ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའུ་ནི་སྤྱི་ལོ1978ལོར་གསར་འཛུགས་བྱས་པ་དང་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ཤིང་། འབྲེལ་ཡོད་སྤྱི་ཚོགས་ཀྱི་སྲིད་འཛིན་ལས་རིགས་འོས་འགན་གཙོ་བོ་ཡིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཅིག་ཡིན། དམངས་སྲིད་ཀྱི་བྱ་བ་ནི་མི་དམངས་ཀྱི་འཚོ་བ་འགན་སྲུང་དང་བཅོས་བསྒྱུར་བྱས་ནས་སྤྱི་ཚོགས་དོ་དམ་ཤུགས་སྣོན་དང་གསར་གཏོད་བྱེད་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་ཞབས་ཞུ་སྒྲུབ་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཇགས་ལ་སྐུལ་འདེད་བྱེད་པ་ཡིན།
གཅིག དམངས་སྲིད་ཀྱི་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས། སྒྲིག་ལམ་དང་བཅའ་ཁྲིམས་སོགས་འཆར་འགོད་གཏན་འབེབས་བྱེད་པ་དང་། ཞིབ་འཇུག་བྱས་ནས་དམངས་སྲིད་ལས་རིགས་ཀྱི་འཕེལ་རྒྱས་ལ་འཆར་གཞི་འགོད་པ། དམངས་སྲིད་བྱ་བའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ།
གཉིས། རྒྱལ་ཡོངས་རང་བཞིན་གྱི་ཚོགས་པར་འགན་ཁུར་དགོས་པ་དང་ཞིབ་འཇུག་བྱས་ནས་ཚོགས་དངུལ་ཚད་གཞི་དང་རྒྱུ་ནོར་དོ་དམ་གྱི་ཐབས་ཤེས་འདོན་པ། ཚོགས་པའི་བྱ་འགུལ་ལ་ལྟ་སྐུལ་བྱེད་པ།
གསུམ། ཀྲུང་དབྱང་ལས་ཁུངས་སུ་གཏོགས་པ་དང་ཟུར་རྟེན་གྱི་དམངས་སྒྲུབ་ཁེ་ལས་ལས་ཁུངས་ཀྱི་ཐོ་འགོད་དང་ལོ་འཁོར་ཞིབ་བཤེར་ལ་འགན་ཁུར་བ་དང་། འབྲེལ་ཡོད་ཀྱི་ནོར་སྲིད་དང་རིན་ལེན་དོ་དམ་ཐབས་ལམ་ཞིབ་འཇུག་འདོན་པ།
བཞི། དམག་བཀུར་ཁྱིམ་སྐྱོང་གི་བྱ་འགུལ་ལ་རྩ་འཛུགས་དང་སྣེ་ཁྲིད་པ།
ལྔ། དམག་ཁོངས་ལས་ཕྱིར་བུད་པའི་འོས་འགན་དམག་དང་ལས་བསྒྱུར་དང་བླངས་དམག་སོགས་ལ་བྱ་བ་བཀོད་སྒྲིག་གི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ།
དྲུག མུག་སྐྱོབ་བྱ་བར་རྩ་འཛུགས་དང་སྙོམས་སྒྲིག་བྱེད་པ།
བདུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པ།
བརྒྱད། གཞི་རིམ་སྲིད་དབང་འཛུགས་སྐྲུན་གྱི་བསམ་འཆར་དང་གྲོས་གཞི་ལ་ཤུགས་སྣོན་དང་བཅོས་བསྒྱུར་ཕྱོགས་འདོན་པ།
དགུ། གཉེན་སྒྲིག་དོ་དམ་གྱི་བྱེད་ཕྱོགས་དང་སྲིད་ཇུས། སྒྲིག་ལམ་སོགས་འཆར་འགོད་གཏན་འབེབས་བྱེད་པ།
བཅུ། སྲིད་དབང་ས་ཁུལ་གྱི་སྤྱིའི་སྒྲིག་གཞི་གཏན་ལ་འབེབས་པ།
