སྡེ་དམངས་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེ་དམངས་ཨུ་ཡོན་ལྷན་ཁང་།
སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་སྐམ་སའི་ས་ཁུལ་གྱི་གྲོང་རྡལ་གྱི་ཁོངས་གཏོགས་སྲིད་འཛིན་གྲོང་སྡེ་ཡི་གྲོང་གསེབ་པའི་འདེམས་བསྐོ་བྱས་ནས་བྱུང་བའི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཤིག་ཡིན་ཞིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་གྲོང་གསེབ་པས་རང་ཉིད་དོ་དམ་དང་རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་ཞབས་ཞུ་སྒྲུབ་པའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན། སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཨུ་ཡོན་གསུམ་ནས་བདུན་བཅས་ཀྱིས་གྲུབ་པ་ཞིག་ཡིན་ལ། ལོ་གསུམ་གྱི་ནང་ནས་ཐེངས་གཅིག་ལ་འདེམས་བསྐོ་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
村民委员会
ཕྱི་ཡིག་གི་མིང་།
village committee
དམིགས་ཡུལ།
རང་ཉིད་དོ་དམ་དང་རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་ཞབས་ཞུ་སྒྲུབ་པ།
ངོ་བོ།
མང་ཚོགས་ཀྱིས་འདེམས་བསྐོ་བྱས་ནས་བྱུང་བའི་མང་ཚོགས་རང་བཞིན་གྱི་རྩ་འཛུགས།
དུས་ཡུན།
ལས་འགན་ཁུར་ཡུན་ལོ་གསུམ།
1 ངོ་སྤྲོད།

སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་སྐམ་སའི་ས་ཁུལ་གྱི་གྲོང་རྡལ་གྱི་ཁོངས་གཏོགས་སྲིད་འཛིན་གྲོང་སྡེ་ཡི་གྲོང་གསེབ་པའི་འདེམས་བསྐོ་བྱས་ནས་བྱུང་བའི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཤིག་ཡིན་ཞིང་།  སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་གྲོང་གསེབ་པས་རང་ཉིད་དོ་དམ་དང་རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་ཞབས་ཞུ་སྒྲུབ་པའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན།  སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཨུ་ཡོན་གསུམ་ནས་བདུན་བཅས་ཀྱིས་གྲུབ་པ་ཞིག་ཡིན་ལ།  ལོ་གསུམ་གྱི་ནང་ནས་ཐེངས་གཅིག་ལ་འདེམས་བསྐོ་བྱེད་པ་ཡིན།

2 མི་གྲངས།

སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན་པས་ཆ་ནས།  རང་ཉིད་ཀྱི་ཕྲག་ཏུ་ཁུར་བའི་འོས་འགན་ཐམས་ཅད་འགྲུབ་པའི་ཆེད་དུ། བབ་བསྟུན་གྱི་རྩ་འཛུགས་སྡེ་ཁག་དང་མི་སྣ་ཡོད་དགོས།  སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་སྒྲིག་ཁྲིམས་ཀྱི་ཐག་བཅད་པ་ལྟར།  སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཨུ་ཡོན་གསུམ་ནས་བདུན་བཅས་ཀྱིས་གྲུབ་པ་ཡིན་ཞིང་།  སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མི་གྲངས་ཀྱི་མང་ཉུང་ཚད་ལྡན་ཡིན་དགོས།  སྤྱིར་བཤད་ན་གྲོང་གསེབ་པ་མང་བ་དང་ཞག་སྡོད་བྱེད་ཐབས་ཐར་ཐོར་ཡིན་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བདག་གཉེར་དོ་དམ་གྱི་འོས་འགན་ཅུང་ལྗིད།  དེ་བས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མི་སྣ་ཡང་ཅུང་མང་དགོས་པ་ཡིན། 

3 གྲུབ་ཚུལ།

གཅིག   སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཨུ་ཡོན་གསུམ་ནས་བདུན་བཅས་ཀྱིས་གྲུབ་པ་ཡིན།

གཉིས།  སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་འོས་འཚམས་ཀྱི་སྐྱེས་མའི་མི་གྲངས་ཡོད་དགོས་པ་དང་།   མི་རིགས་མང་པོ་མཉམ་དུ་སྡོད་པའི་གྲོང་སྡེ་ཞིག་ཡིན་ན།   དེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་འོས་འཚམས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཡོད་དགོས་པ་ཡིན།

གསུམ།   སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཐོན་སྐྱེད་དང་ཁ་མི་འབྲལ་བ་དང་།   གནས་ཚུལ་གཞིར་བཟུང་ནས་དེ་ལ་འོས་འཚམས་ཀྱི་ཁ་གསབ་སྟེར་ཆོག་པ་ཡིན།

4 འོས་འགན།

གཅིག  རྩ་ཁྲིམས་དང་ཁྲིམས་ལུགས།  སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སོགས་དྲིལ་བསྒྲགས་བྱེད་པ་དང་།  གྲོང་གསེབ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།  གྲོང་གསེབ་པར་ཁྲིམས་ལ་བརྩི་སྲུང་དང་ཕན་ཚུན་མཐུན་སྒྲིལ་བྱེད་པ་སྐུལ་འདེད་དང་སློབ་གསོ་གཏོང་དགོས། 

གཉིས།  སྒྲིག་ཁྲིམས་ལྟར།  རང་སྡེ་ལ་དབང་བའི་ས་ཞིང་དོ་དམ་བྱེད་དགོས་པ་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ། 

གསུམ།  སྤྱི་བའི་ལས་དོན་དང་སྤྱི་ཕན་ལས་དོན་བསྒྲུབ་པ། 

བཞི།  དམངས་ཁྲོད་ཀྱི་གྱོད་གཞི་སྙོམ་སྒྲིག་བྱེད་པ། 

ལྔ།  རང་སྡེ་ཡི་འཛུགས་སྐྲུན་ཇུས་འགོད་དང་།   ཆུ་རྐ་དང་གཞུང་ལམ།   སྡོད་ཁང་སོགས་ཀྱི་ཞིག་གསོ་སོགས་ལ་རྩ་འཛུགས་ལག་བསྟར་བྱ་དགོས་པ་སོགས་ཀྱི་འོས་འགན་ལྡན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།