དྲ་རྒྱ་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱ་ཅན།
དྲ་རྒྱ་ཅན་ནི་འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་བེད་སྤྱོད་བྱས་པ་བརྒྱུད་ནས། ས་གནས་མི་འདྲ་བའི་རྩིས་འཁོར་དང་དེ་བཞིན་གློག་རྡུལ་རིགས་སྣ་ཚོགས་ཀྱི་མཐའ་སྣེ་སྒྲིག་ཆས་ཕན་ཚུན་སྦྲེལ་རེས་བྱེད་ཅིང་། དྲ་རྒྱའི་གྲོས་མཐུན་ངེས་ཅན་ལ་བརྟེན་ནས་ཕན་ཚུན་ལ་འཕྲིན་གཏོང་བྱེད་པ་དང་། སྤྱོད་མཁན་ཚང་མས་མཉེན་ཆས་དང་། སྲ་ཆས་དང་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་དམིགས་འབེན་ལ་སླེབས་པར་བྱེད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络化
མངོན་འགྱུར།
གསོག་འཇོག་ཐོན་ཁུངས་དང་གཞི་གྲངས་ཐོན་ཁུངས་ཕྱོགས་ཡོངས་ནས་མཉམ་སྤྱོད་བྱེད་པ།
གོ་དོན།
སྦྲེལ་རེས་དྲ་རྒྱ་བསྡུ་སྒྲིལ་བྱས་ཏེ་གཞི་རྒྱ་ཆེ་བའི་རིམ་བརྒལ་རྩིས་འཁོར་ཞིག་ཏུ་གྲུབ་པར་བྱེད་པ།
ཉེར་སྤྱོད།
འགྲིམ་འགྲུལ། དངུལ་རྩ། ཁེ་ལས་བདག་གཉེར།
དཀར་ཆག
1 གོ་དོན།

སྟབས་བདེ་སྒོ་ནས་བཤད་ན། དྲ་མིག་ནི་སྦྲེལ་རེས་དྲ་རྒྱ་ཧ་ཅང་གཞི་རྒྱ་ཆེ་བའི་རིམ་བརྒལ་རྩིས་འཁོར་ཞིག་ཏུ་སྡེབ་སྒྲིག་བྱས་ཏེ། རྩིས་རྒྱག་ཐོན་ཁུངས། གསོག་འཇོག་ཐོན་ཁུངས། གཞི་གྲངས་ཐོན་ཁུངས། ཆ་འཕྲིན་ཐོན་ཁུངས། ཤེས་བྱའི་ཐོན་ཁུངས། ཆེད་མཁས་པའི་ཐོན་ཁུངས་ཀྱི་ཕྱོགས་ཡོངས་ནས་མཉམ་སྤྱོད་བྱེད་པ་མངོན་འགྱུར་ཡོང་རྒྱུ་དེ་ཡིན། ཡིན་ཡང་ང་ཚོས་ཀྱང་ས་ཁུལ་རང་བཞིན་ལྡན་པའི་དྲ་མིག་དང་ཁེ་ལས་ནང་ཁུལ་གྱི་དྲ་མིག ཁོངས་ཆུང་དྲ་རྒྱའི་དྲ་མིག་བཟོ་ཆོག་པ་མ་ཟད། ཐ་ན་ཁྱིམ་ཚང་དྲ་མིག་དང་མི་སྒེར་དྲ་མིག་བཟོ་ཆོག་པ་ཡིན། དྲ་མིག་གི་གཞི་རྩའི་ཁྱད་ཆོས་ནི་དེའི་གཞི་ཁྱོན་མ་ཡིན་པར། ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་། ཐོན་ཁུངས་སྒེར་གཅོད་རྩ་མེད་བཟོ་རྒྱུ་དེ་ཡིན། དྲ་མིག་ནི་ལག་རྩལ་གསར་བ་ཞིག་ཡིན་པའི་རྐྱེན་གྱིས། དེ་ལ་ལག་རྩལ་གསར་བའི་ཁྱད་ཆོས་གཉིས་ལྡན་ཡོད་དེ། དང་པོ། ཚོགས་པ་མི་འདྲ་བས་ཐ་སྙད་མི་འདྲ་བ་སྤྱད་ནས་དེའི་མིང་འབོད་པ་ཡིན། གཉིས་པ། དྲ་མིག་གི་ཡང་དག་པའི་གོ་དོན་དང་ནང་དོན་ད་དུང་གཏན་འཁེལ་བྱས་མེད་པ་དང་། ཟམ་མི་ཆད་པར་འགྱུར་ལྡོག་འབྱུང་བཞིན་ཡོད།

