ཀྲུའུ་ཡོན་ཀྲང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའུ་ཡོན་ཀྲང་།
ཀྲུའུ་ཡོན་ཀྲང་ཡི་མཚན་གཞན་ལ་ཞིན་ཙུང་ཟེར། ཀྲུང་གོའི་མིང་རྒྱལ་རབས་ཀྱི་རྒྱལ་ཁབ་འཛུགས་མཁན་གོང་མ་ཡིན་ལ་གོང་མ་ཧུང་ཝུའུ་འམ་ཀྲུའུ་ཧུང་ཝུའུ་ཞེས་སུ་གྲགས། རྒྱལ་ཁབ་ཀྱི་མིང་ལ་ཏཱ་མིང་རྒྱལ་རབས་དང་། ལོ་ཚིགས་ལ་ཧུང་ཝུའུ་ཞེས་ཟེར། རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་བཀོས་བཀོད་རྒྱུན་འཛིན་སྲིད་དབང་བཙུགས། བློན་ཆེན་ཞེས་པ་མེད་པར་བྱས་ཏེ་ཀྲུང་དབྱང་གི་ཆེད་དབང་གཅིག་སྡུད་བྱས། སྤྱི་ལོ1380ལོར་ཡུན་ཐེན་ཕོ་བྲང་ནས་སྙུང་གཞིའི་དབང་གིས་ཞི་བའི་དབྱིངས་སུ་གཤེགས། དགུང་གྲངས71ཡིན། གདུང་མཆོད་ལྷ་ཁང་གི་མཚན་བྱང་ལ་མེས་པོ་གོང་མ་ཞེས་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朱元璋
ཕྱི་ཡིག་གི་མིང་།
Zhu Yuanzhang
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1323.10.21-1398.6.24)
རྒྱལ་ཁབ།
མིང་རྒྱལ་རབས།
མི་རིགས།
རྒྱ་རིགས།
ལས་རིགས།
གོང་མ། ཆབ་སྲིད་པ། དམག་དོན་པ།
སྲིད་བསྐྱངས་ལོ།
སྤྱི་ལོ(1368.1.23-1398.6.24)
བྱས་རྗེས་གཙོ་བོ།
རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་བཀོས་བཀོད་རྒྱུན་འཛིན་སྲིད་དབང་བཙུགས། ཀྲུང་དབྱང་གི་ཆེད་དབང་གཅིག་སྡུད་བྱས་པ། ཧུང་ཝུའུ་བསྐལ་བཟང་གི་འགོ་ཚུགས་པ།
1 ​མི་སྣ་ངོ་སྤྲོད།

