ན་ཆུང་ཕོ་བྲང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ན་ཆུང་ཕོ་བྲང་།
ན་ཆུང་ཕོ་བྲང་ནི་སྲིད་གཞུང་གིས་ཁྲལ་འཇལ་མཁན་ལ་འདོན་སྤྲོད་བྱས་པའི་ན་གཞོན་སྤྱི་བའི་ཞབས་ཞུའི་རྣམ་པ་དང་གནས་གཞི་ཞིག་ཡིན་པ་མ་ཟད། དལ་གྱིས་འཕེལ་རྒྱས་སུ་སོང་ནས་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ནུས་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ནས་ན་གཞོན་རྣམས་ལ་ཞབས་ཞུ་སྒྲུབ་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། ཅུང་སྟབས་བདེ་བའི་སྒོ་ནས་བཤད་ན། ན་ཆུང་ཕོ་བྲང་ནི་བྱིས་པ་རྣམས་ཀྱིས་ལྟད་མོར་བལྟ་ས་དང་རོལ་རྩེད་བྱེད་ས། ལུས་ཤེས་དང་ཚན་རིག་ལག་རྩལ་སོགས་སློབ་སའི་ས་གནས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
少年宫
ཕྱི་ཡིག་གི་མིང་།
дοΜ пиοнерοв
འབྱུང་ཁུངས།
ཨུ་རུ་སུའི་སྐད།
གོ་བདེའི་ནང་དོན།
བྱིས་པ་རྣམས་རྩེད་མོ་རྩེ་སའི་གནས།
1 ​ངོ་སྤྲོད།

ན་ཆུང་ཕོ་བྲང་ནི་སྲིད་གཞུང་གིས་ཁྲལ་འཇལ་མཁན་ལ་འདོན་སྤྲོད་བྱས་པའི་ན་གཞོན་སྤྱི་བའི་ཞབས་ཞུའི་རྣམ་པ་དང་གནས་གཞི་ཞིག་ཡིན་པ་མ་ཟད།  དལ་གྱིས་འཕེལ་རྒྱས་སུ་སོང་ནས་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ནུས་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ནས་ན་གཞོན་རྣམས་ལ་ཞབས་ཞུ་སྒྲུབ་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད།  ཅུང་སྟབས་བདེ་བའི་སྒོ་ནས་བཤད་ན།  ན་ཆུང་ཕོ་བྲང་ནི་བྱིས་པ་རྣམས་ཀྱིས་ལྟད་མོར་བལྟ་ས་དང་རོལ་རྩེད་བྱེད་ས།   ལུས་ཤེས་དང་ཚན་རིག་ལག་རྩལ་སོགས་སློབ་སའི་ས་གནས་ཤིག་ཡིན།

2 མཚན་ཉིད།

ན་ཆུང་ཕོ་བྲང་ནི་རང་རྒྱལ་གྱི་སློབ་གྲྭ་ཕུད་བྱིས་པ་རྣམས་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་རིག་གནས་བྱ་འགུལ་སྤེལ་བའི་སྡེ་ཁག་ཅིག་ཡིན།  ན་ཆུང་ཕོ་བྲང་ཞེས་པའི་ཐ་སྙད་འདིའི་འབྱུང་ཁུངས་ནི་ཨུ་རུ་སུའི་སྐདдοΜ пиοнерοвཞེས་པ་དེ་ཡིན།

3 གྲུབ་ཚུལ།

ན་ཆུང་ཕོ་བྲང་ལ་གཙོ་བོ་གྲུབ་ཆ་ལྔ་ཡོད་དེ། 

གཅིག  ཚན་རྩལ་གྱི་བྱེད་སྒོ་སྤེལ་ས། དེའི་ནང་དུ་གློག་རྡུལ་རྩིས་འཁོར་དང་གྲུ་གཟིངས་དཔེ་དབྱིབས། སྐྱེ་དངོས། རྫས་འགྱུར། རྩིས་རིག ས་གཤིས། གནམ་གཤིས་ས་ཚིགས་སོགས་ཡོད། 

གཉིས།  རིག་གནས་སྒྱུ་རྩལ་གྱི་བྱེད་སྒོ་སྤེལ་སའི་གནས།  དེ་ལ་ཕྱི་ཡིག་དང་རིག་གནས་སྒྱུ་རྩལ། ཀློག་འདོན།  གཏམ་བཤད། རི་མོ། ཡིག་གཟུགས།  འཇིམ་སྐུ། པར་ལེན། རོལ་དབྱངས། རོལ་ཆས། ཞབས་བྲོ། གློག་བརྙན། གློག་རྡུལ་རོལ་རྩེད་སོགས་རྩེད་སའི་གནས་ཡོད། 