དྲ་རྒྱ་ཅན་ནི་འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་བེད་སྤྱོད་བྱས་པ་བརྒྱུད་ནས། ས་གནས་མི་འདྲ་བའི་རྩིས་འཁོར་དང་དེ་བཞིན་གློག་རྡུལ་རིགས་སྣ་ཚོགས་ཀྱི་མཐའ་སྣེ་སྒྲིག་ཆས་ཕན་ཚུན་སྦྲེལ་རེས་བྱེད་ཅིང་། དྲ་རྒྱའི་གྲོས་མཐུན་ངེས་ཅན་ལ་བརྟེན་ནས་ཕན་ཚུན་ལ་འཕྲིན་གཏོང་བྱེད་པ་དང་། སྤྱོད་མཁན་ཚང་མས་མཉེན་ཆས་དང་། སྲ་ཆས་དང་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་དམིགས་འབེན་ལ་སླེབས་པར་བྱེད་པ་དེ་ཡིན། དེང་སྐབས།རྩིས་འཁོར་དྲ་རྒྱ་དེ་འགྲིམ་འགྲུལ་དང་དངུལ་རྩ། ཁེ་ལས་དོ་དམ། སློབ་གསོ། སྦྲག་ཏར། ཚོང་ལས་སོགས་ལས་རིགས་ཁག་ནང་དུ་ཡོད་པ་དང་། ཐ་ན་ང་ཚོའི་ཁྱིམ་ཚང་འཚོ་བའི་ཁྲོད་དུ་ཀྱང་རྒྱ་ཁྱབ་དུ་སྤྱོད་བཞིན་ཡོད། མིག་སྔར་རྒྱལ་ཁབ་ཚང་མ་དྲ་གསུམ་གཅིག་དྲིལ་ཀྱི་གསར་སྤེལ་དང་འཛུགས་སྐྲུན་ལ་གཞོལ་བ་དང་། དེ་ནི་རྩིས་འཁོར་དྲ་རྒྱ་དང་འཕྲིན་གཏོང་དྲ་བ། སྐུད་ལྡན་བརྙན་འཕྲིན་དྲ་བ་གཞི་གཅིག་ཏུ་བསྡུ་བ་ལ་ཟེར། མ་འོངས་པར་དྲ་རྒྱས་སྔར་ལས་ལྷག་པའི་སྒོ་ནས་གཞི་གྲངས་དང་ཡིག་དེབ་དཔྱད་གཞིའི་ཡིག་རིགས། སྒྲ། རིས་དབྱིབས་དང་བརྙན་རིས་བརྒྱུད་སྤྲོད་དང་། སྤྱོད་མཁན་གྱིས་ག་ས་གང་དུ་འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་ལ་གཟུགས་མཐོང་ཁ་པར་གཏོང་བ་དང་། ཡང་ན་རྒྱལ་ཁབ་གང་རུང་གི་བརྙན་འཕྲིན་དང་གློག་བརྙན་ལ་བལྟ་བ་དང་། ཉེ་བའི་ལོ་འགའི་ནང་དུ་རྩིས་འཁོར་དྲ་སྦྲེལ་ལ་མཐོ་རླབས་ཆེན་པོ་ཞིག་བྱུང་བ་དང་། དེས་རྩིས་འཁོར་གྱི་དོན་དངོས་ཕན་ནུས་ལ་མཐོ་འདེགས་ཆེན་པོ་བྱས་སོ།།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།