མི་དོན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དོན་ཅུའུ།
མི་དོན་ཅུའུ་ནི་སྲིད་གཞུང་གི་འགན་ནུས་སྡེ་ཁག་ཅིག་ཡིན་ཞིང་། དེའི་མངའ་འོག་ཏུ་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་གོ་གནས་བཅོས་བསྒྱུར་གཞུང་ལས་ཁང་། མི་དོན་བཀོད་སྒྲིག་མ་རྐང་འཛིན་ཤོག ཤེས་ལྡན་མི་སྣ་བརྗེ་རེས་ལྟེ་གནས། མི་ཤུགས་ཐོན་ཁུངས་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人事局
ཕྱི་ཡིག་གི་མིང་།
Personnel bureau
ངོ་བོ།
རྩ་འཛུགས་སྡེ་ཁག
བྱ་བའི་འོས་འགན།
ལས་དོན་ལས་ཁུངས་ཀྱི་མི་སྣའི་གླ་ཕོགས་གི་བྱ་བ་སྒྲུབ་པ།
1 ​ངོ་སྤྲོད།

མི་དོན་ཅུའུ་ནི་སྲིད་གཞུང་གི་འགན་ནུས་སྡེ་ཁག་ཅིག་ཡིན་ཞིང་།  དེའི་མངའ་འོག་ཏུ་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་གོ་གནས་བཅོས་བསྒྱུར་གཞུང་ལས་ཁང་། མི་དོན་བཀོད་སྒྲིག་མ་རྐང་འཛིན་ཤོག  ཤེས་ལྡན་མི་སྣ་བརྗེ་རེས་ལྟེ་གནས། མི་ཤུགས་ཐོན་ཁུངས་སོགས་ཡོད།

2 བྱ་བའི་འོས་འགན།

གཅིག  རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྒྲིག་ལམ་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་རྒྱལ་ཁབ་སྡེ་ཁག་གི་གཞུང་ཞབས་པའི་ལས་འགན་གྱི་དབྱེ་བ་དང་རྒྱུགས་ལེན།  གོ་གནས་སྤོར་གཅོག   གླ་ཕོགས།   ཁེ་དབང་སྲུང་སྐྱོང་སོགས་ལ་འགན་ཁུར་བ། 

གཉིས།  སྤྱི་ཁོག་གིས་ལས་དོན་ལས་ཁུངས་ཀྱི་སྲིད་འཛིན་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣར་དོ་དམ་བྱེད་པ།  ཁེ་ལས་དང་ལས་དོན་ལས་ཁུངས་ཆེད་ལས་ལག་རྩལ་ལས་འགན་གྱི་ཞིབ་དཔྱད་བྱ་བར་འགན་ཁུར་བ། 

གསུམ།  ཏང་སྲིད་ལས་ཁུངས་ཀྱི་བཅོས་བསྒྱུར་འཆར་ཟིན་དང་རྒྱལ་ཁབ་ཀྱི་སྲིད་འཛིན་སྡེ་ཁག་གི་ལས་འགན་སྙོམ་སྒྲིག་གི་བསམ་འཆར་ཞིབ་འཇུག་བྱས་ཏེ་འཆར་གཞི་གཏན་འབེབས་བྱེད་པ། རྫོང་གི་སྡེ་ཁག་གི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བ་སྒྲུབ་འགན་ཁས་ལེན་བྱེད་པ།

བཞི།  རྫོང་ཡོངས་ཀྱི་སྲིད་ཏང་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་སྡེ་ཁག་སྒྲིག་ལུགས་དོ་དམ་བྱ་བར་འགན་ཁུར་བ་དང་།   སྡེ་ཁག་སྒྲིག་འཛུགས་ཞིབ་བཤེར་གཏན་འབེབས་དང་མི་སྣའི་སྒྲིག་གཞི་སྙོམས་སྒྲིག་ལ་འགན་ཁུར་དགོས།

ལྔ།   ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་མི་དོན་སྒྲིག་ལམ་བཅོས་བསྒྱུར་གྱི་སྙོམ་སྒྲིག་གི་བྱ་བའི་འགན་ཁུར་བ།

དྲུག  རྫོང་ཡོངས་ཀྱི་ཤེས་ལྡན་མི་སྣའི་རྒྱུན་འཁོར་གྱི་སྲིད་ཇུས་གཏན་འབེབས་ལ་འགན་ཁུར་དགོས་པ་དང་།   རྫོང་ཡོངས་ཀྱི་ཤེས་ལྡན་མི་སྣའི་རྒྱུན་འཁོར་དང་གསོ་སྦྱོང་།   སློབ་གསོའི་བྱ་བ་མུ་མཐུད་ངང་བསྒྲུབ་པ་སོགས་ལ་རྩ་འཛུགས་བྱས་ཏེ་ཤེས་ལྡན་མི་སྣའི་རྒྱུན་འཁོར་གྱི་སྤྱི་ཚོགས་མཐུན་སྦྱོར་ནང་རྐྱེན་དང་ཤེས་ལྡན་མི་སྣའི་ཆ་འཕྲིན་མཛོད་འཛུགས་དགོས་པ།

བདུན།   རྒྱལ་ཁབ་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་བྱ་བའི་མི་སྣའི་འཆར་གཞི་དང་གླ་ཕོགས་འཆར་གཞིའི་སྒྲིག་ལུགས་ལ་འགན་ཁུར་དགོས་པ་དང་།   འབྲེལ་ཡོད་ཀྱི་བསྡོམས་རྩིས་བྱ་བར་འགན་ཁུར་དགོས་པ།

བརྒྱད།   རྫོང་ཡོངས་ཀྱི་རྒྱལ་ཁབ་ཀྱི་སྲིད་འཛིན་སྡེ་ཁག་དང་ལས་དོན་ལས་ཁུངས་ཀྱི་མི་སྣའི་གླ་ཕོགས་ཀྱི་བྱ་བའི་འགན་ཁུར་དགོས་པ། 

དགུ།  འབྲིང་རིམ་དང་ཆེད་སྦྱོང་མཐར་ཕྱིན་སློབ་མའི་བསྐོ་མངག་དང་།   དམག་དཔུང་ལས་བསྒྱུར་མི་སྣའི་བྱ་བའི་བཀོད་སྒྲིག་ལ་འགན་ཁུར་དགོས་པ།

བཅུ།   མི་དོན་ཁྲིམས་ཀྱི་ཡོངས་ཁྱབ་དང་མི་དོན་སྲིད་ཇུས་ཀྱི་ཞིབ་འཇུག་བརྟག་དཔྱད་ལ་འགན་ཁུར་དགོས་པ་དང་།   མི་དོན་བྱ་བ་ཡིས་དཔལ་འབྱོར་འཛུགས་སྐྲུན་ཞབས་ཞུ་ཡི་ནུས་ཐོན་ཐབས་ལམ་ལ་དཔྱད་བསྡུར་བྱེད་པ་བཅས་ཡིན།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། མི་དོན་ཅུའུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-08

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།