ཨོ་སི་ཁྲུ་རི་ཡའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་སི་ཁྲུ་རི་ཡའི་མི།
ཨོ་སི་ཁྲུ་རི་ཡའི་མི་ནི་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཡིན་ལ། ཨོའུ་ལུའོ་པ་རིགས་རྒྱུད་ལ་གཏོགས། རྒྱལ་ཁབ་ཀྱི་སྐད་ནི་འཇར་མན་གྱི་སྐད་རིགས་ཡིན། ཨོ་སི་ཁྲུ་རི་ཡའི་མི་མང་ཤས་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད། ཉུང་ཤས་ཤིག་གིས་ཡེ་ཤུའི་ཆོས་ལུགས་ཀྱི་ཅ་ཨེར་ཝུན་གྲུབ་མཐའ་ལ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥地利人
ཕྱི་ཡིག་གི་མིང་།
Austrian
སྐད་རིགས།
འཇར་མན་གྱི་སྐད།
མི་རྒྱུད།
ཨོའུ་ལུའོ་པ་མི་རྒྱུད་རི་ཨེར་མན་རིགས།
ཆོས་ལུགས་དད་མོས།
གནམ་བདག་ཆོས་ལུགས།
མི་གྲངས།
ཁྲི690
1 ངོ་སྤྲོད།

ཨོ་སི་ཁྲུ་རི་ཡའི་མི་ནི་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཡིན་ལ། རེ་འགའ་ཨ་རི་དང་སུའེ་ཙིར། དབྱིན་ཇི་སོགས་རྒྱལ་ཁབ་ནའང་ཡོད། ཨོའུ་ལུའོ་པ་རིགས་རྒྱུད་ལ་གཏོགས། རྒྱལ་ཁབ་ཀྱི་སྐད་ནི་འཇར་མན་གྱི་སྐད་རིགས་ཡིན། ཡུལ་སྐད་སོགས་མང་དུ་ཡོད།  ཨོ་སི་ཁྲུ་རི་ཡའི་མི་མང་ཤས་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད། ཉུང་ཤས་ཤིག་གིས་ཡེ་ཤུའི་ཆོས་ལུགས་ཀྱི་ཅ་ཨེར་ཝུན་གྲུབ་མཐའ་ལ་གཏོགས། ཨོ་སི་ཁྲུ་རི་ཡའི་མི་གཙོ་བོར་རི་ཨེར་མན་ཚོ་བ་དང་ཨ་ལི་མན་ཉིའི་མི། པ་ཧྥ་ལི་ཡའི་མི། ཧྥ་ལན་ཁིའི་མི་སོགས་བསྲེས་ནས་གྲུབ་པ་རེད། སི་ལ་ཧྥུ་ཡི་མི་དང་རོ་མ་ནས་འགྱུར་བའི་སྡོད་དམངས་སོགས་ཀྱིས་གྲུབ་པའང་ཡོད། ཁོ་ཚོའི་རིགས་རྒྱུད་དང་ཏི་དབྱི་ཀྲིའི་མི་ལ་མེས་པོ་དང་སྐད་ཆ་སོགས་མང་བའི་ཆ་ནས་འདྲ་ས་འདུག་མོད། ཡིན་ཡང་ཁོ་ཚོར་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གནས་བབ་གྲུབ་ནས་ཡོད། ཨོ་སི་ཁྲུ་རི་ཡའི་མི་ལ་རྒྱུན་རིང་བའི་མི་རིགས་རིག་གནས་ཡོད།

