ཅང་ཅེ་ཧྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་ཅེ་ཧྲི།
ཅང་ཅེ་ཧྲི། མཚན་གཞན་ལ་ཅང་ཀྲུང་ཀྲེན་ཟེར། ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲེ་ཅང་ཞིང་ཆེན་ཧྥེང་ཧྭ་རྫོང་ནས་འཁྲུངས། ཀྲུང་གོ་གོ་མིན་ཏང་གིས་སྲིད་འཛིན་སྐབས་སུ་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་པ་གཙོ་བོ། ཀྲུང་གོ་གོ་མིན་ཏང་གི་སྤྱི་ཁྱབ་དཔོན། གོ་མིན་ཏང་སྲིད་གཞུང་གི་ཙུང་ཐུང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་མནའ་འབྲེལ་རྒྱལ་ཁབ་ཀྲུང་གོའི་གཡུལ་སའི་ཆེས་མཐོའི་དམག་སྤྱི་ཆེན་མོ། སྤྱི་ལོ1949ལོར་གོ་མིན་ཏང་དང་གུང་ཁྲན་ཏང་གི་ནང་འཁྲུག་ལ་ཕམ་ཁ་ཐེབས་རྗེས་ཐའེ་ཝན་ལ་ཕྱིར་འཐེན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蒋介石
ཕྱི་ཡིག་གི་མིང་།
Jiang jie shi
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1887.10.31-1975.4.5)
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
ལས་རིགས།
རྒྱལ་ཁབ་ཀྱི་གཙོ་འཛིན།
དད་མོས།
ཡེ་ཤུའི་ཆོས་ལུགས།
བྱས་རྗེས་གཙོ་བོ།
འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་མནའ་འབྲེལ་རྒྱལ་ཁབ་ཀྲུང་གོའི་གཡུལ་སའི་ཆེས་མཐོ་བའི་དམག་སྤྱི་ཆེན་མོ།
1 མི་སྣ་ངོ་སྤྲོད།

ཅང་ཅེ་ཧྲི་ནི་གོ་མིན་ཏང་སྲིད་གཞུང་གི་ཆབ་སྲིད་པ་དང་དམག་དོན་པ་ཡིན་ཞིང་། སྐྱེ་ཁུངས་ཅང་སུའུ་དབྱི་ཞིང་ཡིན་ལ་ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲེ་ཅང་ཞིང་ཆེན་ཧྥེང་ཧྭ་རྫོང་ནས་འཁྲུངས། ཁོང་གིས་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གཙོ་དང་། གོ་མིན་གསར་བརྗེ་དམག་གི་སྤྱི་ཁྱབ་བཀའ་འཛིན་པ། གོ་མིན་སྲིད་གཞུང་གི་ཀྲུའུ་ཞི། སྲིད་འཛིན་ཡོན་གྱི་ཡོན་ཀྲང་། གོ་མིན་སྲིད་གཞུང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཀྲུང་གོ་གོ་མིན་ཏང་གི་སྤྱི་ཁྱབ་དཔོན། དམངས་གསུམ་རིང་ལུགས་ན་གཞོན་ཚོགས་པའི་ཚོགས་གཙོ། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་མནའ་འབྲེལ་རྒྱལ་ཁབ་ཀྲུང་གོའི་གཡུལ་སའི་ཆེས་མཐོ་བའི་དམག་སྤྱི་ཆེན་མོ། གོ་མིན་ཏང་སྲིད་གཞུང་གི་ཙུང་ཐུང་སོགས་ཕྱག་འགན་བཞེས།