མིང་རྒྱལ་རབས་ཀྱི་རྒྱལ་བོ་ཐོག་མ་ཀྲུའུ་ཡོན་ཀྲང(སྤྱི་ལོ1368-1398ལོ)ནི་ཀྲུང་གོའི་རྒྱལ་རབས་རིམ་བྱོན་ཁྲོད་ངོ་མཚར་གཏམ་རྒྱུད་ཀྱིས་ཕྱུག་པའི་མི་སྣ་ཞིག་ཡིན། ཁོང་ཞིང་བ་དབུལ་བོའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། ཆུང་དུས་སུ་ས་བདག་ཚང་གི་གནག་རྫི་བྱས་མྱོང་། ནར་སོན་རྗེས་གྲྭ་བཙུན་དང་སློང་མོའི་འཚོ་བའང་རོལ་མྱོང་། དེའི་རྗེས་ཞིང་པའི་འོས་ལངས་དམག་གྲས་སུ་ཞུགས་པར་མ་ཟད། འོས་ལངས་དམག་གི་འགོ་གཙོར་གྱུར་པ་དང་། མཐར་མིང་རྒྱལ་ཁབ་ཀྱི་རྒྱལ་བོར་བཞུགས། ཀྲུའུ་ཡོན་ཀྲང་ནི་རྒྱ་རིགས་ཡིན་པ་དང་། མཚན་གཞན་ལ་ཞིང་ཙུང་ཟེར། དགུང་གྲངས24ཡི་ཐོག་ཏུ་མགོ་རས་དམར་པོའི་དམག་དཔུང་དུ་ཞུགས་ནས་ཡོན་རྒྱལ་རབས་ལ་ངོ་རྒོལ་བྱས། སྤྱི་ལོ1368ལོར་ཕྱོགས་ཁག་སོ་སོའི་ཞིང་བའི་འོས་ལངས་དམག་དཔུང་ཕམ་ཁ་བྱུང་རྗེས། ཡུན་ཐེན་ཕོ་བྲང་ནས་གོང་མར་བཞུགས་ཤིང་། རྒྱལ་ཁབ་ཀྱི་མིང་ལ་ཏཱ་མིང་རྒྱལ་རབས་དང་། ལོ་ཚིགས་ལ་ཧུང་ཝུའུ་ཞེས་ཟེར། ཡོན་རྒྱལ་རབས་ཀྱིས་ཀྲུང་གོར་དབང་སྒྱུར་བྱས་པའི་ལོ་རྒྱུས་མཇུག་རྫོགས་ནས་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་བཀོས་བཀོད་རྒྱུན་འཛིན་སྲིད་དབང་བཙུགས། སྤྱི་ལོ1380ལོར་ཀྲུའུ་ཡོན་ཀྲང་གིས་བློན་ཆེན་ཞེས་པ་མེད་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་ཆེད་དབང་གཅིག་སྡུད་བྱས། ཁོང་གིས་མངའ་དབང་སྒྱུར་བའི་དུས་སྐབས་སུ་སྲིད་སྐྱོང་ཧུང་ཝུའུ་ཞེས་སུ་གྲགས་སོ། ། སྤྱི་ལོ1380ལོར་ཡུན་ཐེན་ཕོ་བྲང་ནས་སྙུང་གཞིའི་དབང་གིས་ཞི་བའི་དབྱིངས་སུ་གཤེགས། དགུང་གྲངས71ཡིན། གདུང་མཆོད་ལྷ་ཁང་གི་མཚན་བྱང་ལ་མེས་པོ་གོང་མ་ཞེས་བྱ།

ཀྲུའུ་ཡོན་ཀྲང་གིས་སྲིད་ལོ་སུམ་ཅུ་སོ་གཅིག་ལ་བསྐྱངས། སྤྱི་ལོ1368ནས1398ལོའི་བར་ལ་རྒྱལ་ཡོངས་སུ་གཅིག་གྱུར་ལྡན་པའི་བཀོས་བཀོད་རྒྱུན་འཛིན་སྲིད་དབང་སྟེ་མིང་རྒྱལ་རབས་བཙུགས། ཕྱིའི་བཙན་འཛུལ་མཁན་ལ་འགོག་རྒོལ་དང་། ཆབ་སྲིད་གསར་བརྗེ་བྱེད་པ། ཐོན་སྐྱེད་གོང་འཕེལ་གཏོང་བ། མི་དམངས་ཀྱི་འཚོ་བར་གཏན་འཇགས་ཡོང་བ་སོགས་སྤྱི་ཚོགས་མདུན་དུ་བསྐྱོད་པར་ཕན་འབྲས་ལྡན་པའི་སྲིད་ཇུས་སྣ་ཚོགས་ལག་ལེན་དུ་བསྟར་ནས། ཆབ་སྲིད་དང་། དཔལ་འབྱོར། དམག་དོན། བསམ་བློ་བཅས་ཀྱི་ཐོག་ནས་མངའ་བདག་གིས་ཀྲུང་དབྱང་གི་མངའ་དབང་གཅིག་སྡུད་དབང་སྒྱུར་ལ་ཤུགས་སྣོན་ཆེན་པོ་བྱས། ཡིན་ནའང་ཁོང་གིས་མངའ་བདག་ཆེད་དབང་སྲ་བརྟན་དུ་གཏོང་ཆེད་བློན་ཆེན་མེད་པར་བྱས་པ་དང་གོང་མ་རྒྱལ་པོས་ཆེས་མཐོ་བའི་དབང་ཆ་གཅིག་སྡུད་བྱས་ནས་བློན་པོ་ཚོས་དབང་ཆ་སོ་སོར་བགོས་པས། མིང་རྒྱལ་རབས་དུས་མཇུག་ཏུ་ནང་བློན་དཔོན་རིགས་སྲིད་ཕྱོགས་ནས་རྙོག་འཛིང་བྱུང་བའི་རྣམ་པ་བཟོས་སོ། །