2 རིག་གནས།

ཨོ་སི་ཁྲུ་རི་ཡ་གླེང་དུས། དེ་གའི་གླུ་གཞས་དང་ཟློས་གར་མི་ཤེས་མཁན་དཀོན། ཨོ་སི་ཁྲུ་རི་ཡའི་ལོ་རྒྱུས་སྟེང་སྙན་པའི་གྲགས་པ་འཛམ་གླིང་ལ་ཁྱབ་པའི་གཞས་པ་མང་དུ་བྱུང་མྱོང་སྟེ། དཔེར་ན། ཧའེ་ཏུན་དང་མོ་ཀྲ་ཐི། ཧྲུའུ་པའོ་ཐི། ཡུའེ་ཧན﹒ཧྲི་ཐི་ལའོ་སི་སོགས་ལྟ་བུའོ། ། ད་དུང་འཇར་མན་ནས་སྐྱེས་ཤིང་ཨོ་སི་ཁྲུ་རི་ཡ་ནས་འཚར་ལོངས་བྱུང་བའི་པེ་ཏུའོ་ཧྥུན་ལ་སོགས་པའང་ཡོད། གླུ་གཞས་སྒྱུ་རྩལ་པ་འདི་དག་ནི་དུས་རབས་གཉིས་ཀྱི་མཚམས་སུ་ཡོད། དེ་དག་གིས་ཨོ་སི་ཁྲུ་རི་ཡའི་གླུ་གཞས་ཁག་ལ་གཏིང་ཟབ་པའི་རིག་གནས་ཤན་ཤུགས་བཞག་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ཞིག་ཀྱང་གྲུབ་པར་བྱས། ཨོ་སི་ཁྲུ་རི་ཡའི་གླུ་གཞས་ནི་འཛམ་གླིང་སྟེང་ཆེས་རྒྱུན་རིང་བ་དང་ཆུ་ཚད་ཆེས་མཐོ་བ། ཁྱབ་རྒྱ་ཆེས་ཆེ་བའི་གནའ་བོའི་རོལ་མོའི་གྲས་ཤིག་ཡིན། ལོ་རེར་ཐེངས་རེར་བསྡུ་བའི་ཝེ་ཡེ་ན་ལོ་གསར་གླུ་གཞས་ནི་འཛམ་གླིང་ན་མཚན་སྙན་འབར་བའི་གླུ་གར་ཁང་གི་གྲས་ཤིག་ཡིན། འཛམ་གླིང་ཡོངས་ཀྱིས་ཁས་ཀྱང་ལེན་ནོ། །

ཨོ་སི་ཁྲུ་རི་ཡའི་ལོ་ཚོད་ལོན་པའི་བྱིས་པ་ལ་ལོ་དགུའི་འགན་བབ་སློབ་གསོ་མྱོང་བར་བྱེད་ལ། དཔེ་རིན་དང་སློབ་རིན། སློབ་གྲྭར་འགྲོ་བའི་ལམ་རིན་སོགས་ཚང་མ་རྒྱལ་ཁབ་ཀྱིས་འགན་ལེན་བྱེད། མཐོ་འབྲིང་མཐར་ཕྱིན་རྗེས་ཆུ་ཚད་ཅན་རིན་མི་དགོས་པར་སློབ་ཆེན་འགྲིམས་ཆོག  མིང་གྲགས་ཆེ་བའི་ཝེ་ཡེ་ན་སློབ་ཆེན་ནི་སྤྱི་ལོ1365ལོར་བཙུགས་ལ། འཇར་ཡིག་སྡེ་ཁག་གི་ཆེས་སྔ་བའི་སློབ་ཆེན་ཡིན།

ཨོ་སི་ཁྲུ་རི་ཡའི་མི་ལ་ད་དུང་གྱོན་གོས་དང་གཉེན་སྲོལ་སོགས་ཐུན་མོང་མ་ཡིན་པ་མང་དུ་མཆིས་ལ། ཕུག་རོན་གྱིས་ཟ་ཁང་གི་བཟང་ངན་ཚད་གཞི་བྱེད། ཕུག་རོན་ཇི་ལྟར་མང་ན་ཟ་ཁང་དེ་ལྟར་བཟང་། ཆེས་མཐོ་བ་ནི་སྐར་མ་བཞི་ཅན་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།