ཅང་ཅེ་ཧྲི་ལ་སུན་ཀྲུང་ཧྲན་གྱིས་གཙིགས་འཛིན་གནང་འོག སུན་ཀྲུང་ཧྲན་སྐུ་གཤེགས་རྗེས་དུས་ཡུན་རིང་བོར་ཀྲུང་གོའི་གོ་མིན་ཏང་ལ་འགོ་ཁྲིད་བྱས་ཏེ་དུས་རབས་ཕྱེད་ཀ་འདས་ཤིང་། སྔ་རྗེས་སུ་གོ་མིན་ཏང་སྲིད་གཞུང་གི་སྐབས་དང་པོ་ནས་ལྔ་བའི་བར་གྱི་ཙུང་ཐུང་གི་ཕྱག་འགན་བཞེས་ནས་ལོ་ངོ27འདས་ཤིང་། ཀྲུང་གོའི་སྲིད་དབང་བཙུགས་རྗེས་རྒྱལ་ཡོངས་གཅིག་གྱུར་བྱེད་མཁན་རྒྱལ་ཁབ་གྱི་འགོ་ཁྲིད་པ་ཨང་དང་པོ་ཡང་ཡིན། འོན་ཀྱང་ཁོང་གི་ཆབ་སྲིད་ཐབས་ཇུས་ལ་རྩོད་གླེང་མང་པོ་བྱུང་འདུག ཁོང་གི་སྲིད་སྐྱོང་འཚོ་བའི་ཁྲོད་དུ་བྱང་འདུལ་དང་། སློབ་སྲིད། གོ་གུང་ནང་འཁྲུག འཇར་འགོག་དམག་འཁྲུག རྒྱལ་ཁྲིམས་སྐྱོང་པ། གོ་མིན་སྲིད་གཞུང་ཐེ་ཝན་དུ་ཕྱིར་འཐེན་བྱས་པ། ཤར་ནུབ་ཕྱོགས་སུ་དམག་འཁྲུག་ལངས་པ་སོགས་ཀྲུང་གོའི་དེང་རབས་ལོ་རྒྱུས་ཐོག་ཏུ་གོ་གནས་གལ་ཆེན་ལྡན་ཡོད།

ཅང་ཅེ་ཧྲིས་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གཙོ་དང་གོ་མིན་གསར་བརྗེ་དམག་གི་སྤྱི་ཁྱབ་བཀའ་འཛིན་པའི་ལས་འགན་བཞེས་མྱོང་པས། ཡར་སྔོན་ཧོང་ཕུའུ་ལས་མཐར་ཕྱིན་པའི་གོ་གུང་དམག་དཔོན་ཚོས་ཁོང་ལ་སློབ་གཙོ་ཅང་ངམ་སློབ་གཙོ་ཞེས་འབོད་བཞིན་ཡོད་ཅིང་། གོ་མིན་ཏང་གི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་བྱུང་བར་བྱས་རྗེས་ཧ་ཅང་ཆེན་པོ་འདུག་པས། གོ་མིན་གསར་བརྗེ་དམག་གི་ཡབ་ཆེན་དང་། གོ་མིན་ཏང་སྲིད་གཞུང་དང་གོ་མིན་དམག་དཔུང་གི་ཡབ་ཆེན་ཞེས་ཀྱང་འབོད་བཞིན་འདུག

ཅང་ཅེ་ཧྲི་སྔ་རྗེས་སུ་ཐེངས་བཞི་ལ་གཉེན་སྒྲིག་བྱས། ཆེས་རྗེས་མའི་ལྕམ་མོའི་མིང་ལ་སུན་མེས་ལིན་ཟེར། སྲས་མོ་སུན་མེས་ལིན་གྱི་ཕ་ནི་ཧྲང་ཧེ་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་སུང་ཅཱ་ཧྲུའུ་ཡིན་ཞིང་། སུན་ཅཱ་ཧྲུའུ་ལ་སྲས་གསུམ་དང་སྲས་མོ་གསུམ་ཡོད་པ་ཚང་མ་མིང་གྲགས་ཅན་ཡིན། སྲས་མོ་གསུམ་པ་སུང་མེ་ལིང(སྤྱི་ལོ1897.3.5-2003.10.24)ཡིན་ལ་མཚན་གཞན་ལ་ལྕམ་མོ་ཡང་ཟེར། སྤྱི་ལོ1927ལོའི་ཟླ12པའི་ཚེས1ཉིན་ལ་སུང་མེ་ལིང་དང་ཅང་ཅེ་ཧྲིས་ཧྲང་ཧེ་ནས་གཉེན་སྒྲིག་བྱས། ཀྲུང་ཧྭ་མིན་གོའི་ལྕམ་མོ་སྔོན་མ་ཡིན། ཀྲུང་གོ་གོ་མིན་ཏང་ཀྲུང་དབྱང་ཞིབ་བསྡུར་ཨུ་ཡོན་ལྷན་ཁང་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་དང་། ཀྲུང་གོ་གོ་མིན་ཏང་ཀྲུང་དབྱང་བུད་མེད་བྱ་བའི་ཨུ་ཡོན་ལྷན་ཁང་སློབ་སྟོན་ཚོགས་འདུའི་སློབ་སྟོན་ཀྲང་སོགས་ཕྱག་འགན་བཞེས་ཤིང་ཀྲུང་གོའི་དེང་རབས་ལོ་རྒྱུས་ཐོག་ཏུ་ཨ་རུ་ལ་འབྲེལ་བ་གཏིང་ཟབ་མོ་ཡོད།

