ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བསྡུས་མིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟེར་ཞིང་། དེས་འགྲིམ་འགྲུལ་སྐྱེལ་འདྲེན་བཀོད་སྒྲིག་བྱེད་ཚུལ་འགན་ལ་ཁུར་ནས་སྟབས་བདེ་དང་ཤར་མར་འགྲོ་ཐུབ་པ། བདེ་འཇགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེལ་འདྲེན་མ་ལག་གྲུབ་པར་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国交通运输部
ཕྱི་ཡིག་གི་མིང་།
Ministry of Transport of the People's Republic of China
བསྡུས་འབྲི།
MOT
1 ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བསྡུས་མིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟེར་ཞིང་།  དེས་འགྲིམ་འགྲུལ་སྐྱེལ་འདྲེན་བཀོད་སྒྲིག་བྱེད་ཚུལ་འགན་ལ་ཁུར་ནས་སྟབས་བདེ་དང་ཤར་མར་འགྲོ་ཐུབ་པ། བདེ་འཇགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེལ་འདྲེན་མ་ལག་གྲུབ་པར་བྱེད་པ་ཡིན།

གཞུང་ལམ་དང་ཆུ་ཐོག་འགྲུལ་ལམ་འགྲིམ་འགྲུལ་ལས་རིགས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་སྤྱི་ཁྱབ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམ་སྒྲིག་གི་ཐབས་ཇུས་དང་བྱེད་ཐབས་སྣ་ཚོགས་ནན་གྱིས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་འགྲིམ་འགྲུལ་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་ཡིན།  

2 འགན་ནུས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འགན་ནུས་གཙོ་བོ་ནི་གཤམ་གསལ་གྱི་དོན་ཚན་འགའ་ཡིན་ཏེ།

གཅིག རྒྱལ་ཁབ་ལྕགས་ལམ་ཅུའུ་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ།  རྒྱལ་ཁབ་སྦྲག་སྲིད་ཅུའུ་སོགས་ལ་དོ་དམ་བྱེད་པ་མ་ཟད།  འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་ལྟར་དེ་དག་གི་ཏང་གི་བྱ་བར་ཡང་དོ་དམ་བྱེད་དགོས། 

གཉིས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ་ལྕགས་ལམ་དང་གཞུང་ལམ། ཆུ་ཐོག་འགྲུལ་ལམ།  མཁའ་འགྲུལ་དང་སྦྲག་སྲིད་ལས་རིགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་གཞི་འགོད་པ་དང་།  ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་འཚམ་པའི་སྒྲིག་ལམ་གསར་འཛུགས་བྱས་ནས་འགྲིམ་འགྲུལ་ལས་རིགས་འཕེལ་རྒྱས་སུ་གཏོང་བ།

གསུམ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་ཇུས་དང་འཕེལ་རྒྱས་འཐབ་ཇུས་སོགས་འཆར་འགོད་གཏན་འབེབས་བྱེད་པ།

བཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་ལུགས་དང་སྒྲིག་སྲོལ་སོགས་ལ་འགན་འཁུར་ཏེ་གཏན་འབེབས་བྱེད་པ་དང་། ལྕགས་ལམ་དང་གཞུང་ལམ་། ཆུ་ཐོག་འགྲུལ་ལམ། མཁའ་ཐོག་འགྲུལ་ལམ། སྦྲག་སྲིད་ལས་རིགས་ཀྱི་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་འཆར་ཟིན་བྱ་བ་གཏན་འབེབས་བྱེད་པ།

ལྔ།  ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ཚད་གཞི་གཏན་འབེབས་བྱེད་པ་དང་།  འགྲིམ་འགྲུལ་སྐྱེན་འདྲེན་གྱི་རྣམ་པ་སྣ་ཚོགས་སྣེ་མཐུད་ཚད་ལྡན་དུ་འགྲོ་བར་སྙོམ་སྒྲིག་བྱེད་པ།

དྲུག   འགྲོ་ལམ་དང་ཆུ་ཐོག་འགྲུལ་ལམ་སྐྱེལ་འདྲེན་གྱི་ཚོང་རར་ལྟ་སྐུལ་དོ་དམ་གྱི་འགན་ཁུར་བ།

