དྲ་རྒྱའི་ཁོར་ཡུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་ཁོར་ཡུག
དྲ་རྒྱའི་ཁོར་ཡུག་ནི་གནས་ཡུལ་མི་འདྲ་སར་ཁྱབ་པའི་སྨྱན་མང་གཟུགས་ཀྱི་རྩིས་འཁོར་མང་པོ་དངོས་ལུགས་སྟེང་སྦྲེལ་རེས་བྱེད་པ་དང་། གྲོས་མཐུན་ག་གེ་མོ་ཞིག་ལ་གཞིགས་ནས་ཕན་ཚུན་འཕྲིན་གཏོང་དང་། སྲ་ཆས་དང་མཉེན་ཆས། དེ་བཞིན་དྲ་རྒྱའི་རིག་གནས་མཉམ་སྤྱོད་མངོན་འགྱུར་ཡོང་བར་བྱེད་པའི་རྒྱུད་ཁོངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络环境
མཚན་ཉིད།
སྲ་ཆས་དང་མཉེན་ཆས། དེ་བཞིན་དྲ་རྒྱའི་རིག་གནས་མཉམ་སྤྱོད་མངོན་འགྱུར་ཡོང་བར་བྱེད་པའི་རྒྱུད་ཁོངས་ཤིག་ཡིན།
བྱེད་ལས།
ཁོར་ཡུག་གསར་བའི་ནང་དུ་མཉེན་ཆས་སྒྲིག་འཇུག་དང་ཡིག་ཆ་གསོག་འཇོག་བྱེད་པ།
གྲུབ་ཆ།
སྒྲིག་བཀོད། ཐོན་ཁུངས། ལས་སྟེགས། འཕྲིན་གཏོང་། ཡོ་བྱད།
1 གཞི་རྩའི་མཚན་ཉིད།

ཁོར་ཡུག་ནི་ནམ་ཡང་བར་སྟོང་ངེས་ཅན་དང་ཡང་ན། ཁྱབ་ཁོངས་ལ་འབྲེལ་བ་ཡོད་པ་དང་། ཆེ་ཆུང་ཡང་ཡོད་པ་རེད། ཆུང་ཕྱོགས་ནས་བལྟས་ན། དྲ་རྒྱའི་ཁོར་ཡུག་ནི“སློབ་སྦྱོང་བྱེད་མཁན་གྱིས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང་གནད་དོན་ཐག་གཅོད་བྱེད་པའི་བྱེད་སྒོའི་ཁྲོད་དུ་སྣ་མང་བོའི་ཡོ་བྱད་དང་ཆ་འཕྲིན་ཐོན་ཁུངས་བེད་སྤྱོད་བྱེད་ཆོག་པ་མ་ཟད། ཕན་ཚུན་མཉམ་ལས་དང་རམ་འདེགས་བྱེད་པའི་ཡུལ་ལ་ཟེར”བ་དང་། ཕྱོགས་ཆེ་ས་ནས་བལྟས་ན། དྲ་རྒྱའི་ཁོར་ཡུག་ནི་དྲ་རྒྱའི་ཐོན་ཁུངས་དང་དྲ་རྒྱའི་ཡོ་བྱད་ཀྱིས་ནུས་པ་ཐོན་པའི་གནས་ཡུལ་ཁོ་ན་མ་ཡིན་པར། དེའི་ནང་དུ་ད་དུང་སློབ་སྦྱོང་གི་རྣམ་པ་དང་སློབ་སྦྱོང་བྱེད་མཁན་གྱི་ཀུན་སློང་གི་རྣམ་པ། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་། སློབ་ཁྲིད་ཐབས་ཇུས་སོགས་དངོས་ལུགས་མ་ཡིན་པའི་རྣམ་པ་འདུ་བ་རེད། སློབ་ཁྲིད་ཇུས་འགོད་ཀྱི་ཆ་ནས་བལྟས་ན། དྲ་རྒྱའི་ཁོར་ཡུག་དེ་མང་ཆེ་བ་ནི་དྲ་རྒྱའི་ཐོན་ཁུངས་དང་དྲ་རྒྱའི་ཡོ་བྱད་ཀྱི་སྡེབ་སྒྲིག་ཡིན་པ་རེད།

2 གཞི་རྩའི་གྲུབ་ཆ།

ཀྲུང་གོའི་མཁས་དབང་ལི་ཁུ་ཏུང་ལགས་ཀྱིས་བཏོན་པའི“གྲངས་འཛིན་ཅན་སློབ་སྦྱོང་ཁོར་ཡུག”གི་གོ་དོན་ནི་ཁོར་ཡུག་གི་དངོས་ལུགས་གྲུབ་ཆར་ཕྱོགས་ཆེ་བ་དང་། སློབ་སྦྱོང་ཁོར་ཡུག་འདིའི་རིགས་ལ་ཆ་འཕྲིན་མངོན་འགྱུར་སྨྱན་མང་གཟུགས་ཅན་དང་ཆ་འཕྲིན་བརྒྱུད་གཏོང་དྲ་རྒྱ་ཅན། ཆ་འཕྲིན་སྒྲིག་གཅོད་རིག་ལྡན་ཅན་དང་སློབ་ཁྲིད་ཁོར་ཡུག་རྟོག་བཟོ་ཅན་གྱི་ཁྱད་ཆོས་ལྡན་པ་དང་། དེའི་ནང་དུ་གཤམ་གསལ་གྱི་གཞི་རྩའི་གྲུབ་ཆ་ཡོད།

