གསར་འདོན་ཟློས་ཕྱོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསར་འདོན་ཟློས་ཕྱོད།
བརྙན་རིས་བརྙན་ཡོལ་ཐོག་གསར་སྒྱུར་བྱེད་པའི་མྱུར་ཚད་ལ་ཟེར་བ་དང་། དེ་ཡང་བརྙན་ཡོལ་སྟེང་གི་བརྙན་རིས་སྐར་ཆ་རེར་འཆར་བའི་ཐེངས་གྲངས་ཡིན་ཏེ། དེའི་འཇལ་བྱེད་ནི་ཧོ་ཙི(Hz)ཡིན་པ་དང་། གསར་འདོན་ཟློས་ཕྱོད་ཇི་ལྟར་ཆེ་ན། བརྙན་ཡོལ་སྟེང་གི་བརྙན་རིས་འོད་འཁྱུག་ཚོར་བ་དེ་ལྟར་ཆུང་བ་དང་། གཏན་འཇགས་རང་བཞིན་ཡང་དེ་ལྟར་ཆེ་བ་རེད། ཡང་ཅིག་བཤད་ན་མིག་ལ་སྲུང་སྐྱོབ་བྱེད་པ་ཡང་ཇེ་ལེགས་ཡིན་པ་དང་། སྤྱིར་བཏང་གི་མིའི་མིག་ཤེས་ཀྱིས75Hzཡན་གྱི་གསར་འདོན་ཟློས་ཕྱོད་ཀྱིས་བཟོས་པའི་འོད་འཁྱུག་ཚོར་བ་ཚོར་མི་ཐུབ་པ་ཡིན། དེའི་ཕྱིར། ཁྱོད་ཀྱི་འཆར་ཆས་བྱང་བུའི་གསར་འདོན་ཟློས་ཕྱོད75Hzཡན་དུ་སྒྱུར་ན་ཆེས་ལེགས་པ་ཡིན་ལ། མཉམ་འཇོག་བྱ་དགོས་པ་ནི། འཆར་ཆས་བྱང་བུ་ཡོད་ཚད་འབྱེད་ཕྱོད་ཆེ་ཤོས་ཀྱི་འོག་ཏུ་གསར་འདོན་ཟློས་ཕྱོད75Hzཡན་ལ་སླེབས་ཐུབ་པའི་ངེས་པ་མེད་པ་མ་ཟད། འཆར་ཆས་བྱང་བུ་ཡང་ཐག་ཡངས་ཀྱིས་མི་འདང་བའི་དབང་གིས་བླང་བྱ་བཏོན་པ་ལ་སླེབས་མི་ཐུབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刷新频率
ངོ་བོ།
ཚན་རིག
གསལ་བཤད།
བརྙན་ཡོལ་སྟེང་གི་བརྙན་རིས་སྐར་ཆ་རེར་གསར་འདོན་བྱས་པའི་ཐེངས་གྲངས་ཡིན།
ཤུགས་རྐྱེན་ཐེབས་བྱེད་ཀྱི་རྒྱུ་རྐྱེན།
འཆར་ཆས་ཀྱི་ཐག་ཡངས་སོགས་ཡིན།
1 གོ་དོན།

གསར་འདོན་ཕྱོད་ནི་བརྙན་ཡོལ་གྱི་སྣང་བརྙན་པར་ངོས་སྐར་ཆ་རེར་གསར་འདོན་བྱས་པའི་ཐེངས་གྲངས་ལ་ཟེར་བ་དང་། ཁྱོད་ཀྱིས་འདི་ལྟར་གོ་བ་ལེན་ཆོག་སྟེ། གློག་བརྙན་ལ་ལྟ་སྐབས་སུ་དོན་གྱིས་ང་ཚོས་མཐོང་བ་ནི་ཞི་འཇགས་ཀྱི་སྣང་བརྙན་པར་ངོས་རེ་རེ་ཡིན་ལ། སྒྲོན་བརྙན་གཏོང་བ་དང་མཚུངས་པ་རེད། ཅིའི་ཕྱིར་ང་ཚོར་པར་ངོས་འགུལ་བའི་ཚོར་བ་བྱུང་བ་ཡིན་ནམ། དེ་ནི་མིའི་མིག་གི་མཐོང་ཚོར་རང་སོར་ལུས་པའི་ཕན་ནུས་ཀྱི་རྐྱེན་གྱིས་ཡིན་པ་དང་། སྣང་བརྙན་པར་ངོས་སྔོན་མ་ཀླད་ཆེན་ནང་དུ་སྡོད་པའི་བག་ཆགས་ད་དུང་བོར་མེད་པ་དང་། དེ་མུར་སྣང་བརྙན་པར་ངོས་རྗེས་མས་རྗེས་སྙེགས་ནས་ཐོན་བྱུང་བ་མ་ཟད། པར་ངོས་གཉིས་བར་གྱི་ཁྱད་པར་ཤིན་ཏུ་ཆུང་བ་རེད། འགུལ་སྟངས་ཤིག་ནི་སྣང་བརྙན་པར་ངོས་མང་པོ་ལས་མངོན་པར་བྱེད་དགོས་པ་དང་། འདི་ལྟར་ང་ཚོའི་ཚོར་བར་སྣང་བརྙན་པར་ངོས་འགུལ་བ་རེད། འདི་ལྟར་སྣང་བརྙན་པར་ངོས་རེ་རེ་བཞིན་བརྗེ་སྒྱུར་བྱེད་པ་ནི་གསར་འདོན་རེད། འགུལ་སྟངས་ཤིག་ནི་པར་ངོས20ལས་གྲུབ་པར་ཆ་བཞག་ན། ང་ཚོས་བལྟས་ཚེ་འགུལ་རིས་བརྙན་འཕྲིན་ལ་ཅུང་ཆ་འདྲ་ཡོད་པ་དང་། འགུལ་སྟངས་ཁ་སྣོན་བྱས་ཏེ་པར་ངོས30བྱས་ཚེ། རང་ཤུགས་སུ་གྲུབ་འགྲོ་བ་དང་། འདི་ནི་གསར་འདོན་ཕྱོད་རེད།