2 མི་སྣའི་ལོ་རྒྱུས།
2_1 སྐྱེས་ཁོངས།

ཀྲུའུ་ཡོན་ཀྲང་གི་སྐྱེས་ཁོངས་ཐོབ་ཐང་ཧ་ཅང་དབུལ་བོ་ཡིན་ལ་རིག་གནས་ཡོན་ཚད་མཐོན་པོ་ཀྱང་མེད། ཡིན་ཡང་ཕྱིས་སུ་ནུས་པ་ཆེན་པོ་ལྡན་པའི་གོང་མར་བཞུགས།   ཁོང་ནི་ཞིང་བ་དབུལ་བོ་ཞིག་གི་ཁྱིམ་ཚང་ནས་སྐུ་འཁྲུངས། ཀྲུའུ་ཡོན་ཀྲང་ཁོང་གི་སྐྱེས་སྐར་ནི་ཟླ8པའི་ཚེས8ཉིན་ཡིན་པས་བྱིས་མིང་ལ་ཁྲུན་པཱ་ཟེར་ལ་ཕྱིས་སུ་ཀྲུའུ་ཞིན་ཙུང་ཟེར་ཞིང་། ཁོང་གི་ཡབ་ཆེན་གྱི་མཚན་ལ་ཀྲུའུ་ཧྲི་ཀྲེན་ཟེར་བ་དང་། ཡུམ་ཆེན་གྱི་རུས་ཁྲེན་ཡིན། ཀྲུའུ་ཡོན་ཀྲང་གི་ཡར་སྔོན་མི་རབས་འགའ་ཡི་རིང་ལ་ཞིང་ལས་གཉེར་བ་ཁོ་ན་ཡིན་ལ་ཞིང་བ་ཁྱིམ་ཚང་དབུལ་བོ་ཞིག་ཡིན། ཀྲུའུ་ཡོན་ཀྲང་དགུང་གྲངས16ལ་སོན་པའི་སྐབས་སུ་ཡམས་ནད་ཀྱིས་མནར་གཅོད་བྱས་ནས། ཁོང་གི་ཡབ་ཆེན་དང་ཡུམ་ཆེན། ཕུ་བོ་སོགས་ཚེ་ལས་འདས། ཕྱིས་སུ་ཁོང་ནི་ཉེ་འདབས་སུ་ནང་བསྟན་དགོན་པ་ཞིག་ལ་བསྐྱལ་ནས་གྲྭ་ཕྲུག་བྱས།

2_2 འོས་ལངས་དམག་ལ་ཞུགས་པ།

ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཆབ་སྲིད་རུལ་སུངས་སུ་གྱུར་བ་དང་། མི་རིགས་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར། རང་བྱུང་ཁམས་ཀྱི་གནོད་འཚེ་ཀྱང་གང་མང་བྱུང་། འཚོ་ཐབས་ཞིག་ཡོང་དགོས་པས་ཞིང་བ་རྣམས་ཅི་བྱ་གཏོད་མེད་དུ་གྱུར་ནས་འབངས་གྱེན་ལོག་བྱས། སྤྱི་ལོ1351ལོའི་ཟླ་ལྔ་བར་ཧན་ཧྲན་ཐུང་དང་ལིའུ་ཧྥུའུ་ཐུང་གིས་ཡིན་ཀྲོའུ་སྟེ་ད་ལྟའི་ཨན་ཧུའེ་ས་ཁུལ་དུ་དར་ཆ་བསྒྲེངས་ནས། འཐབ་མོ་རྣམས་ཀྱིས་མགོ་རས་དམར་པོས་དཀྲིས་ཤིང་། མགོ་རས་དམར་པོའི་དམག་དཔུང་ཞེས་འབོད། ཀྲུའུ་ཡོན་ཀྲང་ཡང་དགུང་གྲངས25སྐབས་སུ་ཀོའུ་ཙི་ཞིན་གྱི་མགོ་རས་དམར་པོའི་དམག་དཔུང་ལ་ཞུགས། ཀྲུའུ་ཡོན་ཀྲང་དམག་ལ་ཞུགས་རྗེས་ཁོང་འཐབ་འཁྲུག་ལ་མཁས་མཛངས་ལྡན་པས་ཀོའུ་ཙི་ཞིན་གྱིས་གང་མགྱོགས་ཀྱི་ངང་ནས་མཐོང་ཆེན་བྱས་ཏེ། ཀྲུའུ་ཡོན་ཀྲང་དམག་སྤྱི་ཁང་ལ་གནས་སྤོར་བྱས་པ་མ་ཟད་དམག་དཔོན་ཞིག་གི་ཐོབ་ཐང་ཀྱང་བྱིན་པ་དང་། དེ་ནས་རིམ་བཞིན་གོ་གནས་འཕར་ནས་ཕྱིས་སུ་རང་ཉིད་ཀྱི་དམག་དཔུང་སྒྲིག དམག་སྤྱི་ཀོའུ་ཙི་ཞིན་གྱིས་ཀྲུའུ་ཡོན་ཀྲང་ནི་མི་འཇོན་ཐང་ལྡན་ཞིང་རང་ཉིད་ཀྱི་ལས་དོན་ལ་རམ་འདེགས་ཆེན་པོ་འབྱུང་སྲིད་པ་ཤེས་ནས་རང་གི་ལོ་ན21སོན་པའི་བུ་མོ་ཚབ་མ་མཱ་ཞུག་དབྱིན་ཀྲུའུ་ཡོན་ཀྲང་ལ་ཆུང་མར་བྱིན་ཞིང་། ཕྱིས་སུ་རྒྱལ་མོ་མཱ་རྐང་རྒན་མ་ཞེས་བྱ་བ་དེ་ཡིན།

