ཨེ་སོ་ནི་ཡའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨེ་སོ་ནི་ཡའི་མི།
ཨེ་སོ་ནི་ཡའི་མི་ནི་ཨེ་སོ་ནི་ཡ་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། ཡོ་རོབ་གླིང་ཤར་མའི་པོ་ལུའོ་རྒྱ་མཚོའི་བྱང་ཤར་འགྲམ་རྒྱུད་ཀྱི་སྡོད་དམངས་ཡིན། རང་ཉིད་ལ་ཨའེ་སི་ཐེ་ལ་སའེ་ཏིའི་མི་ཞེས་འབོད། ཨོའུ་ལུའོ་པ་མི་རྒྱུད་ཀྱི་པོ་ལུའོ་ཏི་རྒྱ་མཚོའི་རིགས་སུ་གཏོགས། ཨེ་སོ་ནི་ཡའི་སྐད་རིགས་སྤྱོད། ལ་ཏིང་ཡིག་རིགས་གཙོ་བྱས་པའི་གསལ་བྱེད་ཡི་གེ་སྤྱོད། ཡེ་ཤུའི་ཆོས་ལུགས་ཀྱི་ལུའུ་ཏི་ཙུང་ལ་དད་མོས་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱沙尼亚人
ཕྱི་ཡིག་གི་མིང་།
Estonians
སྐད་རིགས།
ཨེ་སོ་ནི་ཡའི་སྐད།
མི་རྒྱུད།
ཨོའུ་ལུའོ་པ་མི་རྒྱུད་པོ་ལུའོ་ཏི་རྒྱ་མཚོའི་རིགས།
ཆོས་ལུགས་དད་མོས།
ཡེ་ཤུའི་ཆོས་ལུགས་དང་དངོས་བརྒྱུད་ཆོས་ལུགས་ཤར་པ།
མི་གྲངས།
ཁྲི102(སྤྱི་ལོ1979ལོར)
1 ངོ་སྤྲོད།

ཨེ་སོ་ནི་ཡའི་མི་ནི་ཨེ་སོ་ནི་ཡ་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། ཡོ་རོབ་གླིང་ཤར་མའི་པོ་ལུའོ་རྒྱ་མཚོའི་བྱང་ཤར་འགྲམ་རྒྱུད་ཀྱི་སྡོད་དམངས་ཡིན། རང་ཉིད་ལ་ཨའེ་སི་ཐེ་ལ་སའེ་ཏིའི་མི་ཞེས་འབོད། མི་འབོར་ཕལ་ཆེར་ཁྲི102ལྷག(སྤྱི་ལོ1979ལོར)ཡོད། དེའི་ཁྲོད་མི་འབོར་ཁྲི94ལྷག་ནི་ཨེ་སོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ན་ཡོད། ད་དུང་རེ་འགའ་ཨུ་རུ་སུ་མཉམ་འབྲེལ(ལེ་ཉིང་ཀི་ལི་ཞིང་ཆེན་དང་ཕུའུ་སི་ཁི་ཧྥུ་ཞིང་ཆེན། ཡའེ་མུའུ་སི་ཁི་ཞིང་ཆེན་སོགས་ན་ཡོད) དང་། ལ་ཐེ་ཝེ་ཡ། ཇོར་ཅི་ཡ། ཝུ་ཁེར་ལན་སོགས་ནའང་ཡོད། ཨོའུ་ལུའོ་པ་མི་རྒྱུད་ཀྱི་པོ་ལུའོ་ཏི་རྒྱ་མཚོའི་རིགས་སུ་གཏོགས། ཨེ་སོ་ནི་ཡའི་སྐད་རིགས་སྤྱོད། ལྷོ་ཁུལ་དང་བྱང་ཁུལ། བྱང་ཤར་རྒྱ་མཚོའི་འགྲམ་རྒྱུད་སོགས་ཀྱི་ཡུལ་སྐད་ཆེན་པོ་གསུམ་དུ་དབྱེ། ལ་ཏིང་ཡིག་རིགས་གཙོ་བྱས་པའི་གསལ་བྱེད་ཡི་གེ་སྤྱོད། ཡེ་ཤུའི་ཆོས་ལུགས་ཀྱི་ལུའུ་ཏི་ཙུང་ཟེར་བ་དེ་ལ་དད་མོས་བྱེད། ལྷོ་རྒྱུད་དང་གླིང་ཚོམ་ས་ཁུལ་གྱི་སྡོད་དམངས་མང་ཤས་དངོས་རྒྱུད་ཆོས་ལུགས་ཤར་པ་ལ་དད་མོས་བྱེད།