2 སྲིད་འཛིན་བྱ་བཞག

ཅང་ཅེ་ཧྲི་ནི་སྤྱི་ལོ1910ལོར་འཇར་པན་ནས་སློབ་མཐར་ཕྱིན། སྤྱི་ལོ1923ལོའི་ཟླ2པར་དམག་སྤྱི་ཆེན་མོ་པུའུ་ཡི་དམག་སྒར་ཆེན་པོའི་ཇུས་འདོན་དཔོན་བསྐོས། ལོ་དེའི་ཟླ8པར་སུའུ་ལེན་དུ་དམག་དོན་དང་། ཆབ་སྲིད། ཏང་གི་ལས་དོན་ལ་གཟིགས་སྐོར་སློབ་སྦྱོང་བྱས། སྤྱི་ལོ1924ལོའི་ཟླ1པོར་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོས་ཆོད་དོན་ལྟར་སྐམ་དམག་དམག་དཔོན་སློབ་གྲྭ་བཙུགས་ནས་གསར་བརྗེ་དམག་དཔུང་སྦྱོང་བརྡར་བྱས། སྤྱི་ལོ1926ལོའི་ཟླ1པར་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཏུ་ཅང་ཅེ་ཧྲི་ཀྲུང་དབྱང་ལག་ལྟར་ཨུ་ཡོན་དང་། ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལ་འདེམས་ཐོན་བྱུང་བ་མ་ཟད། ཟླ2པར་གོ་མིན་གསར་བརྗེ་དམག་གི་སྤྱི་ཁྱབ་བཀའ་འཛིན་ལ་བསྐོ་བཞག་བྱས། ཟླ7པར་བྱང་འདུལ་དམག་འཁྲུག་འགོ་བརྩམས་རྗེས། ཅང་ཅེ་ཧྲིས་སྤྱི་ཁྱབ་བཀའ་འཛིན་པུའུ་ཡི་སྣེ་དྲངས་ཏེ་གཡུལ་ས་ནས་དམག་འཁྲུག་ལ་བཀོད་འདོམ་བྱས། སྤྱི་ལོ1927ལོའི་ཟླ3པར་དབྱིན་ཇི་དང་ཨ་རུ་བཙན་རྒྱལ་རིང་ལུགས་རྒྱབ་རོགས་འོག་ཏུ་ཧྲང་ཧའེ4.21སྲིད་འགྱུར་སྐུལ་སློང་བྱས་ཏེ། གུང་ཁྲན་ཏང་ཡོན་དང་གསར་བརྗེ་མང་ཚོགས་དམར་གསོད་བྱས་པ་མ་ཟད། ཀོང་ཏུང་དང་ཤར་ལྷོའི་ཞིང་ཆེན་ཁག་གི་ཏང་དག་ཐེར་བྱས།

སྤྱི་ལོ1928ལོའི་ཟླ1པར་ཅང་ཅེ་ཧྲིས་ཡང་བསྐྱར་སྤྱི་ཁྱབ་བཀའ་འཛིན་གྱི་ལས་འགན་ཁུར་ཞིང་། ཟླ2པར་གོ་མིན་ཏང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་མཛད། ཚོགས་ཐོག་ཏུ་ཀྲུང་དབྱང་ཆབ་སྲིད་ཨུ་ཡོན་ལྷན་ཁང་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་བཞག་བྱས་ཏེ་ཆེས་བཟང་བའི་ལོ་བཅུའི་རིང་གི་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྲ་བརྟན་དུ་བཏང་བ་རེད།

