ཨོ་མན་གྱི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་མན་གྱི་མི།
ཨོ་མན་གྱི་མི་ལ་འཇུག་ཚུལ་གཉིས་ཡོད་ལ། དང་པོ་ནི་ཡ་གླིང་ནུབ་མའི་ཨ་རབ་ཀྱི་མི་ཡིན་ལ། གཅིག་ཤས་ནི་ཨོ་མན་གྱི་སྡོད་དམངས་ཡོངས་ཀྱི་སྤྱི་མིང་ཡིན། ཨའོ་ལའོ་པ་རིགས་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་རྒྱུད་ཀྱི་ཁོངས་སུ་གཏོགས། ཨ་རབ་ཀྱི་སྐད་རིགས་བཀོལ་སྤྱོད་བྱེད། དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད། མང་ཤས་དབྱི་པ་ཏི་གྲུབ་མཐའ་ལ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿曼人
ཕྱི་ཡིག་གི་མིང་།
Omanis
སྐད་རིགས།
ཨ་རབ་སྐད།
མི་རྒྱུད།
ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས།
ཆོས་ལུགས་དད་མོས།
དབྱི་སི་ལན་ཆོས་ལུགས།
མི་གྲངས།
ཁྲི81(སྤྱི་ལོ1978ལོར)
1 ངོ་སྤྲོད།

ཨོ་མན་གྱི་མི་ལ་འཇུག་ཚུལ་གཉིས་ཡོད་ལ། དང་པོ་ནི་ཡ་གླིང་ནུབ་མའི་ཨ་རབ་ཀྱི་མི་ཡིན་ལ། གཅིག་ཤོས་ནི་ཨོ་མན་གྱི་སྡོད་དམངས་ཡོངས་ཀྱི་སྤྱི་མིང་ཡིན། དེར་མི་འབོར་ཁྲི81ལྷག(སྤྱི་ལོ1978)ཡོད། རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི་གོ་གཉིས་ཟིན། གཙོ་བོར་ཨ་རབ་ཕྱེད་གླིང་གི་ཤར་ལྷོའི་མཚམས་དང་། ཨ་རབ་རྒྱ་མཚོ་དབུས་མའི་མ་ཞི་ལ་གླིང་། དབྱི་སང་ཏ་མུའུ་ཕྱེད་གླིང་གི་རྩེའི་ས་ཁུལ་ཆུང་གྲས་ན་གཞིས་ཆགས་ཡོད། ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་རྒྱུད་ཀྱི་ཁོངས་སུ་གཏོགས། རྒྱ་མཚོའི་འགྲམ་རྒྱུད་ས་ཁུལ་ན་ཉི་ཀོ་ལུའོ་མི་རྒྱུད་དང་འདྲེས་པ་ཡང་ཡོད། མཚོ་རྒྱུད་གྲོང་ཁྱེར་གྱི་མི་ཨོ་མན་གྱི་མི་མང་ཤས་དབྱི་ལུའུ་ཡི་མི་དང་ཧིན་རྡུའི་མི། ཏ་སིག་གི་མི་སོགས་དང་འདྲེས་ནས་ཡོད། ཁོ་ཚོས་ཨ་རབ་ཀྱི་སྐད་རིགས་བཀོལ་སྤྱོད་བྱེད། རྒྱ་མཚོའི་འགྲམ་རྒྱུད་ས་ཁུལ་དང་ནང་ལོགས་ས་ཁུལ་གྱི་ཧེ་བག་ཧ་ཅང་ཆེ། དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད། མང་ཤས་དབྱི་པ་ཏི་གྲུབ་མཐའ་ལ་གཏོགས།

