སྐྱི་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྐྱི་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྔོ་སྨན་ངོས་འཛིན།)

སྐྱི་བ།
ས་གནས་ཕལ་ཆེའི་གཡེ་ཐང་དང་སྐམ་ཤས་ཆེ་བའི་སར་སྐྱེ་བ་ཡིན། ལོ་མ་ཕྲ་ལ་ཆུང་བ། མེ་ཏོག་སྔོན་པོ་གང་བུ་ནར་མོ་ཅན་གྱི་འབྲས་བུ་ནི། ཚེར་མ་སྐྱ་བོ་དག་ལས་སྐྱེས། འབྲས་བུ་སྨན་བྱས་ཆོག་ལ་མཁྲིས་ནད་དང་། དུག་ནད། གག་པ། སྲིན་གྱི་ནད་རིགས་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
砂生槐
ཕྱི་ཡིག་གི་མིང་།
Sophora moorcroftiana(Benth.)Baker
མིང་གཞན།
ངང་བ་ཆིག་རྒྱུག   ངང་བ་གསེར་སྒོང་།   ངང་བ་ཆིག་ཐུབ།   སྐྱི་འབྲུམ།   གཙོ་འབྲུམ། གཅོག་སླ།  གཙོག་དུ་རྣམས་གཟེར།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།  

《འཁྲུངས་དཔེ》ལས།   ངང་བ་ཆིག་རྒྱུད་དར་ཡ་ཀན། །ཚེར་མ་སྐྱ་བོ་དག་ལས་སྐྱེས། །ལོ་མ་ཕྲ་ལ་ཆུང་བ་ཡིན། །མེ་ཏོག་སྔོན་པོ་ཆུང་བ་ལ། །གང་བུ་ནར་མོ་འབྲས་བུ་ནི། །ངང་བ་ཆིག་རྒྱུག་སྲན་མ་ཙམ། །རོ་ནི་ཁ་ལ་དྲི་མ་ཞིམ། །ཞེས་གསུངས་སོ། །

2 རིགས་དབྱེ། 

འདི་ལ་རིགས་གཅིག་ལས་མེད།

3 སྐྱེ་གནས། 

བོད་ལྗོངས་དང་།  རྒྱ་གར་ནུབ་བྱང་ཕྱོགས་ཀྱི་རི་ཀླུང་དམའ་བའི་རི་ལྡེབས་དང་།  ཧཛྷའི་ཡུལ།  ཀུརྨའ།  བལ་ཡུལ་སོགས་ཀྱི་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1230ཡས་མས་ཀྱི་ས་གནས་སུ་སྐྱེ་བ་མང་།  བོད་ལྗོངས་གཞིས་ཀ་རྩེ་དང་།  ལྷོ་ཁ།  ཆུ་ཤུར།  ལྷ་ས་སོགས་དང་།  ས་གནས་ཕལ་ཆེའི་གཡེ་ཐང་དང་སྐམ་ཤས་ཆེ་བའི་སར་སྐྱེ་བ་ཡིན།

4 བཏུ་དུས་དང་ལས་སྣོན། 

སྤྱི་ཟླ་བརྒྱད་པ་ནས་བཅུ་པ་ཡས་མས་ལ་གང་བུ་བཀོག་སྟེ་སྐམ་ནས་འབྲུ་གུ་བཏོན་རྗེས་སྤྱོད་དགོས་པ་ཡིན།

5 རོ་ནུས་ཞུ་རྗེས། 

རོ་ཁ་བ་དང་།  ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་ཤིན་ཏུ་ཁ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ལ་རྣོ་བའོ། །    

6 རྐྱང་བའི་ཕན་ཡོན། 

མཁྲིས་ནད་གྱེན་དུ་འདྲེན་པ་དང་།  དུག་ནད།  གག་པ།  སྲིན་གྱི་ནད་རིགས་སོགས་ལ་ཕན།

7 སྨན་སྦྱོར། 

གཙོ་སྦྱོར་ཡིན་པའི་སྦྱོར་བ་མ་རྙེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-15

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།