གསོལ་མགྲོན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསོལ་མགྲོན་ཁང་།
གསོལ་མགྲོན་ཁང་ནི་གཙོ་བོ་གནས་སྐོར་པ་རྣམས་ལ་དུས་ཡུན་ཐུང་ངུའི་ཞག་སྡོད་བྱེད་ས་འདོན་སྤྲོད་བྱེད་སའི་ས་གནས་ཤིག་ཡིན་ཞིང་། གསོལ་མགྲོན་ཁང་གིས་ཞག་སྡོད་འདོན་སྤྲོད་བྱེད་པ་ལས་གཞན། གནས་སྐོར་པ་རྣམས་ལ་གསོལ་ཁང་དང་ཆུ་རྐྱལ་རྫིང་བུ། བྱིས་པ་གཉོར་བ་སོགས་ཀྱི་ཞབས་ཞུ་ཡང་བསྒྲུབ་པ་རེད། གསོལ་མགྲོན་ཁང་ལ་ལ་རུ་ཚོགས་འདུའི་སྒྲིག་ཆས་ཀྱང་ཡོད་ཅིང་། ཚོང་དོན་སྡེ་ཁག་གི་ཚོགས་འདུ་འཚོགས་པའམ་ཡང་ན་གསར་འགོད་པའི་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་ཆོག་ལ། གསོལ་མགྲོན་ཁང་གི་གསོལ་སྟོན་ཁང་དུ་གཉེན་སྟོན་གྱི་མཛད་སྒོ་དང་གར་ཚོགས་སོགས་ཀྱི་བྱ་འགུལ་ཡང་སྤེལ་ཆོག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
饭店
ཕྱི་ཡིག་གི་མིང་།
Hotel,Restaurant
ནུས་པ།
གནས་སྐོར་པའི་གནས་སྐོར་བྱེད་སྒོའི་གནས་གཞི།
1 ངོ་སྤྲོད།

གསོལ་མགྲོན་ཁང་ནི་གཙོ་བོ་གནས་སྐོར་པ་རྣམས་ལ་དུས་ཡུན་ཐུང་ངུའི་ཞག་སྡོད་བྱེད་ས་འདོན་སྤྲོད་བྱེད་སའི་ས་གནས་ཤིག་ཡིན་ཞིང་།  གསོལ་མགྲོན་ཁང་གིས་ཞག་སྡོད་འདོན་སྤྲོད་བྱེད་པ་ལས་གཞན།  གནས་སྐོར་པ་རྣམས་ལ་གསོལ་ཁང་དང་ཆུ་རྐྱལ་རྫིང་བུ།  བྱིས་པ་གཉོར་བ་སོགས་ཀྱི་ཞབས་ཞུ་ཡང་བསྒྲུབ་པ་རེད།  གསོལ་མགྲོན་ཁང་ལ་ལ་རུ་ཚོགས་འདུའི་སྒྲིག་ཆས་ཀྱང་ཡོད་ཅིང་།  ཚོང་དོན་སྡེ་ཁག་གི་ཚོགས་འདུ་འཚོགས་པའམ་ཡང་ན་གསར་འགོད་པའི་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་ཆོག་ལ།  གསོལ་མགྲོན་ཁང་གི་གསོལ་སྟོན་ཁང་དུ་གཉེན་སྟོན་གྱི་མཛད་སྒོ་དང་གར་ཚོགས་སོགས་ཀྱི་བྱ་འགུལ་ཡང་སྤེལ་ཆོག་པ་ཡིན།

2 རྩོལ་ནུས།

གཅིག  ཞག་སྡོད་ཀྱི་ནུས་པ་ལྡན་པ། 

གཉིས།  བཟའ་བཏུང་གི་ནུས་པ་ལྡན་པ། 

གསུམ།  ཚོང་དོན་གྱི་ནུས་པ་ལྡན་པ།

བཞི།  ཁྱིམ་ཆས་ཀྱི་ནུས་པ་ལྡན་པ།

ལྔ།  གུང་སེང་སྤྲོ་སྐྱེལ་གྱི་ནུས་པ་ལྡན་པ།

དྲུག  ཚོགས་འདུའི་ནུས་པ་ལྡན་པ་བཅས་ཡིན།

3 ཕན་ནུས།

གཅིག   གནས་སྐོར་པའི་གནས་སྐོར་བྱེད་སྒོའི་གནས་གཞི་ཡིན་པ།

གཉིས།   གནས་སྐོར་གྱི་ཡོང་འབབ་བསྐྲུན་པ།

གསུམ།   སྤྱི་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་པ།

བཞི།   སྤྱི་ཚོགས་ཀྱི་འཛད་སྤྱོད་རྣམ་པ་དང་འཛད་སྤྱོད་གྲུབ་ཚུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ།

ལྔ།  ལས་རིགས་གཞན་པའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ།

དྲུག   གསོལ་མགྲོན་ཁང་གི་འཕེལ་རྒྱས་ཆུ་ཚད་ནི་གནས་སྐོར་གྱི་འཕེལ་རྒྱས་ཆུ་ཚད་དང་སྤྱི་ཚོགས་དཔལ་འབྱོར་དང་དཔལ་ཡོན་ཆུ་ཚད་ཀྱི་མཚོན་རྟགས་ཡིན།

4 ཞབས་ཞུའི་སྒྲིག་ཆས།

གསོལ་མགྲོན་ཁང་གི་སྤྱིར་བཏང་གི་སྒྲིག་ཆས་ལ་མལ་ཁྲི་དང་གོས་གདང་། ཅོག་ཙེ། ཁ་པར། བརྙན་འཕྲིན།  རྐུབ་སྟེགས་སོགས་ཡོད་ཅིང་།  དེ་ལས་གཞན་ད་དུང་སྐོམ་ཆུ་དང་ཆང་།    ཞོར་ཟས་སྣ་ཚོགས་ཀྱང་ཡོད་ལ།   འདི་དག་ལ་དངུལ་སྤྲོད་དགོས་པ་ཡིན།   ཆ་རྐྱེན་ཅུང་བཟང་བའི་གསོལ་མགྲོན་ཁང་དུ་ཁེར་རྐྱང་གི་ཁྲུས་ཁང་ཡོད་ལ།   དེའི་ནང་དུ་ཁྲུས་གཞོང་ཆེ་བ་དང་ཆབ་ཏོག་སོགས་ཀྱི་སྒྲིག་ཆས་ཡོད་ཅིང་།   ལ་ལ་རུ་ད་དུང་སྐུད་མེད་དྲ་བ་དང་སྐུད་ཡོད་དྲ་བ་སོགས་ཀྱི་ཞབས་ཞུའི་སྒྲིག་ཆས་ཀྱང་ཡོད་པ་ཡིན།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ཁེ་ལས། གསོལ་མགྲོན་ཁང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-04

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།