སིང་ཀ་ཕོར་གྱི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སིང་ཀ་ཕོར་གྱི་མི།
སིང་ཀ་ཕོར་གྱི་མི་ནི་གཙོ་བོ་ལོ་ངོ་བརྒྱ་ལྷག་གི་ཡར་སྔོན་ནས་ཡ་གླིང་དང་ཡོ་རོབ་གླིང་སོགས་ས་ཁུལ་གཞན་ནས་གནས་སྤར་ནས་ཡོང་བའི་མི་དམངས་ཀྱིས་གྲུབ་པ་ཞིག་ཡིན། གཞི་སྤོར་མི་དམངས་ཀྱི་འཚོ་བའི་ཁྱད་ཆོས་སྟེང་ལ་དབང་བསྒྱུར་པ་ཡིས་ལོ་རྒྱུས་དང་ས་བབ་ཀྱིས་ཤན་ཤུགས་ཐེབས་པར་བརྟེན། སིང་ཀ་ཕོར་གྱི་རིག་གནས་ལའང་རྒྱུ་མང་རང་བཞིན་གྱི་སྤྱི་ཚོགས་ཁྱད་ཆོས་མངོན་པར་གསལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新加坡人
ཕྱི་ཡིག་གི་མིང་།
Singaporean
སྐད་རིགས།
དབྱིན་སྐད་སོགས།
ཆོས་ལུགས་དད་མོས།
ཏའོ་ཅའོ་དང་ནང་ཆོས། ཡེ་ཤུའི་ཆོས་ལུགས་སོགས།
མི་གྲངས།
ཁྲི526(སྤྱི་ལོ2011ལོར)
1 ངོ་སྤྲོད།

སིང་ཀ་ཕོར་གྱི་མི་ནི་གཙོ་བོ་ལོ་ངོ་བརྒྱ་ལྷག་གི་ཡར་སྔོན་ནས་ཡ་གླིང་དང་ཡོ་རོབ་གླིང་སོགས་ས་ཁུལ་གཞན་ནས་གནས་སྤར་ནས་ཡོང་བའི་མི་དམངས་ཀྱིས་གྲུབ་པ་ཞིག་ཡིན། གཞི་སྤོར་མི་དམངས་ཀྱི་འཚོ་བའི་ཁྱད་ཆོས་སྟེང་ལ་དབང་བསྒྱུར་པ་ཡིས་ལོ་རྒྱུས་དང་ས་བབ་ཀྱིས་ཤན་ཤུགས་ཐེབས་པར་བརྟེན། སིང་ཀ་ཕོར་གྱི་རིག་གནས་ལའང་རྒྱུ་མང་རང་བཞིན་གྱི་སྤྱི་ཚོགས་ཁྱད་ཆོས་མངོན་པར་གསལ།

