ཧ་ས་ཁིའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧ་ས་ཁིའི་མི།
ཧ་ས་ཁིའི་མི་ནི་ཡ་གླིང་དབུས་མ་དང་ཡོ་རོབ་ནུབ་མ། ཞི་པོ་ལི་ཡའི་ལྷོ་ནུབ་ཁུལ་དུ་གཞིས་ཆགས་པའི་སྡོད་དམངས་ཡིན་ལ། ཧ་ས་ཁི་སི་ཐན་རྒྱལ་ཁབ་ཀྱི་མི་རིགས་གཙོ་གྲས་ཡིན། མི་འབོར་ཕལ་ཆེར་ཁྲི1860ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈萨克人、哈萨克族
ཕྱི་ཡིག་གི་མིང།
Kazakh
སྐད་རིགས།
ཧ་ས་ཁིའི་སྐད་དང་ཨུ་རུ་སུའི་སྐད།
མི་རྒྱུད།
ཐུའུ་ལན་མི་རྒྱུད།
ཆོས་ལུགས་དད་མོས།
དབྱི་སི་ལན་ཆོས་ལུགས།
མི་གྲངས།
ཁྲི1860
1 ངོ་སྤྲོད།

ཧ་ས་ཁིའི་མི་ནི་ཡ་གླིང་དབུས་མ་དང་ཡོ་རོབ་ནུབ་མ། ཞི་པོ་ལི་ཡའི་ལྷོ་ནུབ་ཁུལ་དུ་གཞིས་ཆགས་པའི་སྡོད་དམངས་ཡིན་ལ། ཧ་ས་ཁི་སི་ཐན་རྒྱལ་ཁབ་ཀྱི་མི་རིགས་གཙོ་གྲས་ཡིན། མི་འབོར་ཕལ་ཆེར་ཁྲི1860ལྷག་ཡོད། གཙོ་བོ་ཧ་ས་ཁི་སྤྱི་མཐུན་རྒྱལ་ཁབ་ན་ཆགས་ཡོད། ནང་གསེས་སྐོར་ཞིག་ཝའུ་ཙི་པེའེ་ཁི་སི་ཐན་དང་ཐུ་ཁུའུ་མན། ཅི་ཨེར་ཅི་སི་ཐན་སོགས་ས་ཁུལ་ན་ཡོད། ཧ་ས་ཁིའི་སྐད་སྤྱོད་བཞིན་ཡོད། དེ་ལ་ལྷོ་ཁུལ་དང་ནུབ་ཁུལ། ཤར་ཁུལ་བཅས་སྐད་རིགས་གསུམ་དུ་དབྱེ། སྔོན་ཆད་ཨ་རབ་ཀྱི་ཡི་གེ་ཡོད་ལ། རྗེས་ནས་ལ་ཏིང་གི་ཡི་གེར་བརྗེ། སྤྱི་ལོ1940ལོ་ནས་བཟུང་ཡང་བསྐྱར་སི་ལ་ཧྥུའི་ཡི་གེ་བཀོལ། ཁོ་ཚོ་དབྱི་སི་ལན་ཆོས་ལུགས་ལ་དད་པ་དང་། ཞུན་ཉི་གྲུབ་མཐའི་ཁོངས་སུ་གཏོགས། ཧ་ས་ཁིའི་མི་ཐུའུ་ལན་རིགས་རྒྱུད་ཡིན་པར་བཤད་ལ། སོག་པོའི་རིགས་རྒྱུད་སོགས་ཀྱི་རིགས་རྒྱུད་འདྲེས་མའི་རིགས་ཡིན་པར་ཡང་བཤད།

