ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ།
ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་རིག་གནས་ལས་དོན་ལས་ཁུངས་ཡིན་ཞིང་། དེ་ནི་ཀྲོའུ་ཨེན་ལའེ་ཙུང་ལི་ཡིས་ཆོག་མཆན་གནང་ནས་གསར་འཛུགས་བྱས་པ་དང་། རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་སྡེ་ཁག་གཅིག་པུ་ཡིན། དེས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་གཅིག་གྱུར། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད། མི་རིགས་རིག་གནས་དར་སྤེལ་དང་དར་རྒྱས་སུ་གཏོང་བ། མི་རིགས་སྐད་ཡིག་གི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་སོགས་ཀྱི་ཕྱོགས་ལ་བྱས་རྗེས་ཆེན་པོ་འཇོག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国民族语文翻译局
ཕྱི་ཡིག་གི་མིང་།
National Language Translation Bureau
དབུ་བརྙེས་པའི་དུས་ཚོད།
སྤྱི་ལོ1955ལོའ་ཟླ12བའི་ཚེས12ཉིན།
འགོ་ཁྲིད་གཙོ་བོ།
ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ལི་ཅན་ཧུའེ།
1 ངོ་སྤྲོད།

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་རིག་གནས་ལས་དོན་ལས་ཁུངས་ཡིན་ཞིང་།  དེ་ནི་ཀྲོའུ་ཨེན་ལའེ་ཙུང་ལི་ཡིས་ཆོག་མཆན་གནང་ནས་གསར་འཛུགས་བྱས་པ་དང་། རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་སྡེ་ཁག་གཅིག་པུ་ཡིན།  དེས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས།  སྲིད་ཇུས་དྲིལ་བསྒྲགས།  མི་རིགས་མཐུན་སྒྲིལ་སྲུང་སྐྱོང་།  སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་གཅིག་གྱུར།  གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད།  མི་རིགས་རིག་གནས་དར་སྤེལ་དང་དར་རྒྱས་སུ་གཏོང་བ། མི་རིགས་སྐད་ཡིག་གི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་སོགས་ཀྱི་ཕྱོགས་ལ་བྱས་རྗེས་ཆེན་པོ་འཇོག་པ་ཡིན།  ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ནི་ཀྲུང་གོ་ལོ་ཙཱ་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཟུར་རྟེན་ལས་ཁུངས་ཡིན་ཞིང་།   གཙོ་སྒྲུབ་བྱས་པའི་དུས་དེབ་ལ《མི་རིགས་ལོ་ཙཱ》ཡོད།

2 འོས་འགན།

གཅིག  ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་གཙོ་བོ་དང་སྒྲིག་ཁྲིམས།  ཚོགས་འདུ་གལ་ཆེན་སོགས་མི་རིགས་ཀྱི་སྐད་དུ་བསྒྱུར་ནས་ཏང་དང་རྒྱལ་ཁབ།  སྤྱི་ཚོགས་ལ་མི་རིགས་སྐད་ཡིག་ལོ་ཙཱའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། 

གཉིས།  མི་རིགས་སྐད་ཡིག་རྨང་གཞིའི་གཞུང་ལུགས་དང་ལོ་ཙཱའི་གཞུང་ལུགས།  འབྲེལ་ཡོད་ཀྱི་གནད་དོན་ཁྱད་པར་ཅན་ལ་ཞིབ་འཇུག་འདོན་སྤེལ་བྱས་ནས་འབྲེལ་ཡོད་ཀྱི་བསམ་འཆར་འདོན་དགོས། 

གསུམ།  མི་རིགས་སྐད་ཡིག་གི་ཐད་སྙད་གསར་བ་ཚད་ལྡན་ཅན་དུ་གཏོང་བ་དང་།  མི་རིགས་སྐད་ཡིག་བརྡ་ཆད་གསར་བའི་ཚད་ལྡན་ཅན་གྱི་བསམ་འཆར་འདོན་པ།

བཞི།  མི་རིགས་སྐད་ཡིག་ཆ་འཕྲིན་ཅན་གྱི་འབྲེལ་ཡོད་ཀྱི་བྱ་བར་ཞུགས་པ་དང་སྒྲུབ་འགན་ཁས་ལེན་བྱེད་པ། 