སྤྱི་ལོ1355ལོར་ཀྲུའུ་ཡོན་ཀྲང་གིས་རྒོལ་ཐེངས་གཅིག་གིས་ཧུ་ཀྲོའུ་བླངས་པས། འཕྲིན་བཟང་འབྱོར་མ་ཐག་ཏུ་ཀོའུ་ཙི་ཞིན་གྱིས་ཀྲུའུ་ཡོན་ཀྲང་དམག་དཔུང་སྤྱི་ཁྱབ་དཔོན་ལ་བསྐོས།

2_3 རྣམ་པར་རྒྱལ་བའི་ཐབས་ཇུས།

ཀྲུའུ་ཡོན་ཀྲང་གོང་མར་མ་བཞུགས་སྔོན་ལ་བློ་འདོན་པ་ཀྲུའུ་ཧྲེང་གིས་བསམ་འཆར་དོན་ཚན་གསུམ་བཏོན་པ་སྟེ། གཅིག་ནི་ལྕགས་མཁར་མཐོན་པོ་བརྩིགས་ཏེ། དམག་དོན་འགོག་སྲུང་དང་རྒྱབ་ཕྱོགས་སྲ་བརྟན་ཡོང་བར་བྱེད་དགོས། གཉིས་ནི་འབྲུ་རིགས་གསོག་འཇོག་ཆེན་པོ་བྱས་ཏེ། དཔལ་འབྱོར་ཐོན་སྐྱེད་གོང་འཕེལ་དུ་བཏང་ནས། དཔལ་འབྱོར་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་དགོས། གསུམ་ནི་གོང་མ་བཞུགས་པར་བྲེལ་བ་མེད་པར་བྱས་ཏེ། དགྲ་བོ་ཅུང་ཙམ་མང་བོའི་གནས་ཚུལ་འོག་ཏུ་རང་གི་སྟོབས་ཤུགས་ཅུང་ཙམ་ཞན་པས་རང་ཉིད་དམག་ཤེད་ཅན་འགའ་རེའི་བར་དུ་མི་ཚུད་པར་བྱས། བསམ་འཆར་དོན་ཚན་གསུམ་པོ་འདི་ལ་འཐབ་ཇུས་རང་བཞིན་ལྡན་པའི་དམིགས་འབེན་ཡོད་ལ་ཀྲུའུ་ཡོན་ཀྲང་དར་སྤེལ་ཡོང་བའི་ཐོག་མའི་བསམ་བློའི་སློབ་སྟོན་བྱེད་ཕྱོགས་ཀྱང་ཡིན། ཀྲུའུ་ཡོན་ཀྲང་གིས་ལོ་འགའི་རིང་ལ་ག་ས་གང་དུ་རང་གི་སྟོབས་ཤུགས་ཇེ་ཆེར་བཏང་བ་དང་། དཔུང་ཁག་ཇེ་རྒྱས་སུ་བཏང་བ། དམག་གི་འབྲུ་རིགས་ལ་འདང་རྒྱག་མེད་པ་ཞིག་བྱས། དམངས་སེམས་རབ་ཏུ་འགུགས་པ་དང་དེའི་མཚུངས་སུ་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་དང་། ཁྱད་པར་དུ་ཞིང་བདག་གྲལ་རིམ་གྱི་ཤེས་ཡོན་ཅན་སོགས་རང་ཕྱོགས་སུ་བཀུགས་པ་རེད། 