2 ལོ་རྒྱུས།

ཨེ་སོ་ནི་ཡའི་མིའི་གནའ་བོའི་མེས་པོ་ནི་སྤྱི་ལོ་སྔོན་གྱི་ལོ3000བའི་དུས་ནས་ཨེ་སོ་ནི་ཡ་ནས་འཚོ་སྡོད་བྱེད་ལ། ཨུ་རུ་སུའི་ཡིག་ཚང་ལས་སྤྱི་ལོ་སྔོན་གྱི་དུས་རབས5པའི་སྐབས་སུ་ས་འདི་གའི་སྡོད་དམངས་ནི་ཁྲུའུ་ཏིའི་མི་ཞེས་པ་དེ་ཡིན་ཟེར། རྗེས་ནས་ལྷོ་ཕྱོགས་ས་ཁུལ་ནས་ཐོན་པའི་ལི་ཐུ་ཝན་ནི་ཡའི་མི་ཞེས་པ་ཡོང་། དུས་རབས་བར་མའི་དུས་སུ་བྱང་ཕྱོགས་ཀྱི་རི་ཨེར་མན་གྱི་མི་དང་སི་ལ་ཧྥུ་ཤར་མའི་མི་སྐོར་ཞིག་དྲངས་འོངས། དུས་རབས13པའི་སྟོད་ལ། རི་ཨེར་མན་ལ་འགོག་རྒོལ་བྱེད་པའི་གོ་རིམ་ཁྲོད་མི་རིགས་མཐུན་སྒྲིལ་ལྷག་ཏུ་འཕེལ་བར་གྱུར། དུས་རབས13པའི་ལོ་རབས30བ་ནས་དུས་རབས16པའི་དཀྱིལ་བར་དུ། ཨེ་སོ་ནི་ཡའི་ས་ཁུལ་ཡོངས་རྫོགས་རི་ཨེར་མན་གྱི་རྒྱ་གྲམ་དམག་གིས་བཙན་བཟུང་བྱས། དུས་རབས17པའི་དཀྱིལ་ནས་བཟུང་། སུའེ་ཏན་དང་ཧྲ་ཧོང་གོང་མའི་བཙན་འཛུལ་བྱས། སྤྱི་ལོ1721ལོར་ཨ་རབ་ཀྱིས་བཟུང་། སྤྱི་ལོ1917ལོར་སུའུ་ཝེ་ཨེ་སྲིད་དབང་བཙུགས། སྤྱི་ལོ1919ལོར་པའེ་ཝེ་དམག་གིས་བཟུང་། སྤྱི་ལོ1940ལོར་ཨེ་སོ་ནི་ཡའི་སུའུ་ཝེ་ཨེ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་སུའུ་ལེན་རྒྱལ་ཁབ་ལ་ཞུགས།

ཨེ་སོ་ནི་ཡའི་མིས་གནའ་ནས་བཟུང་ཞིང་ལས་དང་འབྲོག་ལས་གཉེར་ལ། གྲོ་དང་ཞོག་ཁོག་སོགས་འདེབས་འཛུགས་བྱེད། ནོར་དང་ཕག ལུག་སོགས་གསོ། གྱོན་ཆས་རྣམ་པ་ཕུན་སུམ་ཚོགས་ལ། དམངས་སྲོལ་གྱི་རིག་གནས་གླུ་གཞས་ལེན་པར་དགའ། གཞས་ཚིག་མང་ཤས་ངལ་རྩོལ་ཐོན་སྐྱེད་དང་འབྲེལ་བ་ཡོད་ལ། ཟུར་ཟའི་རང་བཞིན་གྱི་གཞས་གཏོང་བ་རྒྱུན་འབྱམས་སུ་སོང་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།