2 ཆབ་སྲིད།

ཧ་ས་ཁིས་སྔོན་ཆད་གཙོ་བོར་རུ་སྤོར་ཕྱུགས་ལས་སམ་རུ་སྤོར་ཕྱེད་ཙམ་གྱི་ཕྱུགས་ལས་གཉེར། ཕྱུགས་ལས་ཐོན་སྐྱེད་ལ་གཙོ་བོ་རྟ་དང་ལུག་གསོ་བ།  ར་མ། རྔ་མོང་། ནོར་སོགས་གཙོ་བོར་བྱེད་ལ། མི་འབོར་ཉུང་ཤས་ཤིག་གིས་ཆུ་མའི་ཞིང་ལས་གཉེར་བའང་ཡོད། གང་ལྟར་འབྲོག་ལས་དང་ཞིང་ལས་གཉིས་ཀ་ཅུང་རྗེས་ལུས་སུ་སྣང་། དུས་རབས19པའི་དུས་དཀྱིལ་ནས་བཟུང་གཞིས་སྡོད་གཏན་ཆགས་བྱུང་ལ། ཁྱིམ་རྒྱུད་ལག་རྩལ(ཐགས་འཐག་པ་དང་གདན་བཟོ་བ། སྐུད་པ་འཁེལ་བ་སོགས)དང་ཉ་འཛིན་པ། རི་དྭགས་རྔོན་པ་སོགས་བྱུང་། ཟླ་བཅུ་བའི་གསར་བརྗེའི་རྗེས་ནས་བཟོ་ལས(ལྕགས་རིགས་སྔོག་འདོན་དང་ལྕགས་རིགས་གཞན་དག་སྔོག)དང་ཞིང་ལས(འབྲས་རིགས་འདེབས་པ)ལ་འཕེལ་རྒྱས་བླ་ལྷག་བྱུང་སྟེ། སུའུ་ལེན་ཚོང་རྫས་ཀྱི་ཐོན་སྐྱེད་བྱེད་ཡུལ་ཨང་དང་པོར་གྱུར།

3 ལུགས་སྲོལ།

ཧ་ས་ཁིའི་མི་སྤྱི་ཚོགས་དང་ཁྱིམ་ཚང་གི་འཚོ་བ་གང་གི་ཁྲོད་དུའང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱིས་དབང་བསྒྱུར་གནས་བབ་བཟུང་ཡོད། ཁྱིམ་བདག་སྐྱེས་པ་ལ་ཁྱིམ་ཚང་གི་དབང་ཆ་ཡོད་ཚད་ཡོད་པ་དང་། སྐྱེས་མ་རྣམས་ལ་གདོད་མ་ནས་དབང་ཆ་གང་ཡང་ཡོད་པ་མ་རེད། ཧ་ས་ཁིའི་འབྲོག་མི་ཡི་སྡོད་ཁང་ནི་སྒོར་འཇོང་གི་སྦྲ་གུར་ཡིན་ལ། དེའི་ཤིང་རྒྱུག་དང་ཕྱིང་བས་གྲུབ་ནས་ཡོད། དགུན་གྱི་དུས་ཚིགས་སུ་ས་ཁང་སྐྱ་ལེབ་ནས་སྡོད་པར་བྱེད། ལག་ཆ་རྣམས་ཧ་ཅང་བབ་ཆགས་སུ་ཡོད། བཟའ་བཏུང་ལ་མང་ཤས་ཀྱིས་འབྲས་ཕྱེ་བསྐོལ་ནས་འཐུང་ལ་ལུག་ཤ་ཟ་རྒྱུར་ཡང་གོམས། དམངས་ཁྲོད་ཀྱི་བརྩམས་ཆོས་ཕུན་སུམ་ཚོགས་པོ་ཡོད་དེ། དཔེར་ན་དམངས་ཁྲོད་གཏམ་རྒྱུད་དང་དུངས་བརྗོད་སྙན་ངག ཟུར་ཟའི་རོལ་དབྱངས་སོགས་མང་པོ་ཡོད། གཞན་ཧ་ས་ཁིའི་མི་སྐོར་ཞིག་སོག་པོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཧྥུ་ཀ་ནི་སི་ཐན་སོགས་ཀྱི་ས་ཁུལ་ལའང་ཁྱབ་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།