བདུན།   ཆུ་ཐོག་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་ཁུར་བ།

བརྒྱད།   ལྕགས་ལམ་དང་གཞུང་ལམ།  ཆུ་ཐོག་འགྲུལ་ལམ་བཅས་ཀྱི་གཏན་འཇགས་རྒྱུ་ནོར་མ་རྩ་གཏོང་བའི་ཁྱབ་རྒྱ་དང་ཁ་ཕྱོགས།   རྒྱལ་ཁབ་ནོར་སྲིད་ཅན་གྱི་མ་དངུལ་བཀོད་སྒྲིག་གི་བསམ་འཆར་བཏོན་ཏེ།   གཏན་འཇགས་རྒྱུ་ནོར་མ་རྩ་གཏོང་བའི་རྣམ་གྲངས་ལ་འགན་ཁུར་བ།

དགུ།   གཞུང་ལམ་དང་ཆུ་ཐོག་འགྲུལ་ལམ་འཛུགས་སྐྲུན་གྱི་ཚོང་རར་ལྟ་སྐུལ་དོ་དམ་གྱི་འགན་ཁུར་བ།

བཅུ།   གཞུང་ལམ་དང་ཆུ་ཐོག་འགྲུལ་ལམ་ལས་རིགས་ཀྱི་ཐོན་སྐྱེད་བདེ་འཇགས་དང་དགོས་མཁོ་མྱུར་སྒྲུབ་ཀྱི་དོ་དམ་བྱ་བར་མཛུབ་སྟོན་བྱེད་པ།

བཅུ་གཅིག  འགྲིམ་འགྲུལ་སྐྱེལ་འདྲེན་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གནང་བ་དང་འབྲེལ་ཡོད་ཀྱི་བརྡ་འཕྲིན་དྲིལ་བསྒྲགས་བྱས་ནས་གཞུང་ལམ་དང་ཆུ་ཐོག་འགྲུལ་ལམ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་གི་བྱ་བར་མཛུབ་སྟོན་བྱེད་པ། 

བཅུ་གཉིས།   འགྲིམ་འགྲུལ་སྐྱེལ་འདྲེན་རྒྱལ་སྤྱིའི་མཉམ་འབྲེལ་དང་བརྗེ་རེས་སོགས་ཀྱི་འབྲེལ་ཡོད་དོན་ཚན་གཅིག་གྱུར་གྱིས་འཆར་འགོད་དང་སྙོམས་སྒྲིག་བྱེད་པ།

བཅུ་གསུམ། མཚོ་ཐོག་སྐྱེལ་འདྲེན་དང་མཚོ་དོན།  གྲུ་ཁ་སོགས་ཀྱི་སྤྱི་བདེའི་བྱ་བར་མཛུབ་སྟོན་བྱེད་པ་དང་།   འགྲིམ་འགྲུལ་ཐད་གཏོགས་སྤྱི་བདེ་རུ་ཁག་ལ་དོ་དམ་བྱ་བ།

བཅུ་བཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་དེ་ལས་གཞན་པའི་དོན་དག་རྣམས་སྒྲུབ་འགན་ཁས་ལེན་བྱེད་པ་བཅས་ཡིན། 

3 འགོ་གཙོ་ངོ་སྤྲོད།

ཏང་ཙུའུ་ཧྲུའུ་ཅིའམ་པུའུ་ཀྲང་དབྱང་ཁྲོན་ཐང་།

ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་པུའུ་ཀྲང་གཞོན་པ་ཧྥེང་ཀྲེང་ལིན།

པུའུ་ཀྲང་གཞོན་པའམ་ཏང་ཙུའུ་ཁོངས་མི།   རྒྱལ་ཁབ་ལྕགས་ལམ་ཅུའུ་ཅུའུ་ཀྲང་ངམ་ཏང་ཙུའུ་ཧྲུའུ་ཅི་ལུའུ་ཏུང་ཧྥུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།