མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་ཟེར་ཞིང་། བསྡུས་མིང་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་བྱ། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་གནས་ལས་ཁུངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民代表大会常务委员会
ཕྱི་ཡིག་གི་མིང་།
People's Congress Standing Committee
རྣམ་པ།
ཨུ་ཡོན་ལྷན་ཁང་།
ཁོངས་གཏོགས།
རྒྱལ་ཁབ།
1 ངོ་སྤྲོད།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་ཟེར་ཞིང་།  བསྡུས་མིང་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་བྱ།  དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་གནས་ལས་ཁུངས་ཡིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ་ཆ་ཤས། དྲུང་ཡིག་ཆེན་མོ། ཨུ་ཡོན་ཆ་ཤས་ཀྱིས་གྲུབ་པ་ཡིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཚུལ་མི་སྣ་ནི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཁྲོད་ནས་བྱུང་བ་ཡིན་ཞིང་།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་ཁུར་བ་དང་བྱ་བ་སྙན་ཞུ་བྱེད་པ་དང་། འགན་འཛིན་ཡུན་ཚད་ནི་ལོ་ལྔ་ཡིན་པ་དང་རྒྱལ་ཡོངས་དམངས་འཐུས་ཀྱི་ཆེད་ལས་ཨུ་ཡོན་ལྷན་ཁང་སོ་སོ་ལ་འགན་ཁུར་དགོས།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཚུལ་མི་སྣ་ཡིས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་སྡེ་ཁག  ཞིབ་དཔྱོད་ལས་ཁུངས་སོགས་ཀྱི་ལས་འགན་ཁུར་མི་ཆོག

2 འགན་དབང་ཁྱབ་ཁོངས།

དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་དབུ་ཁྲིད་མཛད་པ་དང་།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུ་པ་ཡིན།  ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོས་ཨུ་ཡོན་ཀྲུང་གི་བྱ་བར་གཞོགས་འདེགས་བྱེད་པ་ཡིན།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཟླ་གཉིས་ཀྱི་ནང་དུ་ཐེངས་གཅིག་ལ་འཚོགས་པ་དང་།  གལ་ཏེ་གནས་ཚུལ་ཁྱད་པར་དང་འཕྲད་ཚེ་སྐབས་ཐོག་ཏུ་ཚོགས་འདུ་བསྡུས་ཆོག  ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོས་ཨུ་ཡོན་ཀྲང་ཚོགས་འདུ་གྲུབ་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བ་གལ་ཆེན་ཐག་གཅོད་བྱེད་པ་རེད།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མངའ་འོག་ཏུ་མི་རིགས་ཨུ་ཡོན་ལྷན་ཁང་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་དང་ཚན་རིག  འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་།  ཁོར་ཡུག་དང་ནུས་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་སོགས་གསར་འཛུགས་བྱས་ཡོད།

3 འབྲེལ་བ།
3_1 ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་བར་གྱི་འབྲེལ་བ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་བར་ལ་འགོ་ཁྲིད་ཀྱི་འབྲེལ་བ་མེད་མོད།  འོན་ཀྱང་ཁྲིམས་ལུགས་སྟེང་གི་ལྟ་སྐུལ་གྱི་འབྲེལ་བ་དང་བྱ་བའི་འབྲེལ་བ།   དབུ་ཁྲིད་བཅས་ཀྱི་འབྲེལ་བ་ཡོད། 

3_2 ཁྲིམས་ལུགས་སྟེང་གི་ལྟ་སྐུལ་གྱི་འབྲེལ་བ།

ཞིང་ཆེན་དང་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་ས་གནས་རང་བཞིན་གྱི་སྒྲིག་ཁྲིམས་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་བྱས་ནས་ཐོ་འགོད་བྱེད་དགོས།

3_3 བྱ་བའི་འབྲེལ་བ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོགས་སྐབས་སུ་ཞིང་ཆེན་དང་རང་སྐྱོང་ས་ཁུལ་གྱི་འཐུས་མི་རྣམས་གདན་འདྲེན་ཞུ་དགོས་པ་དང་འདེམས་བསྐོ་སོགས་ཀྱི་བྱ་བར་དབུ་ཁྲིད་མཛད་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-08

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།