ཀྲུའུ་ཡོན་ཀྲང་གིས་ཡུན་ཐེན་ལྟེ་གནས་ཡིན་པའི་གནས་གཞི་གསར་བ་བཙུགས་རྗེས་འབྲི་ཆུའི་སྟོད་རྒྱུད་ལ་ཁྲིན་ཡུག་ལེང་དང་། འབྲི་ཆུའི་སྨད་རྒྱུད་ལ་ཀྲང་ཧྲི་ཁྲིན། ཤར་ལྷོའི་མཚམས་སུ་ཧྥང་གོ་ཀྲིན། ཁྲིན་ཡུག་ལེང་དང་ཀྲང་ཧྲི་ཁྲིན་ཀྱིས་ཡུན་ཐེན་བར་དུ་བཙིར་ནས་དཔུང་རྒོལ་བྱས། ཀྲུའུ་ཡོན་ཀྲང་གིས་དམག་སྣ་དྲངས་ནས་ཁྲིན་ཡུག་ལེང་གི་དཔུང་ཚང་ཝུའུ་ཁྲང་ཅང་ཀྲིག་ལ་ཐད་ཀར་ཕར་རྒོལ་བྱས་པས། ཁྲིན་ཡུག་ལེང་ཝུའུ་ཁྲང་ལ་བྲོས་ཀྱང་ཀྲུའུ་ཡོན་ཀྲང་གིས་ཅང་ཞི་དང་ཧུའུ་པེ་ཤར་ལྷོའི་ཕྱོགས་སུ་མཁྲེགས་རྒོལ་བྱས། ཀྲུའུ་ཡོན་ཀྲང་གི་དམག་དཔུང་གིས་གྲུ་གཟིངས་ཆུང་བའི་བདེ་མྱུར་གྱི་ལེགས་ཆ་བེད་སྤྱད་ནས་ཁྲིན་དམག་ལ་དཔུང་རྒོལ་བྱས་ནས་མཐའ་མཇུག་གི་རྒྱལ་ཁ་བླངས་ཏེ། ཁྲིན་ཡུག་ལེང་མདའ་མོ་སྟོང་གིས་བསད་པ་རེད། ཁྲིན་ཡུག་ལེང་མེད་པར་དུ་བཏང་བ་ལས་ཀྲུའུ་ཡོན་ཀྲང་གིས་གཙང་པོའི་ལྷོ་ཕྱོགས་ཞི་འཇགས་སུ་གཏོང་བར་རྨང་གཞི་བཏིངས་བ་རེད།   སྤྱི་ལོ1367ལོའི་ཟླ9བའི་ཚེས8ཉིན་ལ་ཀྲུའུ་ཡོན་ཀྲང་གིས་དམག་སྣ་དྲངས་ཏེ་ཕེན་ཅང་མཁར་ལ་དཔུང་རྒོལ་བྱས། ཀྲང་ཧྲི་ཁྲིན་གྱིས་འགོག་རྒོལ་བྱས་རུང་མཇུག་མཐར་གསོན་བཟུང་བྱས།

