སྐྱེར་རྒོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེར་རྒོད།
ལོ་མང་སྐྱེ་བའི་སྐྱེར་བའི་རིགས་ཤིག་ཡིན་ཞིང་། སྡོང་ཐུང་ཤིང་སྨན་གྱི་རིགས་ལ་སྡོང་པོའི་ཕྱི་པགས་རྩུབ་པ། ཚེར་མ་མཁྲེགས་ལ་རྣོ་བ། བར་ཤུན་སེར་ཞིང་། ལོ་མ་ལྗང་ལ་ནག་ཅིང་མཐུག་པ་སྒོང་དབྱིབས་ཅན། ལོ་མའི་རྩ་རིས་སེར་ཤས་ཅན་ལ་འབྲས་བུ་སྔོ་ཞིང་ནག་པ་ཚོམ་བུར་འཆར་བ་ཡིན། སྡོང་བའི་བར་ཤུན་དང་མེ་ཏོག འབྲས་བུ་བཅས་སྨན་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小檗
ཕྱི་ཡིག་གི་མིང་།
Berberis asiatica Roxb.essyst.
སྨན་དུ་སྦྱར་བྱ།
སྡོང་བོའི་བར་ཤུན། མེ་ཏོག འབྲས་བུ་བཅས་ཡིན།
སྡེ་ཁོངས།
ཤིང་སྨན་སྡེ། བར་ཤུན་དང་མེ་ཏོག་གི་སྡེ།
1 སྐྱེ་དབྱིབས།  

འདི་ནི་ལོ་མང་སྐྱེ་བའི་སྐྱེར་བའི་རིགས་ཤིག་ཡིན་ཞིང་།  སྡོང་ཐུང་ཤིང་སྨན་གྱི་རིགས་ལ་སྡོང་པོའི་ཕྱི་པགས་རྩུབ་པ།  ཚེར་མ་མཁྲེགས་ལ་རྣོ་བ།  བར་ཤུན་སེར་ཞིང་།  ལོ་མ་ལྗང་ལ་ནག་ཅིང་མཐུག་པ་སྒོང་དབྱིབས་ཅན།  ལོ་མའི་རྩ་རིས་སེར་ཤས་ཅན་ལ་འབྲས་བུ་སྔོ་ཞིང་ནག་པ་ཚོམ་བུར་འཆར་བ་ཡིན། 

2 རིགས་དབྱེ། 

《ཤེལ་ཕྲེང》དང《འཁྲུངས་དཔེ》གསེར་སྙེ་བཅས་ལས་སྐྱེར་བ་ལ་རིགས་གཉིས་དབྱེ་བ་བཞིན་འདི་ཡང་སྐྱེར་བའི་རིགས་སུ་གཏོགས་ཤིང་སྐྱེ་དབྱིབས་དང་སྐྱེ་གནས་སོགས་མཐུན་པ་ཡིན།

3 སྐྱེ་གནས། 

བོད་ལྗོངས་ཀྱི་རི་ཀླུང་གང་སར་དང་།  ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐམ་ཤས་ཅན་གྱི་རི་ཀླུང་།   རྒྱ་གར་གྱི་ཨུ་ཏར་རལ་ཅལ་མངའ་སྡེའི་རི་རྒྱུད་ནས་འབྲུག་བར་གྱི་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1640ནས2460བར་གྱི་སྐམ་ཤས་ཆེ་བའི་རི་ཀླུང་ཤིང་གསེབ་དང་།   སྐམ་ཤས་ཆེ་བའི་གནས་སུ་སྐྱེས་བ་མང་།

4 བཏུ་དུས་དང་ལས་སྣོན།   

སྤྱི་ཟླ་ལྔ་བ་དང་དྲུག་པར་མེ་ཏོག་འཐུ་སྒྲུབ་བྱས་ཏེ་བསིལ་སྐམ་བྱ་དགོས་པ་དང་།  རྩ་བ་དང་བར་ཤུན་གཉིས་དཔྱིད་ཀ་བཏུ་དགོས་པ་དང་།  འབྲས་བུ་སྤྱི་ཟླ་དགུ་བའི་ནང་བཏུས་ཏེ་མ་རུལ་བར་སྐམ་ནས་སྤྱོད་དགོས་པ་དང་།  བར་ཤུན་ནི་ཡལ་གའི་ཕྱི་པགས་དོར་ཏེ་ཤ་གདན་དང་ཕྱི་པགས་པ་སེར་ཞིང་དྭངས་པ་བཤུས་ནས་སྐམ་སྟེ་སྤྱོད་པ་དང་།  རྩ་བ་གཙང་མ་བཀྲུས་རྗེས་གཏུབ་ནས་ཁཎྜ་བཟོ་དགོས། 

5 རོ་ནུས་ཞུ་རྗེས།  

རོ་ཁ་བ།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རྩ་བ་དང་བར་ཤུན་གྱི་རོ་ཁ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ལ་རྩུབ་པ།  མེ་ཏོག་གི་ཏོ་མངར་ལ་བསྐ་བ་དང་།   ཞུ་རྗེས་ཁ་བ།  ནུས་པ་བསིལ་བ།  འབྲས་བུའི་རོ་སྐྱུར་ལ་ཁ་བ།  ཞུ་རྗེས་སྐྱུར་བ།  ནུས་པ་བསིལ་བའོ།།

6 རྐྱང་བའི་ཕན་ཡོན། 

དུག་ནད་བྱེར་བ་བསྡུ་བ་དང་།  པགས་ནད་ཀྱིས་ཆུ་སེར་རྒྱས་པ།  མིག་སྤྲིན་ལ་གཉན་ཚད་རྒྱས་ནས་དམར་བོ་ཆགས་པ།  ཤ་མཛེར་དང་ལང་ཐོག་ཐོན་པ།  ཁའི་ནང་རྨ་ནང་སྐྱེས་པ།   གྲེ་བ་དང་གློ་མིག་ལ་གཉན་ཁ་རྒྱས་པ།  རྒྱུ་མར་གཉན་ཚད་རྒྱས་ནས་ཁོག་པ་བཤལ་བ།  ཁྲག་དང་གྲང་བ་འཛག་ནས་གཅིན་ལམ་ལ་ཚ་ཤར་རྒྱག་པ་སོགས་ལ་ཕན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-09

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།