བརྙན་འཕྲིན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྙན་འཕྲིན་ཁང་།
བརྙན་འཕྲིན་ཁང་ནི་སྐུད་མེད་གློག་གི་བརྡ་རྟགས་དང་འཁོར་སྐར་བརྡ་རྟགས། སྐུད་ཡོད་དྲ་རྒྱ་དང་སྦྲེལ་རེས་དྲ་རྒྱ་སོགས་ལ་བརྟེན་ནས་བརྙན་འཕྲིན་ལས་ཚན་གཏོང་བའི་སྨྱན་སྦྱོར་ལས་ཁུངས་ཤིག་ཡིན་ཞིང་། བརྙན་འཕྲིན་ལས་ཚན་སྒྲིག་སྦྱོར་བྱས་ནས་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་དེ་གཏོང་བའི་སྨྱན་སྦྱོར་ལས་ཁུངས་ཡིན་པ་དང་། དེ་ནི་རྒྱལ་ཁབ་དང་ཚོང་ལས་སྡེ་ཁག་གིས་གསར་འཛུགས་བྱས་པའི་སྨྱན་སྦྱོར་འཁོར་རྒྱུག་རྩ་འཛུགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电视台
ཕྱི་ཡིག་གི་མིང་།
television station
བརྙན་འཕྲིན་ཁང་ཐོག་མ།
སྤྱི་ལོ1929ལོའི་དབྱིན་ཇིའི BBC
བརྙན་འཕྲིན་ཁང་གྲགས་ཅན།
CNN,BBC,TVB,CCTV
1 ​ངོ་སྤྲོད།

བརྙན་འཕྲིན་ཁང་ནི་སྐུད་མེད་གློག་གི་བརྡ་རྟགས་དང་འཁོར་སྐར་བརྡ་རྟགས། སྐུད་ཡོད་དྲ་རྒྱ་དང་སྦྲེལ་རེས་དྲ་རྒྱ་སོགས་ལ་བརྟེན་ནས་བརྙན་འཕྲིན་ལས་ཚན་གཏོང་བའི་སྨྱན་སྦྱོར་ལས་ཁུངས་ཤིག་ཡིན་ཞིང་།  བརྙན་འཕྲིན་ལས་ཚན་སྒྲིག་སྦྱོར་བྱས་ནས་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་དེ་གཏོང་བའི་སྨྱན་སྦྱོར་ལས་ཁུངས་ཡིན་པ་དང་།  དེ་ནི་རྒྱལ་ཁབ་དང་ཚོང་ལས་སྡེ་ཁག་གིས་གསར་འཛུགས་བྱས་པའི་སྨྱན་སྦྱོར་འཁོར་རྒྱུག་རྩ་འཛུགས་ཡིན།

2 ལོ་རྒྱུས།

འཛམ་གླིང་སྟེང་ཆེས་སྔ་བའི་བརྙན་འཕྲིན་ཁང་ནི་སྤྱི་ལོ1929ལོར་དབྱིན་ཇི(BBC)ནས་ཚོད་གཏོང་བྱས་པ་དང་།  སྤྱི་ལོ1936ལོར་དངོས་སུ་གཏོང་འགོ་བརྩམས་པ་ཡིན་ཞིང་།  འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་བརྙན་འཕྲིན་ཁང་ཡོ་རབ་ས་ཆ་རུ་དར་རྒྱས་ཆེན་པོ་བྱུང་། 

པེ་ཅིང་བརྙན་འཕྲན་ཁང་ནི་ཀྲུང་གོའི་ཐོག་མ་བརྙན་འཕྲིན་ཁང་ཡིན་ཞིང་། སྤྱི་ལོ1958ལོའི་ཟླ5པའི་ཚེས1ཉིན་ཚོད་གཏོང་བྱས་པ་དང་།  ཀྲུང་གོའི་བརྙན་འཕྲིན་ལས་དོན་འདི་ནས་བཟུང་དབུ་བརྙེས་པ་ཡིན།  སྐབས་དེར་པེ་ཅིང་བརྙན་འཕྲིན་ཁང་གིས་བཏང་བའི་ལེ་ཚན་གྱི་བྱུང་ཚད་གཟའ་འཁོར་གཅིག་ལ་ཐེངས་བཞི་མ་གཏོགས་མེད་ཅིང་།  པེ་ཅིང་གྲོང་ཁྱེར་ཡོངས་སུའང་བརྙན་འཕྲིན་ལེ་ཚན་ལ་བལྟ་ཐུབ་པའི་བརྙན་འཕྲིན་འཕྲུལ་ཆས་བཅུ་ལྷག་མ་གཏོགས་མེད།  དེའི་རྗེས་སུ་ཧྲང་ཧེ་སོགས་སུའང་ས་གནས་རང་བཞིན་གྱི་བརྙན་འཕྲིན་ཁང་བཙུགས་པ་ཡིན་མོད།  འོན་ཀྱང་རྒྱལ་ཡོངས་སུ་བརྙན་འཕྲིན་ཁང་བཅུ་ལྷག་མ་གཏོགས་མེད་པ་ཡིན། 

3 མིག་སྔའི་གནས་ཚུལ།

སྤྱི་ལོ2002ལོའི་ལོ་མཇུག་ཏུ།  རྒྱལ་ཡོངས་སུ་བརྙན་འཕྲིན་ཁང360ལྷག་ཡོད་པ་དང་རྒྱང་སྒྲོག་བརྙན་འཕྲིན་ཁང1300ཡོད།  བརྙན་འཕྲིན་ལེ་ཚན་སྟོང་གཉིས་དང་བརྒྱ་མེད་ལྔ་བཅུ་ང་བརྒྱད་ཡོད་ཅིང་།  སྐུད་ཡོད་བརྙན་འཕྲིན་བཀོལ་སྤྱོད་བྱེད་པའི་ཁྱིམ་ཚང་དུང་ཕྱུར་གཅིག་ལྷག་ལ་སླེབས་འདུག་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།