ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིབ་དཔྱོད་ཁང་།
ཞིབ་དཔྱོད་ཁང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་ཡོངས་ཁྱབ་ཏུ་གསར་འཛུགས་བྱས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཤིག་ཡིན་ཞིང་། མི་དམངས་ཞིབ་དཔྱོད་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟ་སྐུལ་སྡེ་ཁག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་། དམག་དོན་ཞིབ་དཔྱོད་ཁང་སོགས་ཆེད་མངགས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གསར་འཛུགས་བྱས་ཡོད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོབ་བྱེད་ཆེད་ཞིབ་དཔྱོད་སྡེ་ཁག་ངེས་པར་དུ་འབྲེལ་བ་དམ་པོར་ཡིན་པ་དང་གཅིག་གྱུར་རང་བཞིན་ཡིན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
检察院
ཕྱི་ཡིག་གི་མིང་།
procuratorate
ངོ་བོ།
ཁྲིམས་འཛིན་སྡེ་ཁག
ཀྲུང་དབྱང་ལས་ཁུངས།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།
ས་གནས་མ་ལག
ཞིང་ཆེན་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་། གཞི་རིམ་ཞིབ་དཔྱོད་ཁང་།
1 ངོ་སྤྲོད།

ཞིབ་དཔྱོད་ཁང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་ཡོངས་ཁྱབ་ཏུ་གསར་འཛུགས་བྱས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཤིག་ཡིན་ཞིང་།   མི་དམངས་ཞིབ་དཔྱོད་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟ་སྐུལ་སྡེ་ཁག་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་། དམག་དོན་ཞིབ་དཔྱོད་ཁང་སོགས་ཆེད་མངགས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གསར་འཛུགས་བྱས་ཡོད།  རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོབ་བྱེད་ཆེད་ཞིབ་དཔྱོད་སྡེ་ཁག་ངེས་པར་དུ་འབྲེལ་བ་དམ་པོར་ཡིན་པ་དང་གཅིག་གྱུར་རང་བཞིན་ཡིན་དགོས།

2 རྩ་འཛུགས་མ་ལག
2_1 ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནི་ཀྲུང་གོའི་ཆེས་མཐོ་བའི་ཁྲིམས་ལུགས་ལྟ་སྐུལ་སྡེ་ཁག་ཅིག་ཡིན་ཞིང་།  དེས་ས་གནས་སོ་སོའི་མི་དམངས་ཁྲིམས་ཁང་གི་བྱ་བར་འགོ་ཁྲིད་མཛད་པ་དང་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་འོག་རིམ་མི་དམངས་ཁྲིམས་ཁང་གི་བྱ་བར་འགོ་ཁྲིད་མཛད་པ་ཡིན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་བ་ཡིན། 

2_2 ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་།

ཞིང་ཆེན་དང་རང་སྐྱོང་ས་ཁུལ།  ཐད་སྐྱོང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

2_3 ས་གནས་ཁག་གི་ཞིབ་དཔྱོད་ཁང་།

ཞིང་ཆེན་དང་རང་སྐྱོང་ས་ཁུལ། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ཡན་ལག་ཁང་དང་།   རང་སྐྱོང་ཁུལ་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་།

2_4 གཞི་རིམ་ཞིབ་དཔྱོད་ཁང་།

རྫོང་དང་གྲོང་ཁྱེར།   རང་སྐྱོང་རྫོང་དང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

2_5 ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་།  

ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་དུ་དམག་དོན་ཞིབ་དཔྱོད་ཁང་དང་ལྕགས་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་འདུ།

3 འོས་འགན།

མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ཞིབ་དཔྱོད་བྱེད་དབང་ལག་ལེན་བྱས་པ་བརྒྱུད་དེ་རང་ཉིད་ཀྱི་འོས་འགན་འགྲུབ་པར་བྱེད་པ་ཡིན།  དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་བའི་གྱོད་གཞི་དང་སྤྱི་དམངས་ལུས་ཁམས་ཀྱི་ཁེ་དབང་ལ་གནོད་པ་སྐྱེལ་བའི་གྱོད་གཞི།  དེ་ལས་གཞན་པའི་གལ་ཆེན་རང་བཞིན་གྱི་གྱོད་གཞི་སོགས་ལ་ཞིབ་དཔྱོད་བྱེད་དབང་ལག་ལེན་བྱེད་པ་དང་།  སྤྱི་བདེ་སྡེ་ཁག་གི་མྱུལ་ཞིབ་གྱོད་གཞི་ལ་ཞིབ་དཔྱོད་བྱས་ནས་འཛིན་བཟུང་བྱེད་དགོས་མིན་ལ་ཐག་གཅོད་བྱེད་པ།  སྤྱི་བདེ་སྡེ་ཁག་དང་མི་དམངས་ཁྲིམས་ཁང་།  བཙོན་ཁང་།  ངལ་རྩོལ་བསྒྱུར་བཀོད་སྡེ་ཁག་གི་བྱེད་སྒོ་ཁྲིམས་མཐུན་ཡིན་མིན་ལ་ལྟ་སྐུལ་བྱེད་པ་བཅས་ཡིན། 

རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་ནི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་ལྟོས་བཅས་ཀྱིས་གསར་འཛུགས་བྱས་པ་ཡིན་ཞིང་།  མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལུགས་ལ་བརྟེན་ནས་ཞིབ་དཔྱོད་བྱེད་དབང་རང་ཚུགས་སུ་སྤྱོད་པ་ཡིན་ལ།  སྲིད་འཛིན་སྡེ་ཁག་དང་ཚོགས་པ།  མི་སྒེར་སུས་ཀྱང་གནོད་པ་བྱེད་མི་ཆོག་པ་དང་།  སྤྱི་དམངས་སུ་ཞིག་ཡིན་རུང་ཁྲིམས་ལུགས་བཀོལ་སྤྱོད་སྟེང་འདྲ་མཉམ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-09

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།