ཡར་འདྲེན་བཅུ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ཚད་སྤྱིའི་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། པ་ཡག་རྩ་བ། སྲོ་ལོ་དཀར་པོ། སྤང་རྒྱན་དཀར་པོ། ཟི་ར་དཀར་པོ། ཙན་དན་དམར་པོ་སོགས་སྨན་སྣ་བཅུ་གསུམ་ལས་གྲུབ་པ་དང་། བ་ཡི་འོ་མས་འཕུལ་བའི་གློ་ནད་ཀུན་དང་། ཁྱད་པར་གློ་ནས་བུང་ཚང་ཅན། བད་གློ་ཅན་གྱི་ལུད་པ་རྣག་ཅན་ལུ་བ་སོགས་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十三味上引丸
རྣམ་པ།
རིལ་བུ།
1 སྨན་སྦྱོར།

པ་ཡག་རྩ་བ། སྲོ་ལོ་དཀར་པོ། སྤང་རྒྱན་དཀར་པོ། ཟི་ར་དཀར་པོ། ཙན་དན་དམར་པོ། ཙན་ནད་དཀར་པོ། ཅུ་གང་། གུར་གུམ།  ཤིང་མངར་སོགས་སྨན་སྣ་བཅུ་གསུམ་ལས་གྲུབ་པ་ཡིན།

2 ཕན་ནུས།

བ་ཡི་འོ་མས་འཕུལ་བའི་གློ་ནད་ཀུན་དང་། ཁྱད་པར་གློ་ནས་བུང་ཚང་ཅན། བད་གློ་ཅན་གྱི་ལུད་པ་རྣག་ཅན་ལུ་བ་སོགས་ལ་ཕན་པ་ཡིན།

3 ངོ་བོ།

སྨན་སྦྱོར་འདི་ཁ་དོག་ཁམ་སྐྱ་དང་དྲི་ཞིམ་ཞིང་རོ་ཁ་ཞིང་བསྐ་ལ་མངར་བའི་རིལ་བུ་རང་བཞིན་ཅུང་བསིལ་ལ་བཟི་མེད་པ་ཞིག་ཡིན།

4 བསྟེན་ཐབས།

ཉིན་རེར་ཐེངས3དང་། ཐེངས་རེར་ཁེ2རེ་གཏོང་བའམ་ཡང་ན་སྨན་པའི་ངག་བཞིན་བསྟེན་དགོས།

5 ཉར་ཐབས།

སྣོད་ཀྱི་ཁ་བཀབ་ནས་བརླན་མེད་པའི་བསིལ་སར་འཇོག་དགོས།

6 ཚད་གཞི།

རིལ་བུ་རེར་ལྗིད་ཚད་ཁེ0.25ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།