སུའུ་ཏན་གྱི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཏན་གྱི་མི།
སུའུ་ཏན་གྱི་མི་ནི་ཧྥེ་གླིང་བྱང་རྒྱུད་ཀྱི་སུའུ་ཏན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཡིན། མི་འབོར་ཕལ་ཆེར་ཁྲི1869ལྷག(སྤྱི་ལོ1980ལོར)ཡོད་ལ། དེའི་ཁྲོད་ཀྱི་བརྒྱ་ཆའི90ཙམ་ཞིང་གྲོང་ན་ཆགས་ཡོད། བརྒྱ་ཆའི25ནི་རྒྱལ་ཡོངས་ཀྱི་བརྒྱ་ཆའི6.5ཙམ་ཟིན་པའི་ཉི་ལུའོ་གཙང་བོ་སྔོན་པོ་དང་ཉི་ལོ་གཙང་བོ་དཀར་པོའི་མཚམས་ཀྱི་ས་ཁུལ་དག་ལ་མཆེད་ནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏丹人
ཕྱི་ཡིག་གི་མིང་།
Sudanese
སྐད་རིགས།
ཨ་རབ་སྐད།
ཆོས་ལུགས་དད་མོས།
དབྱི་སི་ལན་ཆོས་ལུགས།
མི་གྲངས།
ཁྲི1869(སྤྱི་ལོ1980ལོར)
1 ངོ་སྤྲོད།

སུའུ་ཏན་གྱི་མི་ནི་ཧྥེ་གླིང་བྱང་རྒྱུད་ཀྱི་སུའུ་ཏན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཡིན། མི་འབོར་ཕལ་ཆེར་ཁྲི1869ལྷག(སྤྱི་ལོ1980ལོར)ཡོད་ལ། དེའི་ཁྲོད་ཀྱི་བརྒྱ་ཆའི90ཙམ་ཞིང་གྲོང་ན་ཆགས་ཡོད། བརྒྱ་ཆའི25ནི་རྒྱལ་ཡོངས་ཀྱི་བརྒྱ་ཆའི6.5ཙམ་ཟིན་པའི་ཉི་ལུའོ་གཙང་བོ་སྔོན་པོ་དང་ཉི་ལུའོ་གཙང་བོ་དཀར་པོའི་མཚམས་ཀྱི་ས་ཁུལ་དག་ལ་མཆེད་ནས་ཡོད།

སུའུ་ཏན་ས་ཁུལ་ལ་ཧྥེ་གླིང་ལྷོ་ནུབ་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་དང་ཐོལ་བརྒལ་བྱས་ཤིང་། མི་རྒྱུད་སྣ་ཚོགས་སྤར་ནས་ཡོང་བས། གནས་འདི་ལ་མི་རིགས་མང་པོས་གྲུབ་ཚུལ་དང་རིགས་རྒྱུད་གྲུབ་ཚུལ་མངོན་པར་གསལ་ཡོད། མི་རྒྱུད་དང་སྐད་རིགས་ཀྱིས་དབྱེ་ན། སུའུ་ཏན་གྱི་མི་ལ་ཁྱབ་ཆེ་ས་ནས་ཁག་གཉིས་སུ་དབྱེ་སྟེ། སུའུ་ཏན་བྱང་མའི་མི་དང་སུའུ་ཏན་ལྷོ་མའི་མི་གཉིས་ཡོད། སུའུ་ཏན་བྱང་མའི་མི་ཡིས་རྒྱལ་ཡོངས་མི་འབོར་གྱི་བཞི་ཆའི་གསུམ་གྲུབ་ལ། གཙོ་བོར་སུའུ་ཏན་བྱང་རྒྱུད་ཀྱི་ཉི་ལུའོ་གཙང་བོ་སྔོན་པོ་དང་ཉི་ལོ་གཙང་བོ་དཀར་བོའི་མཚམས་སུ་ཡོད། མང་ཤས་དབྱི་སི་ལན་ཆོས་ལ་དད་ཅིང་ཞུན་ཉི་གྲུབ་མཐར་གཏོགས། མི་མང་དག་ཅིག་གིས་ཨ་རབ་ཀྱི་སྐད་སྤྱོད།  སུའུ་ཏན་ལྷོ་མའི་མི་ནི་སུའུ་ཏན་ལྷོ་རྒྱུད་ཀྱི་འདམ་གཞོང་རྩྭ་ཐང་ས་ཁུལ་ན་ཆགས་ནས་ཡོད། མི་མང་ཤས་དངོས་རྫས་ཚང་མར་རྣམ་ཤེས་འདྲེས་པའི་ཆོས་ལ་དད་ཅིང་། གདོད་མའི་མཚོན་ཆོས་ལ་དད་མོས་བྱེད། ཚོ་བའི་སྐད་རིགས80ལྷག་ཙམ་ཡོད།

