ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི།
ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི་ནི་ཕྱི་ཕྱོགས་ཉོ་ཚོང་གཉེར་སྐྱོང་གི་ཐོབ་ཐང་ཡོད་པའི་ཉོ་ཚོང་ཀུང་ཟི་ལ་ཟེར་ཞིང་། དེའི་ལས་སྒོའི་ཐད་ཀྱི་འགྲོ་འོང་གཙོ་བོ་ཕྱིའི་རྒྱལ་ཁབ་ཏུ་ཡོད། ཁྲོམ་རར་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཟོག་རྒྱལ་ནང་དུ་ནང་འདྲེན་བྱས་ནས་བཙོང་བའམ་ཡང་ན་རྒྱལ་ནང་གི་ཚོང་ཟོག་ཉོས་ནས་ཕྱིའི་རྒྱལ་ཁབ་ཏུ་བཙོང་ཏེ་བར་ནས་ཁེ་སྤོགས་ལེན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
外贸公司
ཕྱི་ཡིག་གི་མིང་།
Foreign Trading Company
མཚན་ཉིད།
ཕྱི་ཕྱོགས་ཉོ་ཚོང་གཉེར་སྐྱོང་གི་ཐོབ་ཐང་ཡོད་པའི་ཉོ་ཚོང་ཀུང་ཟི་ལ་ཟེར།
ངོ་བོ།
རྒྱལ་ནང་གི་ཚོང་ཟོག་ཉོས་ནས་ཕྱིའི་རྒྱལ་ཁབ་ཏུ་བཙོང་བ།
1 ངོ་སྤྲོད།

ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི་ནི་ཕྱི་ཕྱོགས་ཉོ་ཚོང་གཉེར་སྐྱོང་གི་ཐོབ་ཐང་ཡོད་པའི་ཉོ་ཚོང་ཀུང་ཟི་ལ་ཟེར་ཞིང་།  དེའི་ལས་སྒོའི་ཐད་ཀྱི་འགྲོ་འོང་གཙོ་བོ་ཕྱིའི་རྒྱལ་ཁབ་ཏུ་ཡོད།  ཁྲོམ་རར་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཟོག་རྒྱལ་ནང་དུ་ནང་འདྲེན་བྱས་ནས་བཙོང་བའམ་ཡང་ན་རྒྱལ་ནང་གི་ཚོང་ཟོག་ཉོས་ནས་ཕྱིའི་རྒྱལ་ཁབ་ཏུ་བཙོང་ཏེ་བར་ནས་ཁེ་སྤོགས་ལེན་པ་ཞིག་ཡིན། 

ཕྱི་ཕྱོགས་ཉོ་ཚོང་ཀུང་ཟིས་ད་དུང་ཕྱི་འདྲེན་དང་ནང་འདྲེན་གྱི་དབང་ཆ་མེད་པའི་ལས་ཁུངས་ཀྱི་ཚབ་བྱས་ཏེ་ཕྱི་འདྲེན་དང་ནང་འདྲེན་བྱས་ནས་ལས་ཚབ་གྲོན་དངུལ་ལེན་བཞིན་ཡོད།  བརྒྱུད་རིམ་འདི་དག་ངེས་པར་དུ་སྒོ་ཁྲལ་ལས་ཁུངས་དང་ཚོང་ཟོག་ཞིབ་བཤེར། དངུལ་ཁང་། ཕྱི་གཉེར་ཅུའུ།  རྒྱལ་ཁབ་ཀྱི་ཁྲལ། སྲིད་གཞུང་གི་གཙོ་གཉེར་ལས་ཁུངས་སོགས་བརྒྱུད་དགོས་པ་ཡིན།