སྤྱི་ལོ1935ལོའི་ཟླ11པར་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཧྭ་པེ་རང་བཙན་ངན་སྐུལ་བྱས་ཏེ། ཀྲུང་གོར་བཙན་འཛུལ་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ནས། སྔར་ཡོད་མ་མྱོང་བའི་མི་རིགས་ཀྱི་ཉེན་ཁར་ཐུག་པས། ཀྲུང་གོ་གུང་ཁྲན་ཏང་གིས་ནང་འཁྲུག་མཚམས་འཇོག་བྱས་ཏེ་གཅིག་གྱུར་གྱིས་འཇར་འགོག་བྱེད་པའི་འབོད་སྐུལ་བཏང་བ་མ་ཟད། ཅང་ཅེ་ཧྲིར་བཙན་ཐབས་ཀྱིས་འཇར་འགོག་བྱེད་དུ་བཅུག ཅང་ཅེ་ཧྲིས་ཀྲུང་གོ་གུང་ཁྲན་ཏང་ལ་གྲོས་མོལ་བྱེད་པའི་ཚོད་ལྟ་བྱས་ནའང་རྒྱང་བསྐྱོད་བྱས་ནས་ཧྲའན་པེར་སླེབས་པའི་དམར་དམག་ལ་སྐོར་བཅོམ་བྱེད་རྒྱུ་སྔར་བཞིན་རྒྱུན་འཁྱོངས་བྱས་ནས། ཧྲའན་པེར་གུང་བཅོམ་བཀོད་སྒྲིག་བྱས་པའི་ཀྲང་ཞུའེ་ལྭིང་དང་དབྱང་ཧུའུ་ཁྲེང་གིས་འཇར་འགོག་སེམས་ཐག་བཅད་ནས། སྤྱི་ལོ1935ལོའི་ཟླ12པའི་ཚེས12ཉིན་ལ་དམག་དཔུང་འོས་ལངས་བྱས་ཏེ། ཅང་ཅེ་ཧྲི་ཞི་ཨན་ནས་བགག་བཟུང་བྱས་པས། ཀྲུང་གོ་གུང་ཁྲན་ཏང་གིས་འདུམ་སྒྲིག་དང་ཕྱོགས་སོ་སོའི་འབད་འབུངས་ལ་བརྟེན་ནས་ཞི་ཨན་དོན་འགྱུར་ཞི་བདེའི་ངང་ནས་ཐག་གཅོད་བྱས་ཤིང་། ཅང་ཅེ་ཧྲིར་ཅི་བྱ་གཏོད་མེད་དུ་གྱུར་ནས་གུང་བཅོམ་སྲིད་ཇུས་མཚམས་འཇོག་བྱས། སྤྱི་ལོ1938ལོའི་ཟླ10པའི་བར་ལ་འཇར་དམག་ཁྲི45ཤི་རྨས་སུ་བཅུག་ནས་། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་མྱུར་དུ་རྩ་མེད་དུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་སྟོང་སེམས་སུ་གྱུར།