2 རིགས་རྒྱུད་འཕེལ་རྒྱས།

སུའུ་ཏན་བྱང་མའི་མི་ཡི་ཁྲོད་ན་ཨ་རབ་ཀྱི་མི་ཕུད། ཆེས་གལ་འགངས་ཆེ་བ་ནི་ཨ་རབ་ཀྱི་རིག་གནས་ཤན་ཤུགས་ཐེབས་ཡོད་པའི་ནུའུ་པི་ཡའི་མི་དང་།  ཉི་ལུའོ་གཙང་བོ་སྔོན་པོ་དང་དཀར་པོའི་མཚམས་ཀྱི་ཧྥེང་ཅིའི་མི། ཏ་ཨེར་ཧྥུ་ཨེར་མཐའ་ཡས་པའི་ས་ཁུལ་གྱི་ཧྥུ་ལའི་མི། ཉི་ལུའོ་གཙང་བོ་དང་ཨ་ཐི་པ་ལ་གཙང་བོ། རྒྱ་མཚོ་དམར་པོ་སོགས་ཀྱི་རི་ཁུལ་གྱི་པེ་ཀྲའི་མི་སོགས་ཡོད། སུའུ་ཏན་བྱང་མའི་མིས་གཙོ་བོ་ཞིང་ལས་གཉེར། ལ་ལས་འབྲོག་ལས་གཙོ་བོར་བྱེད། སྤྱི་ཚོགས་དཔལ་འབྱོར་ལ་ཨ་རབ་ཀྱི་མིས་ཤན་ཤུགས་ཐེབས་ཡོད། སུའུ་ཏན་ལྷོ་མའི་མི་ལ་གཙོ་བོ་ཏིང་ཁའི་མི་དང་ནུའུ་ཨེ་ཨེར་གྱི་མི། ཞི་ལུའུ་ཁོའི་མི། པང་ཀོའི་མི། ཨ་ཙན་ཏིའི་མི་སོགས་མང་དུ་ཡོད།

མིའི་རིགས་ཀྱི་ལོ་རྒྱུས་ཧ་ཅང་དར་བའི་དུས་སུ། སུའུ་ཏན་བྱང་རྒྱུད་ཀྱི་ཉི་ལུའོ་གཙང་བོའི་བཞུར་རྒྱུན་ནས་ལི་པི་ཡའི་མིས་བསྐྲུན་པའི་འབྱོར་ལྡན་རྒྱལ་ཁབ་ཁུའུ་ཧྲི་ཞེས་པ་བཙུགས། ཉེ་རབས་ལོ་རྒྱུས་སུ་ཐོན་པ་ན། ཡོ་རོབ་གླིང་གི་དབང་སྒྱུར་བ་དང་བྲན་གཡོག་ངོ་རྒོལ་བས་རྟག་རུ་སུའུ་ཏན་ལ་རྒོལ་བ་བྱས། དུས་རབས19པར། ཨེ་ཅིབ་ཀྱིས་སུའུ་ཏན་བཟུང་། དུས་རབས19པའི་ལོ་རབས70པར། དབྱིན་ཇིས་སུའུ་ཏན་བཟུང་། སྤྱི་ལོ1881ལོར། སུའུ་ཏན་གྱི་མིང་གྲགས་ཆེ་བའིalམ་ཧི་ཏི་ཞིང་བའི་འོས་ལངས་བསླངས་ནས་དབྱིན་ཇི་དང་ཨེ་ཅིབ་ཀྱི་དམག་ལ་ངོ་རྒོལ་བྱས། སྤྱི་ལོ1955ལོར་རྒྱལ་ཁབ་ལ་རང་བཙན་ཐོབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།