སིང་ཀ་ཕོར་གྱི་མི་འབོར་དང་མི་འབོར་གསར་བའི་ཁ་གྲངས་ལ་གཞིགས་ན། སྤྱི་ལོ2011ལོའི་ཟླ12པར། སིང་ཀ་ཕོར་གྱི་སྤྱིའི་མི་འབོར་ཁྲི526ལྷག་ལ་བུད་ཡོད་ལ། དེ་ལོ་སྔོན་མ་དང་བསྡུར་ན་མི་འབོར་ཁྲི8ལྷག་གིས་འཕར་ཡོད། དེའི་ཁྲོད། སིང་ཀ་ཕོར་གྱི་སྡོད་དམངས་མི་འབོར་ཁྲི327དང་། གཏན་སྡོད་མི་དམངས་ཀྱི་གྲངས་འབོར་ཁྲི54དང་། སྡོད་དམངས་མ་ཡིན་པའི་མི་འབོར་ཁྲི146ཡོད་ལ། སོ་སོས་བརྒྱ་ཆའི62དང་། བརྒྱ་ཆའི10དང་བརྒྱ་ཆའི28བཅས་ཟིན་ཡོད། སིང་ཀ་ཕོར་གྱི་སྡོད་དམངས་རིགས་རྒྱུད་ལ་དབྱེ་ན། རྒྱ་རིགས་མི་འབོར་ཁྲི242ཡོད་པ་དང་དེས་བརྒྱ་ཆའི74.1ཟིན་ཡོད། མ་ལའེ་རིགས་མི་འབོར་ཁྲི44ལྷག་ཙམ་ཡོད་པ་དང་དེས་བརྒྱ་ཆའི13.4ཟིན་ཡོད། ཧིན་རྡུ་རིགས་ཀྱི་མི་འབོར་ཁྲི30ཡོད་པ་དང་། དེས་བརྒྱ་ཆའི9.2ཟིན་ཡོད། ལྷག་མ་ཁྲག་རྒྱུད་འདྲེས་མའི་རིགས་ཀྱི་མི་འབོར་གྱིས་བརྒྱ་ཆའི3.3ཟིན་ནས་ཡོད། སིང་ཀ་ཕོར་གྱི་རྒྱ་རིགས་ནི་ཀྲུང་གོའི་ཧྥུ་ཅན་དང་ཀོང་ཏུང་། ཧའེ་ནན་སོགས་ནས་ཡོང་བ་ཡིན། ཁོ་ཚོའི་ཆོས་ལུགས་གཙོ་བོ་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་ལ། ཏའོ་ཅའོ་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཧིན་རྡུའི་ཆོས་ལུགས་སོགས་ལའང་དད།

2 མི་རིགས།

རིག་གནས་ཀྱི་ཁྱད་ཆོས་ཁོད་ཡངས་ཤིང་མངོན་པར་གསལ་བའི་སིང་ཀ་ཕོར་ནི་གཟི་མདངས་རྫོགས་མེད་ཅིག་གིས་བརྟས་འདུག་ལ། རིག་གནས་སྣ་མང་གིས་གྲུབ་པའི་སྤྱི་ཚོགས་ཧྲིལ་བོ་ནི་ཀུན་གྱིས་སྨོན་པ་འཆོར་ས་ཞིག་རེད། སིང་ཀ་ཕོར་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་འདུས་པའི་མི་རིགས་གང་མང་གིས་གྲུབ། རྒྱ་རིགས་དང་མ་ལའེ་རིགས། ཧིན་རྡུའི་རིགས། ཨོའུ་ཡ་རིགས་བཅས་འདི་བཞི་བོ་མ་གཏོགས། ད་དུང་གྲངས་ཉུང་མི་རིགས་གཞན་དག་ཀྱང་ཡོད། སིང་ཀ་ཕོར་ཀྱི་རིག་གནས་ས་ཁུལ་སོ་སོ་ནས་མི་རིགས་རང་གི་རིག་གནས་ཉམས་སུ་བླངས་ཆོག  རྒྱ་རིགས་ཀྱིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་སྤྱིའི་མི་གྲངས་གི་བརྒྱ་ཆའི74.1ཟིན་ལ། གནས་ཡུལ་མི་འདྲ་བ་བཅུ་ལྷག་ན་ཡོད། སིང་ཀ་ཕོར་གྱི་མ་ལའེ་རིགས་ནི་རིགས་རྒྱུད་ཆེན་པོ་ཨང་གཉིས་པ་ཡིན་ལ། དེས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི13.4ཟིན། ཧིན་རྡུའི་རིགས་ནི་སིང་ཀ་ཕོར་གྱི་རིགས་རྒྱུད་ཆེན་པོ་ཨང་གསུམ་པ་ཡིན་ལ། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི9.2ཟིན། ཨོའུ་ཡ་རིགས་ནི་སིང་ཀ་ཕོར་གྱི་གནའ་བོའི་སྡོད་དམངས་ཡིན་ལ། དེས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི་གཅིག་ཙམ་ལའང་མི་འབུད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།