སྤྱི་ལོ1941ལོའི་ཟླ12པར་ཞི་བདེའི་རྒྱ་མཚོ་ཆེན་མོའི་དམག་འཁྲུག་མགོ་བརྩམས་རྗེས་ཅང་ཅེ་ཧྲིས་ཨ་རུ་དང་དབྱིན་ཇི་སོགས་ལ་མནའ་འབྲེལ་གྱི་ཕྱི་འབྲེལ་བྱ་འགུལ་སྤེལ་ནས། ཀྲུང་གོའི་གཡུལ་སའི་ཆེས་མཐོའི་དམག་སྤྱི་ཆེན་མོའི་འགན་ཁུར་ནས་ཨ་རུའི་དངོས་པོ་དང་ནོར་སྲིད་ཀྱི་རོགས་སྐྱོར་ཐོབ།   འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་རྗེས། ཅང་ཅེ་ཧྲིས་ཕྱོགས་གཅིག་ནས་ཨ་རུ་བཙན་རྒྱལ་རིང་ལུགས་ཀྱི་རྒྱབ་རོགས་འོག་ཏུ་དམག་དཔུང་འབོར་ཆེན་མངགས་ནས་རྒྱལ་ཁའི་འབྲས་སུ་འཕྲོག་ཅིང་། ཕྱོགས་གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཁྲུང་ཆིང་གྲོས་མོལ་བྱས་ནས་གྲོས་ཚོགས་ཟིན་བྲིས་སྟེང་དུ་མིང་རྟགས་བཀོད།   སྤྱི་ལོ1946ལོའི་ཟླ11པར། ཅང་ཅེ་ཧྲི་ནན་ཅིང་ནས་གོ་མིན་ཚོགས་ཆེན་བསྡུས་ཏེ། རྩ་ཁྲིམས་གཏན་འབེབས་དང་། ཁྲིམས་འཛིན་ལག་ལེན། དམངས་ལ་སྲིད་སྤྲོད། སྲིད་གཞུང་དག་ཐེར་བྱས་ཤིང་། སྤྱི་ལོ1948ལོའི་དཔྱིད་ཀར་གོ་མིན་ཚོགས་ཆེན་སྟེང་དུ་ཙུང་ཐུང་ལ་འདེམས་ཐོན་བྱུང་ནས། ལོ་དེའི་སྟོན་ཁར་ལིའོ་ཧྲེན་དང་། ཧོའེ་ཧའེ། ཕིང་ཅིན་གཡུལ་འཁྲུག་ཆེན་པོ་གསུམ་སོགས་ཐབས་ཇུས་རང་བཞིན་གྱི་དམར་འཛིང་བརྒྱུད་ནས། ཅང་ཅེ་ཧྲིའི་ནང་འཁྲུག་ལ་དགའ་ཞིང་མངའ་དབང་སྲུང་འཛིན་གྱི་རེ་བ་ཉག་ཅིག་གི་སྟོབས་ཤུགས་དམག་དཔུང་ཕལ་ཆེར་རྩ་མེད་དུ་བཏང་།

སྤྱི་ལོ1949ལོའི་ཟླ1པར། ཅང་ཅེ་ཧྲིས་ལོ་གསར་གསལ་བསྒྲགས་སྤེལ་ནས་ཞི་བདེའི་གྲོས་མོལ་བྱེད་པའི་བསམ་འཆར་བཏོན། རྩ་ཁྲིམས་དང་། ཁྲིམས་དབང་། དམག་དཔུང་གནས་ཐབས་བྱེད་པའི་ཆ་རྐྱེན་བཏོན་པས། ཀྲུང་གོ་གུང་ཁྲན་ཏང་གིས་ཁས་ལེན་མ་བྱས། ཟླ10བའི་ཚེས1ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས། དེ་ནས་བཟུང་ཅང་ཅེ་ཧྲིས་ཀྲུང་གོའི་སྐམ་སའི་དབང་སྒྱུར་དང་ཆབ་སྲིད་འཚོ་བ་མཇུག་སྒྲིལ་བ་རེད། སྤྱི་ལོ1949ལོའི་ཟླ12པར། ཅང་ཅེ་ཧྲི་ཐའེ་ཝན་དུ་ཕྱིར་འཐེན་བྱས་ནས། ཁོས་དམངས་གསུམ་རིང་ལུགས་ཀྱིས་ཐའེ་ཝན་འཛུགས་སྐྲུན་དང་། གུང་ཁྲན་ཏང་ལ་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་སླར་གསོ། སྐམ་ས་ཕྱིར་འཕྲོག་བྱེད་པ་བཅས་ཀྱིས་ཐའེ་ཝན་གྱི་དབང་སྒྱུར་ལ་རེ་བ་ཉག་གཅིག་བཅིངས། སྤྱི་ལོ1975ལོར་ཅང་ཅེ་ཧྲི་ཐའེ་ཝན་ནས་སྐུ་གཤེགས།

