དཔེ་སྐྲུན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔེ་སྐྲུན་ཁང་།
དཔེ་སྐྲུན་ཁང་ནི་དཔེ་ཆ་དང་རི་མོ། ཚགས་པར། དུས་དེབ་དང་གློག་རྡུལ་དངོས་པོ་སོགས་པར་དབང་ཡོད་པའི་དངོས་པོ་དག་པར་སྐྲུན་བྱེད་པའི་རྩ་འཛུགས་ཤིག་ཡིན་ཞིང་། ཀྲུང་གོའི་སྐམ་ས་ཆེན་པོ་རུ་དཔེར་ན་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་། ཀྲུང་གོ་ནགས་ལས་དཔེ་སྐྲུན་ཁང་སོགས་ཡོད་ཅིང་། ཐའེ་ཝན་ས་ཁུལ་དུ་དཔེར་ན་ཏུང་ལི་དཔེ་སྐྲུན་ཁང་ཡོད་པ་དང་། འཇར་པན་དུ་ཅི་ཡིང་ཧྲེ(集英社)དང་ཞའོ་ཞུའེ་ཀོན(小学馆)སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
出版社
ཕྱི་ཡིག་གི་མིང་།
publisher
1 ངོ་སྤྲོད།

དཔེ་སྐྲུན་ཁང་ནི་དཔེ་ཆ་དང་རི་མོ།  ཚགས་པར།  དུས་དེབ་དང་གློག་རྡུལ་དངོས་པོ་སོགས་པར་དབང་ཡོད་པའི་དངོས་པོ་དག་པར་སྐྲུན་བྱེད་པའི་རྩ་འཛུགས་ཤིག་ཡིན་ཞིང་།  ཀྲུང་གོའི་སྐམ་ས་ཆེན་པོ་རུ་དཔེར་ན་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་།  ཀྲུང་གོ་ནགས་ལས་དཔེ་སྐྲུན་ཁང་སོགས་ཡོད་ཅིང་།   ཐའེ་ཝན་ས་ཁུལ་དུ་དཔེར་ན་ཏུང་ལི་དཔེ་སྐྲུན་ཁང་ཡོད་པ་དང་།   འཇར་པན་དུ་ཅི་ཡིང་ཧྲེ(集英社)དང་ཞའོ་ཞུའེ་ཀོན(小学馆)སོགས་ཡོད།

2 གྲུབ་ཚུལ།

རྒྱལ་ཁབ་སོ་སོའི་མཁས་པ་རྣམས་ཀྱི་པར་སྐྲུན་གྱི་མཚན་ཉིད་ལ་མི་འདྲ་ས་ཅུང་ཡོད་མོད།  འོན་ཀྱང་པར་སྐྲུན་བྱ་འགུལ་གྱི་ཁྱད་ཆོས་ཕལ་ཆེར་གཅིག་འདྲ་ཡིན།  ཚང་མའི་འདོད་ཚུལ་ནི་པར་སྐྲུན་བྱ་འགུལ་གྱི་ནང་དོན་ནི་རྣམ་པ་གསུམ་གྱི་སྒོ་ནས་གྲུབ་པ་ཡིན།  གཅིག  པར་སྐྲུན་ནི་སྔོན་ན་ཡོད་པའི་བརྩམས་ཆོས་པར་སྐྲུན་ཡིག་རིགས་སུ་གྲུབ་པ་དེ་ཡིན།  གཉིས།  གདོད་མའི་བརྩམས་ཆོས་ངེས་པར་དུ་ཚད་ཅུང་མང་བའི་འདྲ་བཟོའི་བརྒྱུད་རིམ་ཞིག་བརྒྱུད་དེ་ཚད་ངེས་ཅན་གྱི་འདྲེན་བྱེད་དངོས་པོའི་རྣམ་པར་གྲུབ་ནས་པར་སྐྲུན་ཡིག་རིགས་སུ་གྱུར་བ།  གསུམ།  ཐབས་ངེས་ཅན་ཞིག་བརྒྱུད་དེ་སྤྱི་དམངས་ལ་པར་སྐྲུན་ཡིག་རིགས་འདི་དག་ཐོབ་པར་བྱེད་པ་དང་འདི་ནི་པར་སྐྲུན་བྱ་འགུལ་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་གཙོ་བོ་ཞིག་ཡིན། 