2 འཛུགས་གཉེར་བརྒྱུད་རིམ།

སྤྱི་དམངས་ལ་བཟོ་ཚོང་སྡེ་ཁག་གི་གཞུང་སར་ཐོ་འགོད་བྱས་ནས་བཟོ་ཚོང་གཉེར་སྐྱོང་གི་དུད་ཚང་དུ་གྱུར་པའི་རྗེས་སུ།  ཚོང་དོན་སྡེ་ཁག་ཏུ་སོང་ནས་ཐོ་འགོད་སྙན་སེང་བྱས་རྗེས་ད་གཟོད་ཉོ་ཚོང་གཉེར་སྐྱོང་གི་ཐོབ་ཐང་ཡོད།  ད་དུང་སྒོ་ཁྲལ་ལས་ཁུངས་དང་ཕྱི་འདྲེན་དང་ནང་འདྲེན་ཞིབ་བཤེར་ཅུའུ། ཕྱི་རྒྱལ་གྱི་དངུལ་བརྗེས་དང་སྒོ་ཁྲལ་ལས་ཁུངས་སོགས་སུ་སོང་ནས་འབྲེལ་ཡོད་ཀྱི་འགྲོ་ལུགས་སྒྲུབ་ནས་ལས་ཁུངས་འདི་དག་གི་འབྲེལ་ཡོད་ཀྱི་གཉེར་སྐྱོང་ལས་སྒོའི་ཐོབ་ཐང་ལེན་དགོས་པ་ཡིན། 

3 གཉེར་སྐྱོང་ཁྱབ་ཁོངས།

ཕྱི་ཕྱོགས་ཉོ་ཚོང་ཀུང་ཟིའི་ལས་སྒོའི་ཁྱབ་ཁོངས་སྤྱིའི་ཆ་ནས་དབྱེ་ན་ཚོང་ཟོག་ཉོ་ཚོང་དང་ལག་རྩལ་ཉོ་ཚོང་། ཞབས་ཞུ་ཉོ་ཚོང་བཅས་གསུམ་ཡོད། སྒེར་གཉེར་དང་ཡང་ན་ཀུང་ཟི་ཆུང་ཆུང་ཞིག་ལ་མཚོན་ན།  ལག་རྩལ་ཉོ་ཚོང་བྱེད་པར་འོས་འཚམ་མིན་པ་དང་།  ཚོང་ཟོག་གི་ཕྱི་འདྲེན་དང་ནང་འདྲེན་ཁྲོད་ཀྱི་ཚོང་ཟོག་ལ་ལ་དཔེར་ན་གྲོ་ལ་སོགས་པ་ནི་དམིགས་འཛུགས་ཀྱི་ཀུང་ཟིའི་ཆེད་གཉེར་བྱེད་པ་དང་མི་སྒེར་གྱིས་གཉེར་སྐྱོང་བྱེད་མི་ཆོག  ཁྱིམ་ཆས་དང་གློག་ཆས་སོགས་མ་དངུལ་བཟུང་སྤྱོད་ཆེ་བ་དང་བཙོངས་རྗེས་ཀྱི་ཞབས་ཞུའི་ལས་སྒོ་རྙོག་འཛིང་ཆེ་བ་སོགས་ཀྱང་མི་སྒེར་གྱིས་གཉེར་སྐྱོང་བྱེད་པར་འོས་འཚམ་མིན་ནོ། །

4 མཉམ་འཇོག་བྱེད་དགོས་ས།

གཅིག  ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི་གསར་འཛུགས་བྱེད་པར་ཉོ་ཚོང་ལས་གྲོགས་ལ་ངེས་པར་དུ་ནན་གྱིས་གདམ་གསེས་བྱེད་དགོས།

གཉིས། ནན་གྱིས་ཡིད་རྟོན་དཔང་ཡིག་གི་ནང་དོན་ལ་ཞིབ་བཤེར་བྱེད་དགོས། 

གསུམ། ཕྱི་ཕྱོགས་ཉོ་ཚོང་ཀུང་ཟིའི་ངོ་སྤྲོད་ཡི་གེ་འབྲི་བ་དང་སྒོ་ཁྲལ་གནས་ཞུ། ཚོང་ཟོག་ལེན་པ། ཚོང་ཟོག་སྐྱེལ་བ་སོགས་ཀྱི་བརྒྱུད་རིམ་ཁྲོད་ངེས་པར་དུ་ནན་ཏན་ཡིན་དགོས།

བཞི།  ནན་གྱིས་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་དགོས་སོགས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།