བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ།
བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ནི་སྲིད་གཞུང་གིས་ཚོང་རའི་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་གྱི་བྱ་བ་གཙོ་བོ་གཉེར་བའི་སྡེ་ཁག་ཅིག་ཡིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》གཞིར་བཟུང་ནས་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་གསར་འཛུགས་བྱས་པ་དང་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工商行政管理局
ཕྱི་ཡིག་གི་མིང་།
Bureau of Industry and Commerce
ཁོངས་གཏོགས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
རིམ་པ།
ཞིང་ཆེན་རིམ་པའི་ལས་འགན་གཙོ་བོ་འཁུར་མཁན།
1 ངོ་སྤྲོད།

བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ནི་སྲིད་གཞུང་གིས་ཚོང་རའི་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་གྱི་བྱ་བ་གཙོ་བོ་གཉེར་བའི་སྡེ་ཁག་ཅིག་ཡིན།  《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》གཞིར་བཟུང་ནས་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་གསར་འཛུགས་བྱས་པ་དང་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན།

2 འོས་འགན་གཙོ་བོ།

གཅིག ཚོང་རའི་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་ཀྱི་འབྲེལ་ཡོད་བྱ་བར་འགན་ཁུར་དགོས་པ་དང་བཟོ་ཚོང་སྲིད་འཛིན་དོ་དམ་གྱི་སྒྲིག་ཁྲིམས་དང་སྲིད་ཇུས་གཏན་འབེབས་བྱེད་པ།

གཉིས། ཁེ་ལས་སོ་སོ་དང་བྱེད་སྒོ་གཉེར་བའི་ལས་ཁུངས་དང་མི་སྒེར་སོགས་ཀྱི་གཞུང་སར་ཐོ་འགོད་བྱེད་པ་དང་ལྟ་སྐུལ་བྱེད་པ། ཚོང་གཉེར་ལག་ཁྱེར་མེད་པར་ཚོང་ལས་གཉེར་བའི་མི་སྒེར་དང་ཁེ་ལས་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ།

གསུམ། ཚོང་རའི་ཉོ་ཚོང་གི་བྱེད་སྒོ་ལ་ལྟ་སྐུལ་དང་དྲ་རྒྱའི་ཚོང་ཟོག་ཉོ་ཚོང་དང་འབྲེལ་བའི་ཞབས་ཞུའི་བྱ་སྤྱོད་ལ་འགན་ཁུར་པ།

བཞི། ཚོང་ལས་གཉེར་སྐྱོང་བྱེད་མཁན་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།

ལྔ།  བརྡ་ཁྱབ་ལས་རིགས་ཀྱི་འཕེལ་རྒྱས་ལ་འགོ་ཁྲིད་མཛད་ནས་བརྡ་ཁྱབ་བྱེད་སྒོའི་ལྟ་སྐུལ་དོ་དམ་གྱི་བྱ་བར་འགན་ཁུར་པ། 

དྲུག  རྒྱལ་ཡོངས་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་ལས་རིགས་ཀྱི་བྱ་བར་འགོ་ཁྲིད་མཛད་པ། 

བདུན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་བྱ་བ་གཞན་དག་སྒྲུབ་འགན་ཁས་ལེན་བྱེད་པ་སོགས་ཡིན།

3 གསར་འཛུགས་སྡེ་ཁག

བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་རུ་གཞུང་སྒྲུབ་ཐིན་དང་ཁྲིམས་སྲོལ་ཞིབ་བཤེར་སི། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཅུའུ། ཏང་ཨུ། ཚོང་རྟགས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ལྟ་ཞིབ་ལས་ཁུངས་སོགས་གསར་འཛུགས་བྱས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།