དྲ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་ཁང་།
དྲ་ཁང་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པའི་ཁེ་བཟང་འཚོལ་བའི་དྲ་ཐོག་ལ་ཞུགས་སའི་གནས་གཞི་དང་རྩིས་འཁོར་དང་འབྲེལ་ཡོད་ཀྱི་མཁྲེགས་ལྷུ་སོགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་གནས་ཤིག་ཡིན། འཛད་སྤྱོད་པས་རང་དབང་གིས་མཉེན་ཆས་སྒྲིག་ཆས་ལ་ཚོད་འཛིན་བྱས་ཆོག་པ་ཡིན། ཆེས་སྤྱིར་བཏང་གི་རེ་འདུན་ནི། གཅིག རང་ཉིད་ཀྱི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་ཡོད་དགོས་པ། གཉིས། ལོ་ན་བཅོ་བརྒྱད་ཀྱི་ཡན་ཡིན་དགོས་པ་བཅས་ཡིན། སྒྲིག་ལམ་ནི་ལོ་ན་མ་སོན་པའི་མི་ནང་དུ་ཡོང་མི་ཆོག་པ་དང་ནང་དུ་དུ་བ་འཐེན་མི་ཆོག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网吧
ཕྱི་ཡིག་གི་མིང་།
coffeenet
རྣམ་པ།
མི་མང་འདུ་འཛོམས་བྱ་ཡུལ།
ངོ་བོ།
ཁེ་བཟང་འཚོལ་བའི་རང་བཞིན་གྱི་དྲ་ཐོག་ལ་ཞུགས་པའི་ཞབས་ཞུ་འདོན་སྤྲོད།
ལྟ་སྐུལ།
རིག་གནས་པུའུ། སྤྱི་བདེ་པུའུ། མེ་གསོད་ཅུའུ། བཟོ་ཚོང་ཅུའུ།
1 ​ངོ་སྤྲོད།

དྲ་ཁང་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པའི་ཁེ་བཟང་འཚོལ་བའི་དྲ་ཐོག་ལ་ཞུགས་སའི་གནས་གཞི་དང་རྩིས་འཁོར་དང་འབྲེལ་ཡོད་ཀྱི་མཁྲེགས་ལྷུ་སོགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་གནས་ཤིག་ཡིན། འཛད་སྤྱོད་པས་རང་དབང་གིས་མཉེན་ཆས་སྒྲིག་ཆས་ལ་ཚོད་འཛིན་བྱས་ཆོག་པ་ཡིན།  ཆེས་སྤྱིར་བཏང་གི་རེ་འདུན་ནི།  གཅིག  རང་ཉིད་ཀྱི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་ཡོད་དགོས་པ།  གཉིས། ལོ་ན་བཅོ་བརྒྱད་ཀྱི་ཡན་ཡིན་དགོས་པ་བཅས་ཡིན། སྒྲིག་ལམ་ནི་ལོ་ན་མ་སོན་པའི་མི་ནང་དུ་ཡོང་མི་ཆོག་པ་དང་ནང་དུ་དུ་བ་འཐེན་མི་ཆོག་པ་ཡིན།

2 གཉེར་འཐུས་ཀྱི་དོན་ཚན།

གཅིག  དྲ་ཁང་འཛུགས་པར་ངེས་པར་དུ་རིག་གནས་སྡེ་ཁག་དང་སྤྱི་བདེ་ལས་ཁུངས། མེ་གསོད་རུ་ཁག  བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་བཅས་སུ་ཞིབ་བཤེར་གཏན་འབེབས་བྱེད་དགོས། 

གཉིས། ཁེ་ལས་རང་བཞིན་གྱི་རྩ་འཛུགས་ཀྱི་རྣམ་པ་དང་ལེན་བྱེད་དགོས། 

གསུམ།  ཁྲིམས་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་པ་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་པ་བཅས་ཡིན། 

3 གཉེར་སྐྱོང་དོ་དམ།

ཆེ་བ་རྒྱུད་འབྲེལ་རང་བཞིན་གྱི་དྲ་ཁང་དང་ཆུང་བ་མི་སྒེར་གྱིས་གཉེར་སྐྱོང་བྱེད་པའི་དྲ་ཁང་སོ་སོ་ལའང་རང་ཉིད་ཀྱི་གཉེར་སྐྱོང་དོ་དམ་བྱེད་ཐབས་ཤིག་ཡོད། 

གཅིག དྲ་ཁང་ནང་ཁུལ་གྱི་དོ་དམ།  དྲ་ཁང་ནང་ཁུལ་གྱི་དོ་དམ་ནི་ཚོང་འགྲུལ་པས་ཐད་ཀར་མི་མཐོང་མོད།  འོན་ཀྱང་འཛད་སྤྱོད་བྱེད་པའི་དུས་མཚུངས་སུ་དྲ་ཁང་གི་ཁེ་ལས་རིག་གནས་ཚོར་ཐུབ། 

གཉིས།  དྲ་ཁང་གཉེར་སྐྱོང་གི་ཇུས་གཞི། ནང་ཁུལ་གྱི་ལས་བྱེད་མི་སྣའི་མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་གཉེར་སྐྱོང་ཇུས་གཞི་ཡི་གཞོགས་འདེགས་གཙོ་བོ་ཞིག་ཡིན། གལ་ཏེ་དྲ་ཁང་དུས་ཡུན་རིང་བོར་བརྟན་འཇགས་ཡོང་དགོས་ན།  རྩིས་འཁོར་ལ་མཁས་པའི་ལག་རྩལ་པ་དང་ལས་བྱེད་མི་སྣ་ཕན་ཚུན་བར་གཞོགས་འདེགས་བྱེད་པ་དེ་ཆེས་གཙོ་བོ་ཞིག་ཡིན་ནོ། །


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། དྲ་ཁང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།