1.སྒྲིག་བཀོད། དཔེར་ན། སྨྱན་མང་གཟུགས་ཀྱི་རྩིས་འཁོར། སྨྱན་མང་གཟུགས་ཀྱི་སློབ་ཁང་དྲ་རྒྱ། སློབ་གླིང་དྲ་རྒྱ། དབྱིན་ཐེ་དྲ་རྒྱ་སོགས་ཡོད།

2.ཐོན་ཁུངས། སློབ་སྦྱོང་བྱེད་མཁན་ལ་འདོན་སྤྲོད་བྱས་པའི་གྲངས་འཛིན་ཅན་སྒྲིག་གཅོད་བརྒྱུད་པའི་སྣ་མང་ཅན་དང་འཛམ་གླིང་ལ་མཉམ་སྤྱོད་རུང་བའི་སློབ་སྦྱོང་རྒྱུ་ཆ་དང་སློབ་སྦྱོང་བྱ་ཡུལ་ཡོད།

3.ལས་སྟེགས། སློབ་སྦྱོང་བྱེད་མཁན་ལ་གསལ་སྟོན་བྱེད་པའི་སློབ་སྦྱོང་གཏུག་ངོས་དང་དྲ་རྒྱའི་སྟེང་སློབ་སྦྱོང་བྱེད་པའི་བྱེད་སྒོ་མངོན་འགྱུར་བྱེད་པའི་མཉེན་ཆས་རྒྱུད་ཁོངས་ཡོད།

4.འཕྲིན་གཏོང་། རྒྱང་རིང་གྲོས་མོལ་གྲོས་བསྡུར་མངོན་འགྱུར་བྱེད་པའི་འགན་སྲུང་ཡིན།

5.ལག་ཆ། སློབ་སྦྱོང་བྱེད་མཁན་གྱིས་ཤེས་བྱ་སློབ་སྦྱོང་དང་། གསར་གཏོད་ལག་ལེན། གནད་དོན་ཐག་གཅོད་བྱེད་པའི་སློབ་སྦྱོང་ཡོ་བྱད་ཡིན་ནོ།།

3 བྱེད་ལས།

ཁོར་ཡུག་རེ་རེ་ནི་བཀོལ་སྤྱོད་རྒྱུད་ཁོངས་གསར་བ་ཞིག་དང་ཆ་འདྲ་བ་དང་། ཁྱོད་ཀྱིས་ཁོར་ཡུག་གསར་བ་འདིའི་ནང་དུ་མཉེན་ཆས་སྒྲིག་འཇུག་དང་རྒྱུ་ཆ་ཉར་ཚགས་བྱེད་ཆོག

1.དྲ་རྒྱའི་ཁོར་ཡུག་དང་པོ། གཞུང་སྒྲུབ་ཁོར་ཡུག

ཁྱོད་ཀྱིས་གཞུང་སྒྲུབ་བྱེད་སྐབས་ཆེད་དུ་སྤྱོད་པ་སྟེ། office、msn、skype སོགས་སྒྲིག་འཇུག་བྱེད་པའི་རྒྱུན་སྤྱོད་གཞུང་སྒྲུབ་མཉེན་ཆས་ཡིན།

2.དྲ་རྒྱའི་ཁོར་ཡུག་གཉིས་པ། རོལ་རྩེད་ཁོར་ཡུག

ཁྱོད་ཀྱིས་རོལ་རྩེད་བྱེད་སྐབས་ཆེད་དུ་སྤྱོད་པ་དང་། རྩེད་མོར་རོལ་བ། གླུ་དབྱངས་ལ་ཉན་པ་དང་། གློག་བརྙན་ཕབ་ལེན་སོགས་ཡིན།

དྲ་རྒྱའི་ཁོར་ཡུག་མང་པོ་མཉམ་དུ་སྤྱོད་པ་སྟེ། ཁྱོད་ལ་གློག་ཀླད་མང་པོ་ཞིག་ཡོད་པ་དང་མཚུངས།

ཡིན་ནའང་། དེ་ནི་དཔེ་འཇོག་ཙམ་རེད། ཁྱོད་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཁོར་ཡུག་འདི་དག་གི་ནང་དོན་དང་། སྒྲིག་འགོད་དང་ཅོག་ཁེབས་སོགས་ལ་མཚན་ཉིད་འཇོག་ཆོག་པ་རེད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།