2_4 ཏཱ་མིང་རྒྱལ་རབས་བཙུགས་པ།

མིང་ཧུང་ཝུའུ་ཁྲི་ལོ་དང་པོ་སྟེ། སྤྱི་ལོ1368ལོར་ཀྲུའུ་ཡོན་ཀྲང་གིས་ནན་ཅིང་ནས་གོང་མའི་གསེར་ཁྲིར་བཞུགས། རྒྱལ་ཁབ་ཀྱི་མིང་ལ་ཏཱ་མིང་རྒྱལ་རབས་དང་། ལོ་ཚིགས་ལ་ཧུང་ཝུའུ་ཞེས་ཟེར། ཡོན་རྒྱལ་རབས་ཀྱི་རྒྱལ་ས་ཤོར་ཞིང་ཡོན་རྒྱལ་རབས་མེད་པར་དུ་སོང་བ་ཁྱབ་བསྒྲགས་བྱས་པ་ལས། ཀྲུའུ་ཡོན་ཀྲང་གིས་སྤྱི་ལོ1352ལོར་དམག་འཁྲུག་བརྒྱབ་པ་ནས་བཟུང་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་ཡང་མཚོན་ཡོད། ཁོང་གིས་ཆབ་སྲིད་བརྩོན་ལེན་བྱས་ནས་འཚོ་ཐབས་དང་རང་གི་ཚེ་སྲོག་གི་ཆེད་དུ་དམག་འཁྲུག་རྒྱག་དགོས་པར་སེམས་པ་མ་རེད་ཅིང་། སྟོབས་ཤུགས་ཡོད་ཚད་བཏོན་ནས་ཀྲུང་གོའི་རང་གི་མངའ་ཁོངས་སུ་དབང་དུ་སྡུད་དགོས་པར་སེམས་པ་ཡང་མ་རེད། དེ་རུ་གནད་དོན་འདི་དག་ཁ་ཤས་གནས་སྲིད་པ་སྟེ། ཀྲུའུ་ཡོན་ཀྲང་གི་ཐོབ་ཐང་ལ་ཁོང་གི་དམག་དཔུང་གིས་ཁས་ལེན་ཡོངས་སུ་བྱེད་བཞིན་པ་དང་གཅིག དཔལ་འབྱོར་འཁོར་རྒྱུག་དང་ཞི་བདེ་ཡོང་པའི་དུས་རབས་ཀྱི་དམག་དཔུང་ལམ་ལུགས་འཛུགས་སྐྲུན་བྱེད་ཆོག་པ་དང་གཉིས་སོ། ། སེམས་ཁུར་བྱེད་བཞིན་པའི་གནས་ཚུལ་འདི་དག་ཡོད་ནའང་སྤྱི་ལོ1368ལོ་ནས་སྤྱི་ལོ1372ལོའི་བར་དུ་སྔར་བཞིན་དམག་འཁྲུག་བྱ་འགུལ་ཡོད་པ་དེས་མིང་རྒྱལ་རབས་ཀྱི་དུས་མཇུག་གི་ལོ་རྒྱུས་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་ནས། ཧྲན་ཞི་དང་། ཧྲའན་ཞི། ཀན་སུའུ། སི་ཁྲོན་སོགས་དབང་དུ་བསྡུས་ཟིན་པ་རེད།

2_5 རྒྱལ་ཁབ་སྐྱོང་པའི་ཐབས་ཤེས།

རྒྱལ་ཁབ་སྐྱོང་པར་ཆོས་ལུགས་ཅན་དུ་འགྱུར་བར་དྲིལ་བསྒྲགས་བྱེད་པ་དང་། བཅའ་ཁྲིམས་ལ་ཤུགས་སྣོན་བྱེད་པ། ཁུན་མིན་ལམ་ལུགས་ལ་གུས་ཞིང་བཀུར་བ། མི་སེར་ལ་བྱམས་སྐྱོང་བྱས་ནས་འཚོ་ཐབས་བྱེད་པ་དང་ཀྲུང་གོར་འགོ་ཁྲིད་བྱས་ནས་སླར་གསོ་བྱེད་པའི་ཡིད་ཆེས་དང་སེམས་ཐག་བཅད་པ་རེད།

གྲོན་དངུལ་གྲོན་ཆུང་བྱེད་པ་དང་། ནོར་ཤུགས་བརྩོན་བསྲི་བྱེད་པ། ངལ་རྩོལ་པ་བརྩོན་བསྲི་བྱས་ནས་མི་དམངས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པ་རེད།

གནམ་འོག་གི་མི་སྣ་གྲགས་ཅན་བསྡུ་ལེན་བྱེད་དགོས་ཤིང་། རུལ་སུངས་མཁན་ལ་རྡུང་རྡེག་སྤྲོད་དགོས་པ་དང་། ཕོ་བྲང་ནང་གི་ཁུངས་མིའི་བཟང་ངན་གསལ་འབྱེད་བྱེད་དགོས་པ་རེད།

ཞིང་ལས་ལ་གཙིགས་འཛིན་གནང་དགོས་ཤིང་། ཆུ་བེད་འཛུགས་སྐྲུན་བྱེད་དགོས་པ་དང་། ཐོན་སྐྱེད་གོང་འཕེལ་བྱེད་དགོས་པ། མི་དམངས་ལ་ནོར་ཤུགས་ལེགས་པོ་ཞིག་འཛོམས་དགོས་པ་རེད།

