ཕེང་ལའེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕེང་ལའེ།
ཕེང་ལའེ་ནི་མཚོ་ཡིས་བསྐོར་བའི་གནའ་མཁར་ཞིག་ཡིན། གྲོང་ཁྱེར་ཕེང་ལའེ་ཡི་མཁར་བྱང་གི་མཚོ་ངོས་སུ། སྐབས་འགར་བཙན་རྫོང་དང་གྲུ་གཟིངས། ཁང་བརྩེགས་དང་འཕྲུལ་འཁོར་སོགས་ཀྱི་སྣང་བརྙན་གསལ་བོར་མཐོང་ཐུབ་པ་དང་། འདི་ལྟ་བུའི་འཕྲུལ་སྣང་དུས་རྒྱུན་དུ་ཆུ་ཚོད་སྐར་མ་བཅུ་ཕྲག་ལྷག་ལ་རྒྱུན་འཁྱོངས་བྱེད་པ་ཡིན། ད་དུང་སྐབས་འགར་ཆུ་ཚོད་འགའ་ལའང་རྒྱུན་འཁྱོངས་བྱེད་པ་ཡིན་པས། མི་རྣམས་ཀྱིས་དེ་ལ་ལྷ་ཡུལ་ལྟ་བུའི་ཕེང་ལའེ་ཞེས་འབོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蓬莱
ཕྱི་ཡིག་གི་མིང་།
Penglai
སྲིད་འཛིན་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར།
མངའ་ཁོངས།
ཏིང་ཀྲོའུ་སྲང་ལམ། ཙི་ཅིང་ཧྲན་སྲང་ལམ།
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར། ཞིན་ཀང་སྲང་ལམ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1128.5
མི་གྲངས།
ཁྲི 44.6(སྤྱི་ལོ2008ལོར)
མཛེས་ལྗོངས་གྲགས་ཆེན།
ཕེང་ལའེ་ཤིང་སྤྱིལ། ཆི་ཅི་ཀོང་མཚུན་ཁང་། ཐན་ཧེང་ཧྲན་རིག་གནས་སྤྱི་གླིང་།
རླངས་འཁོར་ཨང་རྟགས།
鲁F
གྲོང་ཁྱེར་འགོ་ཁྲིད།
ཀྲང་ཏའེ་ལིང་དང་སུན་ཡེ་པའོ།
སྲིད་འཛིན་ཚབ་ཨང་།
370684
1 ངོ་སྤྲོད།

ངག་རྒྱུན་དུ་སྨིག་རྒྱུ་གྲོང་ཁྱེར་ནི་མཚོ་ནང་གི་ཉ་ཕྱིས་ཆེན་པོས་དབུགས་ཕྱིར་འབྱིན་པ་ལས་གྲུབ་པའི་ཁང་བརྩེགས་ལྟ་བུའི་སྣང་བརྙན་ཡིན་པར་བསྙད་མོད། དོན་དམ་དུ་དེ་ནི་མཐོང་དཀོན་པའི་དབུགས་ཁམས་ཆེན་མོ་དང་འོད་ཀྱི་རིག་པའི་སྣང་ཚུལ་ཞིག་ཡིན་པ་དང་། དངོས་པོར་ཉི་འོད་འཁྱོག་འཕྲོ་བྱས་པ་ལས་བྱུང་བའི་འཕྲུལ་སྣང་ཙམ་ཡིན། ཧྲན་ཏུང་ཕྱེད་གླིང་གི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཕེང་ལའེ་རུ་ནམ་རྒྱུན་འདི་ལྟ་བུའི་ངོ་མཚར་བའི་སྣང་ཚུལ་མཐོང་ཐུབ་པ་མ་ཟད། གྲོང་ཁྱེར་ཕེང་ལའེ་ཡི་ཁ་གཏད་ནི་པོ་ཧའེ་རྒྱ་མཚོའི་མཚོ་འགག་ཡིན་པ་དང་། ཕེང་ལའེ་ནི་མཚོ་ཡིས་བསྐོར་བའི་གནའ་མཁར་ཞིག་ཡིན།  གྲོང་ཁྱེར་ཕེང་ལའེ་ཡི་མཁར་བྱང་གི་མཚོ་ངོས་སུ། སྐབས་འགར་བཙན་རྫོང་དང་གྲུ་གཟིངས། ཁང་བརྩེགས་དང་འཕྲུལ་འཁོར་སོགས་ཀྱི་སྣང་བརྙན་གསལ་བོར་མཐོང་ཐུབ་པ་དང་། འདི་ལྟ་བུའི་འཕྲུལ་སྣང་དུས་རྒྱུན་དུ་ཆུ་ཚོད་སྐར་མ་བཅུ་ཕྲག་ལྷག་ལ་རྒྱུན་འཁྱོངས་བྱེད་པ་ཡིན། ད་དུང་སྐབས་འགར་ཆུ་ཚོད་འགའ་ལའང་རྒྱུན་འཁྱོངས་བྱེད་པ་ཡིན་པས། མི་རྣམས་ཀྱིས་དེ་ལ་ལྷ་ཡུལ་ལྟ་བུའི་ཕེང་ལའེ་ཞེས་འབོད་པ་རེད། 