བཅུ་གཅིག རྫོང་ཡན་ཆད་ཀྱི་སྲིད་དབང་ས་ཁུལ་གྱི་མིང་དང་ཆེས་གཙོའི་རང་བྱུང་ས་ཁམས། རྒྱལ་སྤྱིའི་སྤྱི་ལ་དབང་བའི་ཁྱབ་ཁོངས། མཐའ་མཚམས་ཀྱི་ས་མིང་སོགས་ཀྱི་མིང་འདོགས་སྟངས་དང་མིང་བརྗེ་བའི་ཞིབ་བཤེར་གཏན་འབེབས་ལ་གོང་གི་ཆོག་མཆན་ཞུ་བ་བསྒྲུབ་པ།
བཅུ་གཉིས། ཞིང་ཆེན་དང་རྫོང་རིམ་པའི་སྲིད་དབང་ས་ཁུལ་གྱི་མཐའ་མཚམས་ཀྱི་དོ་དམ་ལ་རྩ་འཛུགས་དང་སྙོམས་སྒྲིག སྣེ་ཁྲིད་བྱེད་པ།
བཅུ་གསུམ། རྒན་པ་དང་དྭ་ཕྲུག ཁྱིམ་ཚང་དབུལ་བོ་སོགས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་སྲིད་འཛིན་དོ་དམ་བྱ་བའི་འགན་ཁུར་བ།
བཅུ་བཞི། པུར་སྐྱེལ་དུར་སྦེད་བྱ་བའི་བྱེད་ཕྱོགས་སྲིད་ཇུས་གཏན་ལ་འབེབས་པ་དང་པུར་སྐྱེལ་དུར་སྦེད་བཅོས་བསྒྱུར་ཁྱབ་སྤེལ་གཏོང་བ།
བཅོ་ལྔ། བྱིས་པ་ཉར་གསོ་དོ་དམ་གྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་ལ་འབེབས་པ།
བཅུ་དྲུག གྲོང་ཁྱེར་གྱི་ཡུལ་གྱར་བར་རོགས་སྐྱོར་དོ་དམ་གྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་ལ་འབེབས་པ་དང་ལྟ་སྐུལ་ལག་བསྟར་བྱེད་པ།
བཅུ་བདུན། དམངས་སྲིད་དང་འབྲེལ་བའི་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་བྱེད་སྒོ་ལ་ཞུགས་པ།
བཅོ་བརྒྱད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བྱས་པའི་དོན་དག་གཞན་པ་རྣམས་སྒྲུབ་འགན་འཁུར་ལེན་བྱེད་པ་བཅས་ཡིན།
ཞེ་ཅུའེ་ཙའེ།
ཁོང་སྤྱི་ལོ1883ལོར་ཧུའུ་ནན་ནས་འཁྲུངས་པ་དང་སྤྱི་ལོ1971ལོར་པེ་ཅིང་ནས་སྐུ་གཤེགས། ཁོང་གིས་སྔ་ཕྱིར་ནང་སྲིད་པུའུ་པུའ་ཀྲང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་།
ཆན་ཡིང་།
ཁོ་མོ་ནི་སྤྱི་ལོ1903ལོར་ཧུའུ་པེ་ནས་སྐུ་འཁྲུངས་པ་དང་སྤྱི་ལོ1973ལོར་སྐུ་གཤེགས། མོས་སྔ་ཕྱིར་རྒྱལ་ཁབ་ལྟ་ཞིབ་པུའུ་པུའུ་ཀྲང་དང་ནང་སྲིད་པུའུ་པུའ་ཀྲང་སོགས་ཀྱི་འགན་བཞེས་མྱོང་།
ཚེང་ཧྲན།
ཁོང་ནི་སྤྱི་ལོ1899ལོར་ཅང་ཞི་ནས་སྐུ་འཁྲུངས་པ་དང་སྤྱི་ལོ1972ལོར་པེ་ཅིང་ནས་སྐུ་གཤེགས། ཁོང་གིས་སྔ་ཕྱིར་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་ཚོང་ལས་པུའུ་པུའ་ཀྲང་། འགྲིམ་འགྲུལ་པུའུ་པུའུ་ཀྲང་། ནང་སྲིད་པུའུ་པུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་།
ཁྲེང་ཙི་ཧྭ།
