས་ལ་དོ་དམ་བྱེད་པ་དང་སྤྱི་ཚོགས་ཡིད་རྟོན་དངུལ་བུན་གྱི་མ་ལག་གསར་འཛུགས་བྱེད་པར་སྐུལ་འདེད་བྱེད་པ། 

དགུ།  མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁར་དོགས་ཟོན་བྱེད་པ་དང་།  དངུལ་ལོར་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-09

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།