ཕྱི་འབྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱི་འབྲེལ།
ཕྱི་འབྲེལ་ནི་རྒྱུན་པར་རྒྱལ་ཁབ་ཅིག་གི་རྒྱལ་སྤྱིའི་སྟེང་གི་བྱེད་སྒོ་ལ་གོ་ཞིང་། དཔེར་ན་རྒྱལ་སྤྱིའི་རྩ་འཛུགས་དང་ཚོགས་འདུ་ལ་ཞུགས་སྐབས་སུ་ཕན་ཚུན་ཕོ་ཉ་མངགས་ནས་གྲོས་མོལ་བྱེད་པ་དང་ཆིངས་ཡིག་འཇོག་པ་སོགས་ཡིན། རྒྱལ་ཁབ་ཀྱིས་ཞི་བདེའི་ཐབས་ཤེས་ཀྱིས་ཕྱི་ཕྱོགས་ལ་བདག་དབང་གི་བྱེད་སྒོ་སྤྱོད་པ་ཡིན་ཞིང་། རྒྱུན་དུ་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་། ཕྱི་འབྲེལ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
外交
ཕྱི་ཡིག་གི་མིང་།
foreign affairs
1 ངོ་སྤྲོད།

ཕྱི་འབྲེལ་ནི་རྒྱུན་པར་རྒྱལ་ཁབ་ཅིག་གི་རྒྱལ་སྤྱིའི་སྟེང་གི་བྱེད་སྒོ་ལ་གོ་ཞིང་།  དཔེར་ན་རྒྱལ་སྤྱིའི་རྩ་འཛུགས་དང་ཚོགས་འདུ་ལ་ཞུགས་སྐབས་སུ་ཕན་ཚུན་ཕོ་ཉ་མངགས་ནས་གྲོས་མོལ་བྱེད་པ་དང་ཆིངས་ཡིག་འཇོག་པ་སོགས་ཡིན།  རྒྱལ་ཁབ་ཀྱིས་ཞི་བདེའི་ཐབས་ཤེས་ཀྱིས་ཕྱི་ཕྱོགས་ལ་བདག་དབང་གི་བྱེད་སྒོ་སྤྱོད་པ་ཡིན་ཞིང་།  རྒྱུན་དུ་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ།  ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་།  ཕྱི་འབྲེལ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་ལ་གོ་བ་ཡིན།

2 སྲོག་ཤིང་།

ཕྱི་འབྲེལ་གྱི་སྲོག་ཤིང་ནི་བདག་དབང་ཡོད་པའི་རྒྱལ་ཁབ་ཡིན།  དེང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད།  བདག་དབང་ཡོད་པའི་རྒྱལ་ཁབ་ལ་ལ་ཞིག་གིས་རྩ་འཛུགས་བྱས་པའི་རྒྱལ་སྤྱིའི་རྩ་འཛུགས་ཉིན་རེ་ནས་ཉིན་རེར་དར་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་འབྲེལ་གྱི་གལ་ཆེན་རང་བཞིན་གྱི་ནང་དུ་ཞུགས་མཁན་དུའང་གྱུར་ཡོད། དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་སྒོ་ཡིས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་དང་འབྲེལ་བ་དམ་ཟབ་གཏོང་བར་མ་ཟད།  རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་ལ་སྙོམ་སྒྲིག་དང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ཡིན། 

3 དགོངས་དོན།

བདག་དབང་ཡོད་པའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་དགོངས་དོན་ནི་ཞི་བདེའི་ཐབས་ལམ་ཀྱིས་ཕྱི་ཕྱོགས་བྱེད་སྒོ་བརྒྱུད་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ།  ཕྱི་འབྲེལ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རྒྱལ་ཁབ་སོ་སོའི་རྒྱལ་སྤྱིའི་སྟེང་ཁས་ལེན་བྱེད་པའི་ཚད་གཞི་བརྩི་སྲུང་བྱེད་པ་སོགས་ཡིན།

4 ངོ་བོ།

ཕྱི་འབྲེལ་གྱི་སྲོག་ཤིང་དང་ཕྱི་ཕྱོགས་སྲིད་ཇུས་ཀྱི་དམིགས་ཡུལ་མི་གཅིག་པ་ལྟར་ཕྱི་འབྲེལ་ལ་ངོ་བོ་མང་པོ་ཡོད།  དཔེར་ན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་དུས་སྐབས་ཀྱི་ཀྲུང་གོ་སྲིད་གཞུང་རུལ་སུངས་ནུས་མེད་དུ་གྱུར་ནས་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་ཡུལ་རིང་ལུགས་ཀྱིས་གཉའ་གནོན་བྱས་པ་དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སུ།  རང་བཙན་རང་བདག་གི་ཞི་བདེའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་ཡིན།  ཕྱི་འབྲེལ་གྱི་གལ་ཆེན་རང་བཞིན་མི་གཅིག་པ་ལྟར། དཔལ་འབྱོར་ཕྱི་འབྲེལ་དང་ཚན་རྩལ་ཕྱི་འབྲེལ།  རིག་གནས་ཕྱི་འབྲེལ་དང་རྩལ་སྦྱངས་ཕྱི་འབྲེལ་སོགས་ཡོད། 

5 རྣམ་པ།

ཕྱི་འབྲེལ་གྱི་བྱེད་སྒོ་ལ་རྣམ་པ་སྣ་ཚོགས་ཡོད་དེ།  གཙོ་བོ་འཚམས་འདྲི་དང་གྲོས་མོལ།  ཕྱི་འབྲེལ་ཡིག་ཆ་བསྐུར་བ།  རྒྱལ་སྤྱིའི་ཚོགས་འདུ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་ཞུགས་པ་སོགས་ཡོད། 

6 ཁྱད་ཆོས།

གཅིག  རང་བཙན་རང་བདག་གི་ཕྱི་འབྲེལ་དབང་ཆ་ནི་རང་བདག་ཡོད་པའི་རྒྱལ་ཁབ་ཀྱི་མཚོན་རྟགས་ཀྱི་ནང་གསེས་ཤིག་ཡིན་ཞིང་།  ཕྱི་འབྲེལ་གྱི་རྩ་དོན་ནི་བདག་དབང་འདྲ་མཉམ་ཡིན་པ། 

གཉིས། ཕྱི་འབྲེལ་སྡེ་ཁག་གིས་ཐབས་ཇུས་སྡེ་ཁག་གི་གཏན་འབེབས་བྱས་པའི་ཐབས་ཇུས་ལག་བསྟར་བྱེད་པ་དང་གལ་ཏེ་དོན་དག་གཙོ་བོར་འཕྲད་རྗེས།  ངེས་པར་དུ་ཐབས་ཇུས་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། 

གསུམ།   རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་ཁྲིད་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཕྱི་འབྲེལ་ལ་ཐད་ཀར་ཞུགས་ཏེ་ཇེ་བཟང་ཇེ་ལེགས་ཀྱི་ནུས་པ་ཐོན་པ་ཡིན།

བཞི།  ཕྱོགས་ཆ་ཚང་བ་དང་རྒྱུ་མང་བ་ཅན་གྱིས་ཕྱི་འབྲེལ་དུ་ཞུགས་པ་ནི་དེང་རབས་ཕྱི་འབྲེལ་གྱི་འཕེལ་རྒྱས་ཁ་ཕྱོགས་ཡིན།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། ཕྱི་འབྲེལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།