2 གྲུབ་རྐྱེན།

འདི་ལྟ་བུའི་སྣང་ཚུལ་ནི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། ང་ཚོས་སྔོན་ལ་ཚོད་ལྟ་ཆུང་ཆུང་ཞིག་བྱེད། ཆུ་བླུགས་ཡོད་པའི་ཤེལ་དེམ་ནང་དུ་ཐུར་མ་རྐང་གཅིག་བཞག་ན་ཁྱོད་ཀྱིས་ཐུར་མ་དེ་བཅག་ཡོད་པ་ལྟ་བུ་མཐོང་ངེས་པ་ཡིན། འདི་ནི་ཉི་འོད་འཁྱོག་འཕྲོའི་ནུས་པ་ཡིན་པ་དང་། ཉི་མའི་འོད་སྟུག་ཚད་མི་མཚུངས་པའི་དངོས་པོ་གཉིས་བརྒྱུད་ནས་འཕྲོ་དུས། ཉི་འོད་ཀྱི་ཁ་ཕྱོགས་ལ་འཁྱོག་འཕྲོ་འབྱུང་བ་ཡིན་ནོ། ། དེས་ན་གྲོང་ཁྱེར་ཕེང་ལའེ་ནི་མཚོ་རླུང་དང་མཚོ་རྒྱུན་གྱི་ཤུགས་རྐྱེན་འོག་ཏུ་མཚོ་ངོས་ཀྱི་མཁའ་དབུགས་ཀྱི་འོག་རིམ་འཁྱག་པ་དང་ཐོག་རིམ་དྲོ་བའི་གནས་ཚུལ་བྱུང་། འདི་ལྟར་དམའ་སར་རྒྱུ་བའི་མཁའ་དབུགས་ཀྱི་སྟུག་ཚད་ཆེ་བ་དང་། མཐོ་སར་རྒྱུ་བའི་མཁའ་དབུགས་ཀྱི་སྟུག་ཚད་ཆུང་བ་ཡིན། ཉི་མའི་འོད་ཟེར་རྒྱང་རིང་གི་དངོས་གཟུགས་ལས་ལྡོག་འཕྲོ་བྱུང་ཞིང་། སྟུག་ཚད་མི་མཚུངས་པའི་མཁའ་དབུགས་ཀྱི་འབྲེལ་མཚམས་སུ་འོད་ཀྱི་འཁྱོག་འཕྲོ་བྱུང་བར་བརྟེན། མི་རྣམས་ཀྱིས་གཞི་ནས་ཐག་རིང་དུ་མངོན་པའི་དངོས་པོའི་འཕྲུལ་སྣང་མཐོང་བ་རེད། སྨིག་རྒྱུ་གྲོང་ཁྱེར་ནི་མཚོ་འགྲམ་དང་བྱེ་ཐང་། གཙང་བོ། གངས་ཐང་སོགས་ལས་འབྱུང་བ་མ་ཟད། ཆ་རྐྱེན་ངེས་ཅན་འཛོམས་ཚེ་སྣུམ་ནག་གི་གཞུང་ལམ་སྟེང་དུའང་འབྱུང་སྲིད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།