ཨོ་མན་གྱི་མི་ལ་སྲོལ་རྒྱུན་གྱི་ཕྱོགས་ནས་ཀྱང་རིགས་གཉིས་སུ་དབྱེ་སྟེ། གཅིག་ནི་ཁྲག་རྒྱུད་ཨ་རབ་ཀྱི་མི་དངོས་མ་ཅན་ཡིན། ཁོ་ཚོ་གདོད་མའི་དུས་ནས་གནས་འདིར་བྱོན་ལ། ཨ་རབ་ལྷོ་མ་ནས་མཆེད་པའོ།། གཅིག་ནི་ཁྲག་རྒྱུད་འདྲེས་མའི་ཨ་རབ་ཀྱི་མི་ཡིན། ཁོ་ཚོ་གནས་འདིར་བྱོན་དུས་ཅུང་འཕྱི་ལ། ཨ་རབ་ཕྱེད་གླིང་གི་དབུས་རྒྱུད་ནས་མཆེད་པ་ཡིན། ཞིང་གྲོང་ན་སྔར་བཞིན་ཚོ་བའི་དབྱེ་མཚམས་གསལ་བོར་གནས་ཡོད། རྒྱལ་ཡོངས་ན་ཚོ་བ་བརྒྱ་གྲངས་ལ་ཉེ་བ་ཡོད་ཅིང་། མི་འབོར་མང་ཤས་ཀྱིས་ཞིང་འབྲོག་ལས་གཉེར་བཞིན་ཡོད། རེ་འགས་རྡོ་སྣུམ་ལས་རིགས་ཀྱི་ཁེ་ལས་གཉེར་བཞིན་ཡོད། ཞིང་བས་གཙོ་བོར་ཁ་སིར་སིལ་ཏོག་གི་རིགས་འདེབས་འཛུགས་བྱེད་ལ། ད་དུང་གྲོ་དང་སྔོ་ཚོད། སིལ་ཏོག་གི་རིགས། ཆུ་ཀུབ་ཀྱི་རིགས་སོགས་ཀྱང་འདེབས་འཛུགས་བྱེད། འབྲོག་པས་གཙོ་བོར་ལུག་དང་ར་མ། རྔ་མོང་སོགས་འཚོ་བར་བྱེད། མི་འབོར་ཉུང་ཤས་ཤིག་གིས་རྒྱ་མཚོའི་འགྲམ་རྒྱུད་ས་ཁུལ་ནས་ཉ་འཛིན་པ་དང་རིན་ཆེན་གཏེར་ཁ་ལེན་པ་སོགས་ཀྱང་བྱེད། རིགས་རྒྱུད་ཉེ་བའི་རིགས་ཀྱི་གཉེན་སྒྲིག་བྱེད་སྲོལ་དར་ལ། གོང་རིམ་གྱིས་སྔར་བཞིན་ཆུང་མ་མང་བའི་ལམ་ལུགས་རྒྱུད་འཛིན་བྱས་ནས་ཡོད། ནང་ལོགས་སུ་བུད་མེད་བརྩི་བའི་སྲོལ་དར། དུས་རབས7པར་ཐོན་པ་ན། ཨོ་མན་ནི་ཨ་རབ་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཤིག་ཡིན། དུས་རབས16སླེབས་དུས་ཕོར་ཐིའུ་ཀལ་གྱི་ཁོངས་སུ་གཏོགས། དུས་རབས19པར་དབྱིན་ཇིས་དབང་བསྒྱུར་བྱས། དུས་རབས20པའི་སྟོད་ལ། ཨོ་མན་གྱིས་མ་སི་ཁོ་ཐེ་སུའུ་ཏན་རྒྱལ་ཁབ་དང་ཨ་མན་དབྱི་སི་ལན་ཆོས་ལུགས་རྒྱལ་ཁབ་རིང་པོ་གཉིས་སོ་སོར་དབུ་བརྙེས། སྤྱི་ལོ1967ལོར་རྒྱལ་ཁོངས་ཧྲིལ་པོ་གཅིག་གྱུར་བྱས། མ་སི་ཁོ་ཐེ་སུའུ་ཏན་རྒྱལ་ཁབ་དབུ་བརྙེས། སྤྱི་ལོ1970ལོར་ཨོ་མན་སུའུ་ཏན་རྒྱལ་ཁབ་ཅེས་པའི་མིང་དུ་བརྗེས། གཉིས་པ་ནི་ཨོ་མན་རྒྱལ་ཁབ་ཀྱི་སྡོད་དམངས་ཡོངས་ཀྱི་མིང་དུ་འཇུག་པའོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།