ཀྲུའུ་ཡོན་ཀྲང་གིས་དམག་དོན་ཐད་རྒྱལ་ཡོངས་ཀྱི་དམག་དོན་ལ་དོ་དམ་བྱེད་པའི་དམག་དཔོན་ཆེན་མོ་མེད་པར་བྱས་ནས། དཀྱིལ་ཕྱོགས་དང་། གཡོན་ཕྱོགས། མདུན་ཕྱོགས། རྒྱབ་ཕྱོགས། གཡས་ཕྱོགས་སོགས་ཕྱོགས་ལྔའི་དམག་དཔོན་ཡོད་པར་བྱས་པ་དང་དམག་དཔུང་ཁག་ལ་ཕན་ཚུན་འབྲེལ་འདྲིས་ཡོང་བའི་ལམ་ལུགས་བཙུགས། དམག་དཔུང་ཁག་གིས་བཀའ་འབེབ་པའི་དབང་ཆ་ཡོད་ཀྱང་ཐད་ཀར་དམག་སྣ་དྲངས་མི་ཆོག་པར་བྱས། རྒྱལ་སའི་དམག་དཔུང་ལྟ་སྐུལ་ཁང་གིས་དམག་དཔུང་ཁག་གི་བདག་དམ་དང་དམག་སྦྱོང་ལ་དོ་དམ་བྱེད་དགོས་པ་ལས། དམག་དཔུང་ལ་བཀོད་སྒྲིག་བྱེད་པའི་དབང་ཆ་མེད་པར་བྱས།

2_6 སྐུ་མྱ་ངན་ལས་འདས་པ།

ཧུང་ཝུའུ་ཁྲི་ལོ་སོ་གཅིག་པ་སྟེ། སྤྱི་ལོ1398ལོའི་ཟླ6པའི་ཚེས25ཉིན་ལ་ཀྲུའུ་ཡོན་ཀྲང་ཡུན་ཐེན་ཕོ་བྲང་ནས་སྐུ་གཤེགས། རི་བོ་ཙི་ཅིན་ཧྲན་གྱི་བང་སོ་རུ་སྐུ་གདུང་བཞུགས་སོ། །

2_7 མི་སྣར་གདེངས་འཇོག་བྱས་པ།

མིང་རྒྱལ་རབས་ཀྱི་གོང་མ་ཀྲུའུ་ཡོན་ཀྲང་ནི་དམག་འཁྲུག་ལ་ཁ་ལོ་བསྒྱུར་བར་ཧ་ཅང་མཁས་པ། རང་འགུལ་གྱི་དབང་ཆ་དམ་འཛིན་བྱེད་ཐུབ་པ་བཅས་རེད། ཁོང་གིས་འཇོན་ཐང་ལྡན་པའི་ཤེས་ཡོན་ཅན་མང་པོ་མངའ་འོག་ཏུ་འགུགས་མཁས་པ་དང་། དམངས་གཙོའི་རང་བཞིན་ལྡན་པའི་བསམ་འཆར་ལ་ཁྱབ་རྒྱ་ཆེ་བའི་ངང་ནས་སྡུད་ལེན་བྱེད་མཁས་པ། དམག་དཔུང་བསྐྱངས་བ་ནན་མོ་ཡིན་ཞིང་། དམག་དཔུང་གི་ལམ་ལུགས་འཐུས་ཚང་དུ་བཏང་བ། དམག་སྦྱོང་ཁྲོད་དུ་དམག་དཔོན་སྐྱེད་བསྲིང་བྱས་པ་སོགས་འཐབ་ན་མི་རྒྱལ་བ་མེད་པའི་དྲག་ཆས་སྟོབས་ཤུགས་སྲུང་འཛིན་བྱས།

ཁོང་གི་ཕྱག་རྗེས་གཙོ་བོ་ནི་ཧུའུ་ཝིས་ཡོན་ལ་ཚོད་འཛིན་དང་། ཟིང་འཁྲུག་ཞི་འཇགས་སུ་བཏང་པ། མི་རིགས་བསྐྱབས་པ། སོག་པོས་གཏན་ལ་ཕབས་པའི་མི་སེར་སྤེལ་ཡུལ་རིམ་པའི་སྲིད་ཇུས་མེད་པར་དུ་བཏང་ནས། ཀྲུང་ཧྭ་སླར་གསོ་བྱས་པ་དང་བཅས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-10

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།