ཁུག་རྟ་ལུང་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁུག་རྟ་ལུང་པ།
ཁུག་རྟ་ལུང་པ་ནི་དུང་དཀར་ལུང་པའི་ལྕམ་སྲིང་ཡིན། དུང་དཀར་ལུང་པའི་ནུབ་བྱང་ས་ཁུལ་གྱི་སྤྱི་ལེ་བཅུ་ལྷག་གི་གནས་སུ་ཡོད་ཅིང་། ཉེ་འཁོར་དུ་མཚོ་ངོས་ལས་མཐོ་ཚད་སྨི5000ཡན་གྱི་གངས་རི་མཐོན་པོ15ལྷག་ཡོད། མཚོ་ངོས་ལས་མཐོ་ཚད་སྨི2100ནས་རིམ་བཞིན་ཇེ་མཐོར་སོང་སྟེ་སྨི7556ལྷག་གི་གངས་དཀར་རི་བོའི་རི་རྩེ་རུ་སླེབས་འདུག ཁུག་རྟ་ལུང་པ་ནི་མང་གྲགས་ཆེ་བའི་རྒྱལ་སྤྱིའི་རི་འཛེགས་གནས་སྐོར་གྱི་ལམ་ཐིག་ཅིག་ཡིན། ཁུག་རྟ་ལུང་པ་གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
燕子沟
མིང་གཞན།
གངས་དཀར་རི་བོའི་རྡོའི་ལུང་པ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ཞིང་ཆེན།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།
གནམ་གཤིས།
མཐོ་སྒང་ལུང་གཞུང་ནམ་ཟླ།
དྲོད་ཚད།
8.5℃
གནས་ཡུལ།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་ཁ་རྫོང་།
མཚོ་འཕགས།
སྨི2100ནས་སྨི7556བར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ143
རིང་ཚད།
སྟོང་སྨི40
མཛེས་ལྗོངས་རིམ་ཚད།
རིམ་ཚད AAAA
མཛེས་ལྗོངས་གྲགས་ཅན།
ཐེན་ཡའོ་ཧྲུའེ་ཕིང་། ཧྥན་ཞན་སོགས་ཡོད།
1 ངོ་སྤྲོད།

ཁུག་རྟ་ལུང་པ་ནི་དུང་དཀར་ལུང་པའི་ལྕམ་སྲིང་ཡིན། དུང་དཀར་ལུང་པའི་ནུབ་བྱང་ས་ཁུལ་གྱི་སྤྱི་ལེ་བཅུ་ལྷག་གི་གནས་སུ་ཡོད་ཅིང་། ཉེ་འཁོར་དུ་མཚོ་ངོས་ལས་མཐོ་ཚད་སྨི5000ཡན་གྱི་གངས་རི་མཐོན་པོ15ལྷག་ཡོད། མཚོ་ངོས་ལས་མཐོ་ཚད་སྨི2100ནས་རིམ་བཞིན་ཇེ་མཐོར་སོང་སྟེ་སྨི7556ལྷག་གི་གངས་དཀར་རི་བོའི་རི་རྩེ་རུ་སླེབས་འདུག  ཁུག་རྟ་ལུང་པ་ནི་མང་གྲགས་ཆེ་བའི་རྒྱལ་སྤྱིའི་རི་འཛེགས་གནས་སྐོར་གྱི་ལམ་ཐིག་ཅིག་ཡིན། ཁུག་རྟ་ལུང་པ་གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁག་ཅིག་ཡིན་པ་དང་། དེའི་ནང་གངས་དཀར་རི་བོའི་ཤར་བྱང་གི་ལྡེབས་རིའི་ཁུག་རྟ་ལུང་པ་དང་གཡག་ཚང་མུ་ཁ་ལུང་པའི་འབབ་རྒྱུད་འདུས། ལྕགས་ཟམ་རྫོང་ཞིན་ཤིང་ཤང་གི་ས་ཁོངས་སུ་གནས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ220ཡོད། དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

2 ཁྱད་ཆོས།

གཅིག ཁུག་རྟ་ལུང་པའི་འཁྱགས་ཀླུང་དང་འཁྱགས་ཀླུང་གི་ས་ངོས་ཆགས་ཚུལ།  སྨན་རྒྱལ་དགོན་པའི་ཚ་ཆུ། གཉིས།  ཞིང་ཤིང་ཤང་གི་འཁྱགས་ཀླུང་གིས་ཁྱེར་ཡོང་བའི་རྡོ་རིལ་ཧ་ཅང་ཆེན་པོ།གསུམ།  ཁུག་རྟ་ལུང་པ་དང་གཡག་ཚང་མུ་ཁ་ལུང་པའི་གདོད་མའི་ནགས་ཚད་བཅད་རྗེས་ཀྱི་བསྐྱར་སྐྱེས་སྐྱེ་ཁམས་ཁོར་ཡུག  བཞི། ཚོན་མདངས་བཀྲ་བའི་གཡག་ཚང་མུ་ཁའི་མཐོ་རི་སྡོང་ཕྲན་ནགས་རྫོབ་སྤང་ལྗོངས་དང་རི་མཐོ་མཚེའུ་ཕག་མཁལ་མཚོ་སོགས་ཡོད་པས་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་རེད། 

3 རིག་གནས་དང་ཡུལ་ལྗོངས། 

གཅིག དབྱིབས་རིགས་ཀྱི་གྲོང་ཚོ་དང་ཡུལ་སྲོལ་གོམས་གཤིས། གཉིས། ས་གནས་དེའི་ལྟ་སྐོར་གྱི་རིན་ཐང་གི་ཐད། གངས་རིའི་རི་རྩེ་དང་། འཁྱགས་ཀླུང་། གྲོག་རོང་གི་དྲག་བཞུར་ཆུ་བོ། རྦབ་ཆུ། སྨན་རྒྱལ་ཆུ་ཚན། ནགས་ཚལ། ཕག་མཁལ་མཚེའུ། ཤིང་དབྱིབས་སྟག་མ་སྡོང་ཕྲན། རི་དྭགས་སྣ་ཚོགས། ཤའེ་མོན་ཁན་ས་རྒྱུད་ཀྱི་དར་མདོའི་སྟག་མ་མེ་ཏོག་ཆུང་བ་གཡག་ཚང་མུ་ཁའི་རྣམ་པ་སྣ་ཚོགས་ཀྱི་སྤང་ལྗོངས་སོགས་ཡོད། མཉམ་འཇོག་བྱེད་ས།

ས་གནས་དེའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ། ཁུག་རྟ་ལུང་པའི་དྲོད་ཚད་ཀྱི་ཧེ་བག་ཅུང་ཆེ་བས་རང་ཉིད་ཀྱི་གྱོན་ཆས་ལ་མཉམ་འཇོག་བྱས་ནས་ཆམ་པ་སྔོན་འགོག་བྱེད་པ། ཆར་འབབ་ཚད་མང་བས་ཆར་གདུགས་སོགས་གྲ་སྒྲིག་བྱེད་དགོས། ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་གད་སྙིགས་གང་འདོད་ལྟར་མི་འཕེན་པ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-06

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།