ཏང་ཨུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་ཨུ།
ཏང་ཨུ་ནི་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ཡིན། རང་རྒྱལ་དུ། ཏང་ཨུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་ཡིན་ཞིང་། ཁྱད་དུ་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་དང་གཞི་རིམ་ཨུ་ཡོན་ལྷན་ཁང་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党委
ཕྱི་ཡིག་གི་མིང་།
Party committee
1 ངོ་སྤྲོད།

ཏང་ཨུ་ནི་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ཡིན།  རང་རྒྱལ་དུ།  ཏང་ཨུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་ཡིན་ཞིང་།  ཁྱད་དུ་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་དང་གཞི་རིམ་ཨུ་ཡོན་ལྷན་ཁང་ལ་གོ་བ་ཡིན།

2 ཨུ་ཡོན་ལྷན་ཁང་།
2_1 ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།  ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་ཡིན།  ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འཚོགས་པ་ཡིན་ཞིང་།  ལོ་རེར་ཐེངས་གཅིག་ལ་འཚོག་དགོས། 

2_2 ས་གནས་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་།  ཀྲུང་གོ་གུང་ཁྲན་ཏང་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ།  ཐད་གཏོགས་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་ཨུ་ཡོན་ལྷན་ཁང་གི་ཐེངས་རེའི་འགན་འཛིན་དུས་ཡུན་ནི་ལོ་ལྔ་ཡིན་ཞིང་།   ཀྲུང་གོ་གུང་ཁྲན་ཏང་ས་གནས་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་ཚང་འཛོམས་གྲོས་ཚོགས་ལོ་རེར་ཐེངས་གཉིས་ལ་འཚོག་དགོས། 

2_3 གཞི་རིམ་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་གུང་ཁྲན་ཏང་གཞི་རིམ་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ནང་གསེས་གཅིག་ཡིན།  དེ་ནི་ཏང་ཡོན་ཚོགས་ཆེན་དང་ཏང་ཡོན་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱས་ནས་བྱུང་བ་ཡིན།  སྐབས་རེའི་འགན་འཛིན་དུས་ཡུན་ནི་ལོ་གསུམ་ནས་ལྔ་ཡིན།  སྤྱིར་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ།  ཨུ་ཡོན་བཅས་གསར་འཛུགས་བྱས་ཡོད། 

3 སྤྱིར་བཏང་གི་འོས་འགན། 

གཅིག  ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།  སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ།  ཏང་ཀྲུང་དབྱང་དང་གོང་རིམ་རྩ་འཛུགས་་སོགས་ཀྱི་གྲོས་ཆོད་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ།

གཉིས།  ཏང་ཡོན་ལ་རྩ་འཛུགས་བྱས་ནས་ནན་གྱིས་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིན་གྱི་གཞུང་ལུགས་སོགས་ལ་སློབ་སྦྱོང་བྱེད་དུ་འཇུག་པ།  ཏང་གི་རིག་གནས་དང་ཚན་རྩལ།  ཁྲིམས་ལུགས་དང་ལས་སྒོའི་རིག་གནས་སོགས་སློབ་སྦྱོང་བྱེད་པ།

གསུམ།  ཏང་ཡོན་མི་སྣར་སློབ་གསོ་དང་དོ་དམ།  ལྟ་སྐུལ་དང་ཞབས་ཞུ་བྱས་ནས་ཏང་ཡོན་གྱི་ཀུན་སྤྱོད་མཐོར་འདེགས་སུ་གཏོང་བ།  ཏང་གི་སྒྲིག་ཁྲིམས་ལ་སྲུང་སྐྱོང་དང་ལག་བསྟར་བྱེད་པ། 

བཞི། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་རྒྱུན་དུ་མང་ཚོགས་ཀྱིས་ཏང་ཡོན་དང་ཏང་གི་བྱ་བར་བཏོན་པའི་བསམ་འཆར་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་འོས་འགན་ལྡན་པ་ཡིན།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། རྩ་འཛུགས། ཏང་ཨུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-04

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།