ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ།
ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནི་ཀྲུང་གུང་ཀྲུང་དབྱང་གིས་འདུ་ཤེས་རྣམ་པའི་སྐོར་གྱི་བྱ་བའི་ཕྱོགས་བསྡུས་འགན་འཁྲི་གཙོ་གཉེར་བྱེད་པའི་ལས་ཁུངས་ཤིག་ཡིན། ལས་ཁུངས་འདི་རིག་གནས་གསར་བརྗེའི་སྐབས་སུ་མེད་པར་བཟོས་པ་དང་། སྤྱི་ལོ1976ལོའི་ཟླ་བཅུ་བར་ཀྲུང་དབྱང་གིས་ཐག་གཅོད་བྱས་ནས་སླར་ཡང་སླར་གསོ་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央委员会宣传部
ཕྱི་ཡིག་གི་མིང་།
Publicity Department of the Communist Party of China
ལས་ཁུངས་ཁོངས་གཏོགས།
ཀྲུང་གུང་ཀྲུང་དབྱང་།
ལས་ཐོག་པུའུ་ཀྲང་།
ལིའུ་ཆི་པའོ།
རྒྱུན་ལས་པུའུ་ཀྲང་གཞོན་པ།
ཧོང་ཁུན་མིང་།
པུའུ་ཀྲང་གཞོན་པ།
ལུའོ་ཧྲུའུ་ཀང་དང་ཚའེ་ཧྥུ་ཁྲའོ། ལུའུ་ཝེ་སོགས།
དྲུང་ཡིག་ཆེན་མོ།
ཁྲེན་ཡུང་ཀང་།
གོང་རིམ་ལས་ཁུངས།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།
ལས་ཁུངས་ཀྱི་རྣམ་པ།
ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས།
སྲིད་འཛིན་རིམ་པ།
ཞིང་ཆེན་རིམ་པའི་ལས་འགན་གཙོ་བོ་འཁུར་མཁན།
1 ངོ་སྤྲོད།

ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནི་ཀྲུང་གུང་ཀྲུང་དབྱང་གིས་འདུ་ཤེས་རྣམ་པའི་སྐོར་གྱི་བྱ་བའི་ཕྱོགས་བསྡུས་འགན་འཁྲི་གཙོ་གཉེར་བྱེད་པའི་ལས་ཁུངས་ཤིག་ཡིན།  ལས་ཁུངས་འདི་རིག་གནས་གསར་བརྗེའི་སྐབས་སུ་མེད་པར་བཟོས་པ་དང་།  སྤྱི་ལོ1976ལོའི་ཟླ་བཅུ་བར་ཀྲུང་དབྱང་གིས་ཐག་གཅོད་བྱས་ནས་སླར་ཡང་སླར་གསོ་བྱས་པ་ཡིན།

2 འགན་ནུས།

གཅིག  རྒྱལ་ཡོངས་མར་ལེ་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་སློབ་སྦྱོང་།  དྲིལ་བསྒྲགས་བྱེད་པར་འགན་ཁུར་པ་དང་སློབ་སྟོན་གནང་བ། 

གཉིས།  སྤྱི་ཚོགས་གླེང་ཕྱོགས་ལ་འགན་ཁུར་ནས་སྣེ་ཁྲིད་པ་དང་ཀྲུང་དབྱང་གི་གསར་འགྱུར་དྲིལ་བསྒྲགས་ཀྱི་བྱ་བར་སློབ་སྟོན་དང་སྙོམ་སྒྲིག་བྱེད་པ།

གསུམ།  བསམ་པའི་རིག་གནས་ཀྱི་ཐོན་རྫས་གསར་གཏོད་དང་ཐོན་སྐྱེད་བྱེད་པར་སྤྱི་ཁོག་གི་ཐད་ནས་སློབ་སྟོན་གནང་བ། 

བཞི།  ཁྱོན་ཡོངས་རང་བཞིན་གྱི་བསམ་བློ་ཆབ་སྲིད་བྱ་བའི་འོས་འགན་འཆར་གཞི་གཏན་འབེབས་དང་བཀོད་སྒྲིག་བྱེད་པ། 

ལྔ།   ཀྲུང་དབྱང་གི་མངགས་བཅོལ་ལྟར།  འབྲེལ་ཡོད་ལས་ཁུངས་ཀྱི་རིག་གནས་དྲིལ་བསྒྲགས་དང་དོ་དམ་བྱེད་པ།  རིག་གནས་དྲིལ་བསྒྲགས་མ་ལག་གི་ཤེས་ལྡན་མི་སྣར་འབྲེལ་གཏུགས་བྱེད་པ།  འབྲེལ་ཡོད་ལས་ཁུངས་ལ་རམ་འདེགས་བྱས་ནས་ཤེས་ལྡན་མི་སྣས་བྱ་བ་བཟང་པོར་སྒྲུབ་པ། 

དྲུག  རིག་གནས་ལས་དོན་གྱི་འཕེལ་རྒྱས་ཀྱི་སློབ་སྟོན་བྱེད་ཕྱོགས་ལ་འགན་ཁུར་དགོས་པ་དང་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་གཏན་འབེབས་བྱེད་པ།  དུས་མཚུངས་སུ་ཀྲུང་དབྱང་གི་གཅིག་གྱུར་གྱི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་པ། 

བདུན།  ཀྲུང་དབྱང་གི་འགོ་ཁྲིད་ཀྱི་གྲོས་ཆོད་དང་བྱ་བར་ཞབས་ཞུ་བསྒྲུབ་པ། 

བརྒྱད།  རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་ལ་འགན་ཁུར་དགོས་པ།  གསར་འགྱུར་དང་དཔེ་སྐྲུན་སོགས་ཀྱི་ཞིབ་འཇུག་ལ་སྲིད་ཇུས་རང་བཞིན་གྱི་བསམ་འཆར་འདོན་པ་བཅས་ཡིན། 

3 སྒྲིག་གཞི་སྒྲིག་འཛུགས།

ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་པུའུ་ཡི་མངའ་འོག་ཏུ་གཞུང་སྒྲུབ་ཐིན་དང་ཞིབ་འཇུག་ཁང་།  གཞུང་ལུགས་ཅུའུ། དྲིལ་བསྒྲགས་སློབ་གསོ་ཅུའུ།  གསར་འགྱུར་ཁང་། རིག་གནས་སྒྱུ་རྩལ་ཅུའུ།  རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གཞུང་ལས་ཁང་། སྡེ་ཁག་དོ་དམ་ཅུའུ་སོགས་སྒྲིག་འཛུགས་བྱས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།