གསུམ།  ལུས་རྩལ་བྱེད་སྒོ་སྤེལ་སའི་གནས།  དེ་ལ་དྲག་རྩལ་དང་རྐང་རྩེད་སྤོ་ལོ། ལག་རྩེད་སྤོ་ལོ་སོགས་སྦྱངས་སའི་གནས་ཡོད་པ་ཡིན།  

བཞི།  སྤྱི་བའི་བྱེད་སྒོ་སྤེལ་ས།  དེའི་ནང་དུ་དཔེ་མཛོད་ཁང་དང་གློག་བརྙན་ཁང་སོགས་ཡོད། 

ལྔ།  གོང་གི་དེ་དག་ལས་ཁང་བ་གཞན་པ།  གོང་གི་དེ་དག་ལས་ད་དུང་གཞུང་ལས་ཁང་དང་ལས་བྱེད་མི་སྣའི་སྡོད་ཁང་སོགས་ཡོད།

4 སློབ་གསོའི་ནང་དོན།
4_1 ཀུན་སྤྱོད།

བྱིས་པའི་ཀུན་སྤྱོད་གསོ་སྐྱོང་བྱེད་པ་ནི་སློབ་གསོའི་དམིགས་ཡུལ་གཙོ་བོ་ཞིག་ཡིན། བྱིས་པ་ལོ་གསུམ་ཡིན་པའི་དུས་ནས་བཟུང་ཡང་དག་པའི་ཀུན་སྤྱོད་གསོ་སྐྱོང་བྱེད་པའི་གོམས་སྲོལ་ཆགས་སུ་འཇུག་དགོས་ཤིང་།  ལོ་གསུམ་ནས་བདུན་གྱི་བར་ནི་ཀུན་སྤྱོད་སློབ་གསོ་སྤེལ་བའི་རིམ་པ་གཙོ་བོ་ཞིག་ཡིན། 

4_2 ཤེས་རིག

ཤེས་རིག་ནི་ཐོག་མའི་སློབ་གསོའི་སྙིང་བོ་ཡིན། བྱིས་པར་ཤེས་རིག་གསོ་སྐྱོང་བྱེད་པའི་སྐབས་སུ་ཤེས་བྱ་ལས་གཞན་ད་དུང་རིག་སྟོབས་ཀྱི་གསར་སྤེལ་ཡང་གསོ་སྐྱོང་བྱེད་དགོས་ཤིང་། རྒྱུན་དུ་ཚོས་མདོག་སྣ་ཚོགས་ཀྱི་དབྱེ་བ་འབྱེད་དུ་འཇུག་པ་དང་རྒྱུན་དུ་གནའ་གཏམ་བཤད་པ་སོགས་བྱེད་པ་ཡིན། 

4_3 ལུས་རྩལ།

ཚད་ལྡན་གྱི་ལུས་རྩལ་སྦྱོང་བརྡར་བྱས་ན་བྱིས་པའི་འཚར་སྐྱེ་ལ་སྐུལ་འདེད་གཏོང་ཐུབ་ཅིང་། བྱིས་པའི་ལོ་ན་དང་བསྟུན་ནས་ཚད་ལྡན་གྱི་ལུས་རྩལ་སྦྱོང་བརྡར་བྱེད་དགོས།

4_4 མཛེས་རིག

བྱིས་པའི་མཛེས་དཔྱོད་ཀྱི་ནུས་པ་གསོ་སྐྱོང་བྱེད་དགོས།  བྱིས་པར་སློབ་གསོ་བཏང་ནས་ཆུང་དུས་ནས་བདེན་དང་རྫུན། མཛེས་དང་བཙོག་སོགས་ཀྱི་དབྱེ་བ་འབྱེད་དུ་བཅུག་ནས་བྱིས་པའི་མཛེས་དཔྱོད་ཀྱི་ནུས་པ་གསོ་སྐྱོང་བྱེད་དགོས།

གོང་གི་འདི་དག་ལས་གཞན་ད་དུང་བརྩེ་བའི་ཕྱོགས་དང་རྒྱུ་ནོར་གྱི་ཕྱོགས་ཀྱི་སློབ་གསོའང་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།