ལྔ།  མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་ལས་ཁུངས་དང་མི་རིགས་སྐད་ཡིག་ལོ་ཙཱའི་ཆེད་མཁས་པར་འབྲེལ་བ་བྱས་ཏེ།   མི་རིགས་སྐད་ཡིག་ལོ་ཙཱ་དང་འབྲེལ་ཡོད་ཀྱི་ལས་སྒོའི་བརྗེ་རེས་མཉམ་འབྲེལ་དང་།   ལས་སྒོའི་གསོ་སྦྱོང་སོགས་ཀྱི་བྱ་བའི་འགན་ཁུར་བ།

དྲུག  རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་བྱས་པའི་གཞན་པའི་དོན་དག་སྒྲུབ་འགན་ཁས་ལེན་བྱེད་པ་བཅས་ཡིན། 

3 ལས་ཐོག་འགོ་གཙོ།

ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཅུའུ་ཀྲང་གཞོན་པ།  སྤྱི་ཁྱབ་འགྱུར་ཞུས་པ་ཨ་ལི་མུའུ་ཅང་ཧྲ་པི་ཏི།

ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྒྲིག་ཨུའི་ཧྲུའུ་ཅི་ཀྲང་ཏེ་ཨན།

ཅུའུ་ཀྲང་གཞོན་པ་ལི་ཝན་ཡིང་།

སྤྱི་ཁྱབ་རྩིས་པ་ཀུའོ་ཅེ།

4 སྒྲིག་གཞི་འཛུགས་སྟངས།

མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་མངའ་འོག་ཏུ་ཏང་ཨུའི་གཞུང་སྒྲུབ་ཁང་དང་ལས་སྒོ་ཁྲུའུ།  ཞིབ་འཇུག་ཁང་། མི་དོན་ཁྲུའུ།  ནོར་སྲིད་ཁྲུའུ། ཞབས་ཞུ་ལྟེ་གནས།  མི་རིགས་སོ་སོའི་སྐད་ཡིག་ཁང་སོགས་ཡོད་ཅིང་།  དེའི་ནང་མི་རིགས་སྐད་ཡིག་གཞུང་ལས་ཁང་སོ་སོའི་བྱ་བ་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཡིག་ཆ་དང་ཚོགས་འདུ་གལ་ཆེན་སོགས་རང་མི་རིགས་ཀྱི་སྐད་དུ་བསྒྱུར་བ་དང་།  མི་རིགས་སྐད་ཡིག་ཡིག་སྒྱུར་དང་རྩོམ་སྒྲིག   ཞིབ་བཤེར་གཏན་འབེབས།  མ་ཡིག་གཏོང་བའི་བྱ་བ་བཅས་ལ་འགན་ཁུར་ཞིང་།   རང་མི་རིགས་ཀྱི་སྐད་ཡིག་དུས་ཐོག་ལོ་ཙཱའི་བྱ་བ་དང་རྒྱུ་ཆ་དོ་དམ་བྱ་བ།  བརྡ་ཆད་གསར་བ་འཚོལ་བསྡུ་སོགས་ལ་འགན་ཁུར་བ།  ལས་སྒོའི་བརྗེ་རེས་དང་ནང་ཁུལ་གྱི་གསོ་སྦྱོང་།  འབྲེལ་ཡོད་ཀྱི་ཞིབ་འཇུག་བྱ་བ་སོགས་ལ་འགན་ཁུར་བ་ཡིན།  མི་རིགས་སོ་སོའི་སྐད་ཡིག་ཁང་གི་མངའ་འོག་ཏུ་ཕྱོགས་བསྡུས་ཚན་ཁག་དང་ལོ་ཙཱའི་ཚན་ཁག་སོགས་ཡོད།  བོད་སྐད་ཡིག་ཁང་གི་མིག་སྔའི་འགོ་གཙོ་ནི་ཀྲུའུ་རིན་ཚེ་རིང་ནོར་བུ་དང་ཀྲུའུ་རིན་གཞོན་པ་ཟླ་བ་ཚེ་རིང་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།