2 ཤུགས་རྐྱེན་ཐེབས་བྱེད་ཀྱི་རྒྱུ་རྐྱེན།

1.སྲ་ཆས་ཐད་ནས་བཤད་ན། གསར་འདོན་ཕྱོད་ལ་ཤུགས་རྐྱེན་ཐེབས་བྱེད་གཙོ་བོ་ནི་འཆར་ཆས་ཀྱི་ཐག་ཡངས་ཡིན་ལ། ད་ལྟ་སྤྱིར་བཏང་དུ་ཚུན17ཅན་གྱི་ཚོན་ལྡན་ཐག་ཡངས་ནི100ཡི་གཡས་གཡོན་ཡིན་པ་དང་། 85Hzརྦད་དེ་གཏོང་ཐུབ་པ་དང་། བརྙན་ཡོལ་ཇི་ལྟར་ཆེ་ན། ཐག་ཡངས་དེ་ལྟར་ཆེ་བ་དང་། ཚུན19ཅན་ནི200ཡི་གཡས་གཡོན་དང་ཚུན21ཅན་ནི300ཡི་གཡས་གཡོན་ཡིན་པ་རེད། ཚོང་རྟགས་ཆེ་ཆུང་མཚུངས་པའི་ཚོན་ལྡན་གྱི་ཐག་ཡངས་ཇི་ལྟར་ཆེ་ན། རིན་གོང་དེ་ལྟར་མཐོ་བ་རེད། གཞན་ད་དུང་གསར་འདོན་ཕྱོད་ལ་ཤུགས་རྐྱེན་ཐེབས་བྱེད་ནི་འཆར་ཆས་བྱང་བུ་རེད། འཆར་ཆས་བྱང་བུར་ཡང་སྤྱོད་རུང་བའི་གསར་འདོན་ཕྱོད་དང་འབྱེད་ཕྱོད་ཡོད་པ་དང་། འོན་ཀྱང་གསར་འདོན་ཕྱོད་ཐད་ནས་བཤད་ན། འདི་ནི་ད་ལྟ་རྩ་བ་ནས་སྣང་མེད་དུ་བཏང་ཆོག་པ་ཞིག་རེད། རྒྱུ་མཚན་ནི་དེ་གཙོ་བོ་རབས་སྔོན་མའི་འཆར་ཆས་བྱང་བུ་ལ་དམིགས་པ་ཞིག་རེད། ད་ལྟ་གནའ་རྫས་རིམ་པའིTNT2འཆར་ཆས་བྱང་བུས་ཀྱང1024*768ལ་རམ་འདེགས་ཐུབ་པའི་འབྱེད་ཕྱོད་འོག་ཏུ85Hzཡི་ཕན་ནུས་ལ་སླེབས་ཐུབ་པ་རེད། 1024*768ནི་ཚུན17ཅན་གྱིCRTའཆར་ཆས་ཀྱི་ཚད་ལྡན་འབྱེད་ཕྱོད་རེད། དེའི་ཕྱིར་གསར་འདོན་ཕྱོད་ལ་ཤུགས་རྐྱེན་ཐེབས་བྱེད་གཙོ་བོ་ནི་ད་དུང་འཆར་ཆས་ཀྱི་ཐག་ཡངས་རེད།

2.མཉེན་ཆས་ཐད་ནས་བཤད་ན། གསར་འདོན་ཕྱོད་ལ་ཤུགས་རྐྱེན་ཐེབས་བྱེད་གཙོ་བོ་ནི་འབྱེད་ཕྱོད་རེད། འབྱེད་ཕྱོད་ཇི་ལྟར་མཐོ་ན། ཐག་ཡངས་མི་འགྱུར་བའི་གནས་ཚུལ་འོག་ཏུ། གསར་འདོན་ཚད་དེ་ལྟར་དམའ་བ་དང་། གསར་འདོན་ཕྱོད་མཐོ་བ་ཞིག་རྒྱུན་འཁྱོངས་བྱེད་བསམ་ན། ཐག་ཡངས་མཐོ་བ་ཞིག་བེད་སྤྱོད་བྱེད་དགོས་པ་རེད། དེའི་ཕྱིར་བརྙན་ཡོལ་ཆེན་མོའི་འཆར་ཆས་ཀྱི་ཐག་ཡངས་ཚང་མ་མཐོ་བ་རེད།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།