3 བརྒྱུད་རིམ།

གཅིག  དེ་ནི་འོས་བབས་ཀྱི་ཆེད་ལས་རང་བཞིན་གྱི་དཔེ་སྐྲུན་ཁང་གི་འགོ་གཙོ་དག་གིས་བརྩམས་ཆོས་ལ་ཐོག་མའི་ཞིབ་བཤེར་དང་ཡང་བསྐྱར་ཞིབ་བཤེར།  མཐའ་མཇུག་གི་ཞིབ་བཤེར་བཅས་བྱེད་པ།    

གཉིས།    དཔེ་སྐྲུན་ཁང་གི་བློ་རིག་དང་རྩོམ་སྒྲིག་མི་སྣའི་བློ་རིག   རྩོམ་པ་པོའི་བློ་རིག་དང་ནང་དོན་སོགས་ལ་ཞིབ་དཔྱད་བྱེད་པ། 

གསུམ།  འབྲེལ་ཡོད་ཀྱི་པར་སྐྲུན་འགྲོ་ལུགས་སྒྲུབ་པ། 

བཞི།  རྩོམ་སྒྲིག་མི་སྣས་བརྩམས་ཆོས་ལ་ནང་དོན་ཀྱི་ཐད་ནས་རྩོམ་སྒྲིག་བྱེད་པ།  མཚམས་ལན་རེར་བརྒྱུད་རིམ་འདི་རྩོམ་པ་པོ་དང་མཉམ་དུ་གྲོས་བསྡུར་བྱེད་དགོས་པ་ཡིན། 

ལྔ།  མཛེས་རྩལ་མི་སྣས་པར་རྣམ་དང་མདུན་ཤོག་ལ་ཇུས་འགོད་བྱེད་པ། 

དྲུག  ཚགས་སྒྲིག་པས་བརྩམས་ཆོས་ཚགས་སྒྲིག་དང་འབྲེལ་ཡོད་ཀྱི་བྱ་བ་སྒྲུབ་པ། 

བདུན།  པར་སྐྲུན་གྱི་ཚད་དང་རིན་གོང་གཏན་འཁེལ་བྱེད་པ། 

བརྒྱད།  འབྲེལ་ཡོད་ཀྱི་དཔེ་རྟགས་སོགས་ཀྱི་འགྲོ་ལུགས་སྒྲུབ་པ། 

དགུ།   པར་ཁང་དུ་སྤྲད་ནས་པར་སྐྲུན་བྱེད་དུ་འཇུག་པ། 

བཅུ།  དཔེ་སྐྲུན་ཁང་གི་ལག་རྩལ་མི་སྣས་དཔེ་ཆར་ཞིབ་བཤེར་བྱེད་པ། 

བཅུ་གཅིག  དཔེ་ཆ་དཔེ་ཁང་དུ་བཀྲམ་པ་བཅས་ཡིན། 

4 རིགས་དབྱེ་བ།

པར་སྐྲུན་མཚམས་སྦྱོར་དངོས་པོ་ལྟར་དབྱེ་ན་དཔེ་ཆ་དཔེ་སྐྲུན་ཁང་དང་།  སྒྲ་སྡེར་ཀུང་ཟི།  ཚགས་པར་དུས་དེབ་དཔེ་སྐྲུན་ཁང་བཅས་ཡོད།     པར་སྐྲུན་རྣམ་པ་ལྟར་དབྱེ་ན་ཕྱོགས་བསྡུས་དཔེ་སྐྲུན་ཁང་དང་ཆེད་ལས་དཔེ་སྐྲུན་ཁང་བཅས་གཉིས་ཡོད།  པར་སྐྲུན་བདག་གཉེར་གྱི་ངོ་བོ་ལྟར་དབྱེ་ན་སྤྱི་ཕན་རང་བཞིན་གྱི་དཔེ་སྐྲུན་ཁང་དང་བདག་གཉེར་རང་བཞིན་གྱི་དཔེ་སྐྲུན་ཁང་བཅས་གཉིས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།