3 བྱས་རྗེས་གཙོ་བོ།

སྤྱི་ལོ1908ལོར་ཅང་ཅེ་ཧྲི་འཇར་པན་དུ་བསྐྱོད་ཅིང་མནའ་འབྲེལ་ཚོགས་པར་ཞུགས།  སྤྱི་ལོ1924ལོར་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གཙོ་དང་། གོ་མིན་གསར་བརྗེ་དམག་གི་སྤྱི་ཁྱབ་བཀའ་འཛིན་པ། གོ་མིན་སྲིད་གཞུང་གི་ཀྲུའུ་ཞི། སྲིད་འཛིན་ཡོན་གྱི་ཡོན་ཀྲང་སོགས་ཕྱག་འགན་བཞེས། སྤྱི་ལོ1931ལོར9.18དོན་རྐྱེན་བྱུང་བའི་རྗེས་སུ་གོ་མིན་སྲིད་གཞུང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་ཁུར་ནས། ཕྱི་དགྲ་བཏུལ་དགོས་ན་ཐོག་མར་ནང་འཇགས་གལ་ཆེའི་སྲིད་ཇུས་ལག་ལེན་དུ་བསྟར་ཏེ། དམར་དམག་གི་གསར་བརྗེ་གནས་གཞི་ལ་སྐོར་བཅོམ་ཐེངས་གང་མང་བྱས། སྤྱི་ལོ1936ལོར་ཞི་ཨན་དོན་རྐྱེན་བྱུང་བའི་རྗེས་སུ་ཅི་བྱ་གཏོད་མེད་དུ་གྱུར་ཏེ་འཇར་འགོག་བསམ་འཆར་དང་ལེན་བྱས་ནས་གོ་གུང་མཉམ་འབྲེལ་ཐེངས་གཉིས་པ་ལག་ལེན་དུ་བསྟར། སྤྱི་ལོ1938ལོར་ཀྲུང་གོ་གོ་མིན་ཏང་གི་སྤྱི་ཁྱབ་དཔོན་དང་། དམངས་གསུམ་རིང་ལུགས་ན་གཞོན་ཚོགས་པའི་ཚོགས་གཙོའི་འགན་ཁུར་ནས། གུང་ཁྲན་ཏང་དང་གསར་བརྗེའི་སྟོབས་ཤུགས་ལ་རྡུང་རྡེག་བྱས་ཀྱང་འཇར་འགོག་དམག་འཁྲུག་སྐབས་སུ་རྒྱལ་སྲུང་ཆེས་མཐོའི་ཨུ་ཡོན་ལྷན་ཁང་དང་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་མནའ་འབྲེལ་རྒྱལ་ཁབ་ཀྲུང་གོའི་གཡུལ་སའི་ཆེས་མཐོའི་དམག་སྤྱི་ཆེན་མོའི་འགན་ཁུར་ནས། ལོ8རིང་ལ་གོ་མིན་གསར་བརྗེ་དམག་མི་ས་ཡ་གཉིས་ལ་འགོ་ཁྲིད་བྱས་ཏེ་འཇར་འགོག་དམག་འཁྲུག་བརྒྱབ། ཅང་ཅེ་ཧྲིར་མཚོན་ན་ནོར་འཆུགས་ཡོད་ཀྱང་ཆེ་བརྗོད་མ་བྱས་པར་བཤད་ན་མི་རིགས་ཀྱི་གཙོ་འཛིན་དང་དེང་རབས་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་རླབས་ཆེ་བའི་མི་ཆེན་ཞིག་ཡིན་ཞིང་།  སྤྱི་ལོ1943ལོར་ཨ་རུ་དང་། དབྱིན་ཇི། ཀྲུང་གོ་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་ཁེ་ལེ་ཚོགས་འདུར་ཞུགས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཀྲུང་གུང་འཐུས་ཚབ་ཚོགས་པ་དང་ཁྲུང་ཆིང་ཞི་བདེའི་གྲོས་བྱས་རུང་། སྤྱི་ལོ1946ལོར་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་དང་སྲིད་གྲོས་ཀྱི་གྲོས་འཆམ་ཡི་གེ་སོགས་མེད་པར་བཏང་ནས། གུང་ཁྲན་ཏང་གིས་མངའ་བསྒྱུར་བའི་ས་ཁུལ་ལ་ཕར་རྒོལ་བྱེད་དགོས་པའི་བཀའ་བབས། སྤྱི་ལོ1948ལོར་གོ་མིན་ཚོགས་ཆེན་ཐེངས་དང་པོའི་སྟེང་དུ་གོ་མིན་སྲིད་གཞུང་གི་ཙུང་ཐུང་སྐབས་དང་པོར་འདེམས་ཐོན་བྱུང། སྤྱི་ལོ1949ལོར་ཅང་ཅེ་ཧྲི་ཕ་བུ་འཁོར་དང་བཅས་པ་ཐའེ་ཝན་དུ་ཕྱིར་འཐེན་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།