ཁ་བཏགས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཁ་བཏགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

ཁ་བཏགས།
བོད་སོག་གིས་འཚམས་རྟགས་ལ་འབུལ་བའི་ལྷ་རྫས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 哈达

དབྱིན་ཡིག Tibetan ceremonial scarf

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྔོན་ཆད་བོད་སོག་གིས་འཚམས་རྟགས་ལ་འབུལ་བའི་དར་དཀར་གྱི་མིང་སྟེ།  ཁ་དར་ཡང་ཟེར།

2.བརྡ་དག་མིང་ཚིག་གསལ་བ་ལས།  མཇལ་དར། 哈达,礼巾。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  འདི་ཡི་སྐོར་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ཏུ་མི་གསལ་ཡང་རྒན་རབས་མི་ཉུང་བ་ཞིག་གི་ངག་རྒྱུན་དུ་གནའ་རབས་བོད་དུ་སྐུ་མགྲོན་ཁྱིམ་དུ་ཕེབས་པ་དང་ཁྱིམ་ནས་ནང་མི་ཡུལ་གཞན་དུ་ཐོན་པ་སོགས་ཀྱི་སྐབས་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་མཚོན་བྱེད་དུ་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱབ་པ་དེར་ཁ་བཏགས་ཟེར་ཞིང༌། རྗེས་སུ་སོག་པོས་བོད་ས་གནས་སུ་དབང་བསྒྱུར་བྱས་སྐབས་དེའི་ཚབ་ཏུ་དར་སྔོན་པོ་དང་སེར་པོ་སོགས་མགུལ་དུ་གཡོགས་པ་དང་ཕྱག་ཏུ་འབུལ་བ་སོགས་ཀྱི་སྲོལ་དར་ནས་དེའི་མིང་ལ་ཁ་བཏགས་ཞེས་འབོད་སྲོལ་བྱུང་བ་ཡིན་ཞེས་གསུང་མཁན་འདུག་པ་དེའིདཔྱད་གཞིར་བཀོད།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  དར་རམ་ལྷ་རེག ནང་གསེས་སུ་ཁ་བཏགས་ནང་མཛོད་དང༌། ཨ་ཤེ། ཟུབ་ཤེ།  བསོད་བཏགས་སོགས་ཡོད།  哈达。一种作见面礼品的丝织物,相当于汉族古代的礼帛。内分特等内库哈达、头等阿喜、二等素喜、三等索达等品类。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག①བླ་མ་ལ་མཇལ་བ་དང་འགྲུལ་བ་བསུ་སྐྱེལ། མནའ་མ་དང་མག་པ་ལེན་པ། གླུ་ལེན་གར་རྩེད་བྱེད་པ་སོགས་དང་། མིའི་ཕུང་བོ་འདོན་པ་སོགས་ཀྱི་སྐབས་འཐེན་རྒྱུའི་ཁ་མཚར་ཅན་གྱི་དར་ཡུག་ཅིག་སྟེ། དེང་སང་དཀར་དམར་སོགས་མདོག་སྣ་ཚོགས་མཆིས། དེ་ལ་ནང་གསེས་སུ། ནང་མཛོད། ཨ་ཤེ། ཟུབ་ཤེ། བསོད་བཏགས་སམ་བསོད་ནམས་ཁ་བཏགས། མཛོད་བཏགས་སོགས་རིགས་མ་འདྲ་བ་མང་། ཧི་མ་ལ་ཡའི་རི་རྒྱུད་དང་སོག་ཡུལ་དུའང་བེད་སྤྱོད་བྱེད་ཀྱི་ཡོད། འདི་ལ། ཁ་དར་ཡང་ཟེར། དཔེར་ན། ལག་ཏུ་ཁ་བཏགས་བཟུང་། ཁ་བཏགས་མགུལ་བར་བསྒྲོན་ལྟ་བུ། ②མང་པོ་སྡེབ་གསོད་བྱས་པའི་དོན། དཔེར་ན། རྔོན་པས་རི་དྭགས་ཁ་བཏགས་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-06

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།