ཁོང་ནི་སྤྱི་ལོ1905ལོར་ཧྲན་ཞི་ནས་སྐུ་འཁྲུངས་པ་དང་སྤྱི་ལོ1991ལོར་པེ་ཅིང་ནས་སྐུ་གཤེགས། ཁོང་གིས་སྔ་ཕྱིར་ཧྲན་ཞི་ཞིང་ཆེན་གྱི་ཧྲུའུ་ཅི་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། ཧྲན་ཞི་དམག་ཁུལ་གྱི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་སོགས་ཀྱི་འགན་བཞེས་མྱོང་།
ཚུའེ་ནའེ་ཧྥུ།
ཁོང་ནི་སྤྱི་ལོ1928ལོར་ཧོ་པེ་ནས་སྐུ་འཁྲུངས་བ་དང་། སྔ་ཕྱིར་ཧྲན་ཞི་ཞིང་ཆེན་གྱི་ཧྲུའུ་ཅིའི་དྲུང་ཡིག་དང་ལན་ཀྲོའུ་སློབ་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་པུའུ་ཀྲང་། དམངས་སྲིད་པུའུ་པུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་བ་དང་། སྐབས་བཅུ་གཉིས་དང་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ཡིན།
རྡོ་རྗེ་ཚེ་རིང་།
ཁོང་ནི་སྤྱི་ལོ1939ལོའི་ཟླ11པར་ཀན་སུའུ་བསང་ཆུ་ནས་སྐུ་འཁྲུངས་པ་དང་། སྤྱི་ལོ1955ལོའི་ཟླ8པ་ནས་བཟུང་བྱ་བར་ཞུགས། ཁོང་གིས་སྔ་ཕྱིར་བོད་རང་སྐྱོང་ལྗོངས་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ཨུ་ཀྲུའུ་ཞི་གཞོན་པ། སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞི། དམངས་སྲིད་པུའུ་ཡི་པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་སོགས་ཀྱི་འགན་བཞེས་མྱོང་བ་དང་། ཁོང་ནི་སྐབས་བཅུ་གཅིག་པ་བཅུ་གཉིས་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་དང་། སྐབས་བཅུ་གསུམ་དང་བཅུ་བཞི། བཅོ་ལྔའི་ཀྲུང་དབྱང་ཨུ་ཡོན། སྐབས་བདུན་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་བཅས་ཡིན།
ལི་ཞུའེ་ཅུས།
ཁོང་ནི་སྤྱི་ལོ1945ལོར་ཅི་ལིན་ནས་སྐུ་འཁྲུངས་བ་དང་། སྔ་ཕྱིར་གུང་གཞོན་ཚོགས་པའི་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་པུའུ་ཀྲང་གཞོན་པ། པུའུ་ཀྲང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རིན། མི་དོན་སློབ་གསོ་སི་ཡི་སི་ཀྲང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་།
ལི་ལི་ཀུའོ།
ཁོང་ནི་སྤྱི་ལོ1953ལོར་ཧོ་པེ་ནས་སྐུ་འཁྲུངས་བ་དང་། སྤྱི་ལོ1970ལོ་ནས་བཟུང་བྱ་བར་ཞུགས། ཁོང་གིས་སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲུང་ཡིག་ཆེན་མོ་དང་རྒྱུན་ཨུ། ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་བ་དང་། མིག་སྔར་དམངས་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་ཡོད།