ཁ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་བ།
1.དགུན་དུས་མཁའ་དབྱིངས་ཀྱི་ཆུ་རྡུལ་ཕྲ་མོ་ཆབ་རོམ་གྱི་ཟེགས་མར་གྱུར་ནས་མར་བབས་པ་དེའི་མིང་། 2.རོ་དྲུག་གི་ཡ་གྱལ་ཏེ་དོམ་མཁྲིས་ལྟ་བུའི་རྫས་གང་ཁར་རེག་པའི་ཚེ་ཁ་ཡི་དྲི་སྦྱང་ཞིང་ཡི་ག་མེད་པར་གྱུར་པའི་བྲོ་བ་ཞིག
1 ​ལོ་ཙཱ།

རྒྱ་ཡིག 1.雪;2.苦味

དབྱིན་ཡིག 1.snow; 2.bitter

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①དགུན་དུས་མཁའ་དབྱིངས་ཀྱི་ཆུ་རྡུལ་ཕྲ་མོ་ཆབ་རོམ་གྱི་ཟེགས་མར་གྱུར་ནས་མར་བབས་པ་དེའི་མིང་སྟེ། ཁ་བ་བུ་ཡུག་འཚུབ་ལྟ་བུ། མིང་བསྡུས་ན་ཁ་ཞེས་འབྲི་ཆོག་སྟེ། ཁ་བ་དང་ཆར་བ་ལ་ཁ་ཆར་ཟེར་བ་ལྟ་བུ། ②(རྒྱན་ཚིག)〈ཀ〉 ཏིག་ཏའི་རོ་ལྟ་བུའི་བྲོ་བ་སྟེ། རོ་ཧ་ཅང་ཁ་ཞེས་པ་ལྟ་བུ། 〈ཁ〉 ལྕེའི་མྱོང་ཚོར་ཧ་ཅང་ཚ་བའི་དོན་ཏེ། ཚྭ་ཧ་ཅང་ཁ། ཇ་ཁ་མོ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  གངས་དང་རོའི་བྱེ་བྲག་ཁ་དྲི་ལའང་། ①雪。②苦味。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  I.[ཐ་མི་དད་པ] དྲི་མ་འཐུལ་བ།  放散,发放。散发气味:མེ་ཏོག་གི་དྲི་བསུང་རྒྱང་རིང་དུ་ཁ་བ། 花香远溢。II.名词。①གངས།  雪:ཁ་བ་སིབ་སིབ་འབབ་པ། 正下着微雪。རྡོ་ཚན་གྱི་སྟེང་དུ་ཁ་བ་བབ་པ།  雪落暖石。喻瞬即消逝。མིང་གི་རྣམ་གྲངས་ལ་གངས་དང༌། ཆར་སྐུ། མཆོད་བྱ་བཅས་སོ།  ②རོ་དྲུག་གི་ཡ་གྱལ་ཏེ་དོམ་མཁྲིས་ལྟ་བུའི་རྫས་གང་ཁར་རེག་པའི་ཚེ་ཁ་ཡི་དྲི་སྦྱང་ཞིང་ཡི་ག་མེད་པར་གྱུར་པའི་བྲོ་བ་ཞིག 苦味。六种主味之一。如熊胆等物人口即能完全消除口中气味,致使食欲败退的一种味道。  

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①དྲི་མ་འཐུལ་བའི་བྱ་མིང་སྟེ། དཔེར་ན། མེ་ཏོག་སེར་ཆེན་གྱི་དྲི་བསུང་རྒྱང་རིང་དུ་ཁ་བ། ②  གངས་སམ་ཁ་བ། དཔེར་ན། ཁ་བ་ཉིན་འབབ་མཚན་འབབ་ལྟ་བུ། མིང་གི་རྣམ་གྲངས། གངས། ཧི་མཾ། ཀུན་ཏུ་བསིལ། ཁ་བའི་བལ་འདབ། གངས་འདབ། ཁུ་འཕངས། ཆར་སྐྱ། སྤྲིན་གྱི་མེ་ཏོག རབ་བསྒོས་སྐྱེས། རྒྱན་ཚིག ཁ་བོ་ཡི་བསྡུར་རིམ་གཉིས་པ། ལྕེ་ཡིས་མྱངས་ན་ལྕང་མའི་ཤུན་ལྤགས་དང་། ཏིག་ཏ། མཁྲིས་པ་སོགས་ཀྱི་རོ་ཞིག་ལྟ་བུ་ཞིག་ཡིན། དཔེར་ན། སྨན་འདི་ལས་ཁ་བ་ཞིག་བཏུང་དགོས་ན་དཀའ་ལྟ་བུ།  ལྡོག་ཚིག མངར་བ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-21

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།